您的位置:首页> 科普宣传 > >

患者进入“肿瘤康复期”,需要做哪些准备?

发布时间:2022-07-23 15:46:16 来源:西藏康城肿瘤医院 阅读:0
从每年的癌症数据也可以看出,虽然癌症患者逐年增加,但是癌症幸存者比例越来越高,意味着将会有更多的患者成功走出癌症治疗期,进入“康复期”。

“肿瘤康复期”这个用语在临床中并不存在,通常被患者们用来表示“治疗期”结束后的一段时期,尤其是治疗结束后的5年内。

这个时期患者们处于肿瘤治疗后身体缓慢恢复的阶段,同时还要接受癌症治疗后自身身体变化和社会交往角色的转变,更要面对定期复查、避免肿瘤复发以及其他各种未知情况。


ལོ་ལྟར་གྱི་སྐྲན་ནད་གྲངས་གཞི་ལས་སྐྲན་ནད་ཕོག་མཁན་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད་མོད།འོན་ཀྱང་སྐྲན་ནད་ལས་སྲོག་ཉེན་ལས་ཐར་མཁན་བསྡུར་གྲངས་དེ་བས་མང་དུ་འགྲོ་བ་དེ་ཐོག་ནས་ནད་པ་དེ་བས་མང་བ་སྐྲན་ནད་སྨན་བཅོས་ཀྱི་དུས་མཚམས་ནས་བདེ་བླག་ངང་ཐོན་པ་དང་དྲག་སྐྱེད་དུས་སྐབས་སུ་སླེབས་པ་མཐོང་ཐུབ།


སྐྲན་ནད་དྲག་སྐྱེད་དུས་སྐབས་ཞེས་པའི་ཐ་སྙད་འདི་ནད་ཐོག་ཏུ་མི་གནས་པས།རྒྱུན་པར་ནད་པ་རྣམས་ཀྱིས་སྨན་བཅོས་དུས་སྐབས་མཇུག་རྫོགས་རྗེས་ཀྱི་དུས་སྐབས་ཤིག་མཚོན་པ་དང་།ལྷག་པར་དུ་སྨན་བཅོས་མཇུག་རྫོགས་རྗེས་ཀྱི་ལོ་5ཡི་ནང་དུ་སྤྱོད་བཞིན་ཡོད།


དུས་སྐབས་འདིར་ནད་པ་རྣམས་སྐྲན་ནད་བྱུང་རྗེས་ལུས་ཕུང་དལ་གྱིས་སོས་པའི་དུས་རིམ་དུ་གནས་པ་དང་།དུས་མཚུངས་སུ་སྐྲན་ནད་སྨན་བཅོས་བྱས་རྗེས་རང་ཉིད་ཀྱི་ལུས་ཕུང་གི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་རྣམ་པར་འགྱུར་ལྡོག་འབྱུང་བཞིན་ཡོད་པས།དུས་བཅད་ལྟར་ཡང་བསྐྱར་བརྟག་དཔྱད་བྱས་ཏེ།སྐྲན་ནད་བསྐྱར་དུ་མི་འབྱུང་བ་དང་དེ་མིན་ཤེས་མེད་པའི་གནས་ཚུལ་སྣ་ཚོགས་ལ་དེ་བས་ཁ་གཏད་འཇལ་དགོས།







治疗后的身体状况

སྨན་བཅོས་བྱས་རྗེས་ཀྱི་གཟུགས་པོའི་གནས་ཚུལ་།








在治疗期间,患者都会遇到治疗副作用,有的轻有的重。结束治疗后,有些副作用并不会立马消失,还需经历一个逐渐恢复的过程;有些副作用在治疗结束后会伴随患者很长的时间,称为长期副作用;有些副作用甚至是结束治疗后一段时间才出现的,称为晚期副作用。因此,即使不需要继续接受治疗,副作用的管理仍然是康复期患者的一个重点关注内容。

སྨན་བཅོས་བྱེད་པའི་སྐབས་སུ།ནད་པ་ལ་ལར་སྨན་བཅོས་ཀྱི་ཞོར་སྐྱོན་འབྱུང་སླ་བ་དང་།ལ་ལར་ཡང་བ་དང་ལ་ལར་ལྗིད་མོ་འབྱུང་སྲིད། སྨན་བཅོས་མཇུག་རྫོགས་རྗེས།ཞོར་སྐྱོན་ཁ་ཤས་མྱུར་དུ་མེད་པར་འགྱུར་མི་སྲིད།རིམ་གྱིས་སླར་གསོ་བྱེད་པའི་གོ་རིམ་ཞིག་བརྒྱུད་དགོས། ཞོར་སྐྱོན་ལ་ལ་ཞིག་སྨན་བཅོས་མཇུག་རྫོགས་རྗེས་དུས་ཡུན་རིང་པོར་ནད་པར་ངལ་དུབ་གཏོང་སྲིད།དེ་ལ་ཡུན་རིང་གི་ཞོར་སྐྱོན་ཟེར། ཞོར་སྐྱོན་ཁ་ཤས་ཐ་ན་སྨན་བཅོས་མཇུག་སྒྲིལ་རྗེས་ཀྱི་དུས་ཚོད་ངེས་ཅན་ཞིག་གི་ནང་བྱུང་བ་རེད།དེར་དུས་མཇུག་གི་ཞོར་སྐྱོན་ཟེར། དེར་བརྟེན།མུ་མཐུད་དུ་སྨན་བཅོས་བྱ་མི་དགོས་པའི་དབང་དུ་བཏང་ནའང་།ཞོར་སྐྱོན་གྱི་དོ་དམ་ནི་སྔར་བཞིན་དྲག་སྐྱེད་དུས་སྐབས་ཀྱི་ནད་པའི་གཙོ་གནད་ཀྱི་དོ་སྣང་བྱ་ཡུལ་ཞིག་ཡིན།


NO.1

消化系统功能

འཇུ་བྱེད་མ་ལག་གི་ནུས་པ།





放化疗、手术等治疗会让患者出现食欲不佳、吞咽困难、消化功能下降等问题,在治疗结束后需要缓慢恢复。这个阶段除了要注意饮食易消化,还需做到膳食营养的全面补充,也可通过适当运动来加速消化功能的恢复。

རྫས་འགྱུར་སྨན་བཅོས་དང་གཤག་བཅོས་སོགས་བྱས་ན་ནད་པར་ཟས་ཀྱི་ཡི་ག་མི་བཟང་བ་དང་མིད་དཀའ་བ།འཇུ་བྱེད་ཀྱི་ནུས་པ་ཉམས་པ་སོགས་ཀྱི་གནད་དོན་འབྱུང་སྲིད་པས།སྨན་བཅོས་མཇུག་རྫོགས་རྗེས་དལ་མོར་སླར་གསོ་བྱེད་དགོས། དུས་རིམ་འདིར་བཟའ་བཏུང་ལ་དོ་སྣང་བྱེད་དགོས་པ་མ་ཟད།ད་དུང་བཟའ་བཏུང་གི་འཚོ་བཅུད་ཕྱོགས་ཡོངས་ནས་ཁ་གསབ་བྱེད་དགོས་པ་དང་།འགུལ་སྐྱོད་འོས་འཚམ་བྱས་པར་བརྟེན་ནས་འཇུ་བྱེད་ཀྱི་ནུས་པ་སླར་གསོ་བྱེད་མགྱོགས་སུ་གཏོང་དགོས།

NO.2

骨关节

རུས་ཚིགས  





某些化疗和内分泌药物的使用容易让患者面临骨质疏松的风险,因此,康复期的患者仍然需要充分补充钙和维生素D,同时在日常生活中避免跌倒和骨损伤的危险。

རྫས་འགྱུར་སྨན་བཅོས་དང་གསང་རྒྱུད་ཟགས་གཤེར་གྱི་སྨན་རྫས་ཁ་ཤས་བེད་སྤྱད་ན་ནད་པའི་རུས་པ་སོབ་པོར་འགྱུར་བའི་ཉེན་ཁ་འབྱུང་སླ་བས། དེར་བརྟེན།བསྐྱར་གསོའི་དུས་སྐབས་ཀྱི་ནད་པར་སྔར་བཞིན་ཀལ་དང་འཚོ་རྒྱུ་Dཁ་གསབ་གང་ལེགས་བྱེད་དགོས།དུས་མཚུངས་སུ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་འགྱེལ་བ་དང་རུས་པར་རྨས་སྐྱོན་ཕོག་པའི་ཉེན་ཁར་སྔོན་འགོག་བྱེད་དགོས།


NO.3

内分泌系统(激素水平)

གསང་རྒྱུད་ཟགས་གཤེར་མ་ལག  སྐུལ་རྩིའི་ཆུ་ཚད།





妇科肿瘤、乳腺癌的一些患者需要长期服用激素抑制药物,影响内分泌系统功能,可能会导致女性出现月经失调或完全停止。所以治疗结束后,一些年轻女性能够恢复,而一些女性会面临更年期提前的问题,需要患者们适应这个阶段身体的变化。

བུད་མེད་གི་སྐྲན་ནད་དང་ནུ་སྐྲན་གྱི་ནད་པ་ལ་ལར་དུས་ཡུན་རིང་པོར་སྐུལ་རྩིའི་ཚོད་འཛིན་སྨན་སྤྱད་ན་ནང་གི་ཟགས་ཐོན་མ་ལག་གི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པས་བུད་མེད་ལ་ཟླ་མཚན་དོ་མི་མཉམ་པའམ་ཡོངས་སུ་ཆད་པར་འགྱུར།དེའི་རྐྱེན་སྨན་བཅོས་མཇུག་རྫོགས་རྗེས།ན་གཞོན་བུད་མེད་ཁ་ཤས་སླར་གསོ་བྱེད་ཐུབ་པ་དང་།བུད་མེད་ཁ་ཤས་ལ་ལོ་ན་རྒས་པའི་སྔོན་གྱི་གནད་དོན་འཕྲད་སྲིད།ནད་པ་རྣམས་དུས་རིམ་འདིའི་ལུས་ཕུང་གི་འགྱུར་ལྡོག་ལ་གོམས་དགོས།


NO.4

淋巴水肿

རྨེན་བུའི་ཆུ་སྐྲངས 





许多乳腺癌和泌尿系统的肿瘤患者在手术后会出现淋巴水肿,主要是血液回流受阻、淋巴结清扫引起淋巴管道不顺畅导致组织液集中在组织间隙。随着血液和淋巴循环的恢复,淋巴水肿症状也会逐渐减轻,同时患者要注意不挤压患者肢体、不提重物。

ནུ་མའི་སྐྲན་དང་གཅིན་ལམ་གྱི་སྐྲན་ནད་མང་པོ་ཞིག་ལ་གཤགས་བཅོས་བྱས་རྗེས་རྨེན་བུའི་ཆུ་སྐྲངས་པ་འབྱུང་སྲིད།གཙོ་བོ་ནི་ཁྲག་རྒྱུན་འཁོར་རྒྱུག་ལ་བཀགག་འགོག་ཐེབས་པ་དང་རྨེན་མདུད་གཙང་སེལ་བྱས་པས་རྨེན་བུའི་སྦུ་གུ་མི་བདེ་བའི་དབང་གིས་ཕུང་གྲུབ་གཤེར་ཁུ་ཕུང་གྲུབ་བར་གསེང་དུ་འདུས་ཡོད། ཁྲག་དང་རྨེན་བུའི་འཁོར་སྐྱོད་སླར་གསོ་བྱུང་བ་དང་བསྟུན་ནས།རྨེན་བུའི་ཆུ་སྐྲངས་ཀྱི་ནད་རྟགས་ཡང་རིམ་གྱིས་ཇེ་ཡང་དུ་འགྲོ།དེ་དང་མཉམ་དུ་ནད་པའི་རྐང་ལག་ལ་བཙིར་གནོན་མི་བྱེད་པར་དངོས་པོ་ལྗིད་མོ་མི་གླེང་བར་བྱ་དགོས།


NO.5

周围神经病变

མཐའ་འཁོར་དབང་རྩའི་ནད་འགྱུར 





这种神经病变会让患者产生麻木、刺痛、疼痛、肌无力等症状。有些人会在治疗结束后的几个月或几年内康复,但有的人很难完全治愈,需要长期的管理。

另外,有些曾经就患有糖尿病、心脏病等慢性疾病,在经过癌症治疗后,可能会出现加重的情况,也要引起重视。

དབང་རྩའི་ནད་འགྱུར་འདིའི་རིགས་ཀྱིས་ནད་པར་སྦྲིད་པ་དང་ན་བ།ན་ཟུག་གཏོང་བ།ཤུགས་མེད་པ་སོགས་ཀྱི་ནད་རྟགས་འབྱུང་། མི་ལ་ལ་ཞིག་སྨན་བཅོས་མཇུག་རྫོགས་རྗེས་ཀྱི་ཟླ་ཤས་སམ་ཡང་ན་ལོ་འགའི་ནང་དུ་དྲག་སྐྱེད་འབྱུང་སྲིད་མོད།འོན་ཀྱང་མི་ལ་ལར་རྩ་བ་ནས་དྲག་སྐྱེད་འབྱུང་དཀའ་བས།དུས་ཡུན་རིང་པོར་དོ་དམ་བྱ་དགོས།





康复期的心理变化

དྲག་སྐྱེད་སྐབས་ཀྱི་སེམས་ཁམས་ཀྱི་འགྱུར་ལྡོག







01

担心癌症复发产生的焦虑

སྐྲན་ནད་ཡང་བསྐྱར་འབྱུང་བའི་སེམས་ཁྲལ།

这种情绪可能会伴随患者很长时间,或许微小的身体改变就会引起他们好几天的焦虑。这种敏感性并不代表他们内心脆弱,反而说明了对自己身体的爱惜。但是这种情绪长时间存在不利于疾病的恢复,应该积极调整,做一些积极的心理暗示,同时做好定期的复查。

སེམས་ཁམས་དེ་རིགས་ནད་པར་དུས་ཡུན་རིང་པོ་ཞིག་ཡོང་སྲིད་གི་ཡོད། ལུས་པོའི་འགྱུར་ལྡོག་ཆུང་ཆུང་གིས་ཁོ་ཚོའི་ཉིན་འགའི་སེམས་ཁྲལ་སློང་སྲིད།ཚོར་སྐྱེན་རང་བཞིན་འདིའི་རིགས་ཀྱིས་ཁོ་ཚོའི་ནང་སེམས་ཉམས་ཞན་ཡིན་པ་མཚོན་མི་ཐུབ་པར།དེ་ལས་ལྡོག་སྟེ་རང་གི་ལུས་ཕུང་ལ་གཅེས་སྤྲས་བྱེད་པ་གསལ་བཤད་བྱས་ཡོད། འོན་ཀྱང་དུས་ཡུན་རིང་པོར་ནད་གཞི་སླར་གསོ་བྱེད་པར་མི་ཕན་པའི་བསམ་ཚུལ་དེ་རིགས་ཡོད་པས།ཧུར་བརྩོན་གྱིས་ལེགས་སྒྲིག་བྱས་ཏེ་དགེ་མཚན་ལྡན་པའི་བསམ་པའི་ཐོག་ནས་ཟུར་སྟོན་བྱ་དགོས་པ་དང་ཆབས་ཅིག་དུས་བཀག་ལྟར་བསྐྱར་ཞིབ་ཡག་པོ་བྱ་དགོས།


02

副作用长期护理带来的疲惫

ཡུན་རིང་ཞོར་སྐྱོན་ལས་བྱུང་བའི་ངལ་དུབ།

与生病之前相比,康复期的患者需要应对长期的上述副作用护理,这个工作对他们来说似乎是额外增加的。所以时间长了,难免会有心烦意乱的时候,这时候可以与家人朋友交流排解,毕竟这些副作用会一天比一天轻。

ན་ཚ་མ་བྱུང་བའི་སྔོན་དང་བསྡུར་ན།ནད་གཞི་དྲག་སྐྱེད་བྱུང་བའི་དུས་ཀྱི་ནད་པར་དུས་ཡུན་རིང་པོའི་གོང་གསལ་གྱི་ཞོར་སྐྱོན་དང་ནད་གཡོག་བྱེད་དགོས་པས།ལས་ཀ་འདི་ཁོ་ཚོར་མཚོན་ན་ཚད་བརྒལ་བ་མང་དུ་སོང་བ་འདྲ། དེའི་རྐྱེན་གྱིས་དུས་ཚོད་རིང་པོ་སོང་ན།སེམས་སྡུག་ཡིད་གཡེང་གི་དུས་སྐབས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད།སྐབས་འདིར་ཁྱིམ་མི་དང་གྲོགས་པོ་དང་འབྲེལ་འདྲིས་བྱས་ནས་ཐག་གཅོད་བྱེད་ཆོག་གང་ལྟར་ཀྱང་ཞོར་སྐྱོན་འདི་དག་ཉིན་རེ་ལས་ཉིན་རེར་ཇེ་ཡང་དུ་འགྲོ་སྲིད།


03

频繁就医的心理压力

སྨན་བཅོས་ཡང་ཡང་བྱེད་པའི་བསམ་པའི་གནོན་ཤུགས 

康复期最大的压力应该出现在定期复查前和到医院就医时,而且这种就医不是一次两次,而是定期进行。患者仿佛在独自面对,其实不然,他们的家属、医生、病友们也不希望看到疾病复发,因此,找到一个心理支撑再去就医就会好很多。

ནད་སོས་སྐབས་ཀྱི་ཆེས་ཆེ་བའི་གནོན་ཤུགས་ནི་དུས་བཅད་ལྟར་ཡང་བསྐྱར་བརྟག་དཔྱད་མ་བྱས་སྔོན་དང་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་སྐབས།སྨན་པ་བསྟེན་པ་དེ་ནི་ཐེངས་གཅིག་གཉིས་ཙམ་མ་ཡིན་པར་དུས་བཅད་ལྟར་སྨན་བཅོས་བྱེད་པ་ཡིན། ནད་པས་རང་ཉིད་གཅིག་པུར་གདོང་གཏོད་བཞིན་ཡོད་པ་འདྲ།དོན་དངོས་དེ་འདྲ་མ་རེད ཁྱིམ་མི་དང་།སྨན་པ།ནད་གྲོགས་རྣམས་ཀྱིས་ཀྱང་ནད་གཞི་བསྐྱར་དུ་ལངས་རྒྱུའི་རེ་བ་བྱེད་ཀྱི་མེད།དེར་བརྟེན་སེམས་ཁམས་ཀྱི་འདེགས་སྐྱོར་ཞིག་རྙེད་ནས་ཡང་བསྐྱར་སྨན་པ་བསྟེན་ན་དེ་ལས་ཡག་པ་ཡོང་གི་རེད།


04

社会角色转变带来的自我否定

སྤྱི་ཚོགས་ཀྱི་འཁྲབ་བྱའི་མི་སྣའི་འགྱུར་ལྡོག་ལས་བྱུང་བའི་རང་ཉིད་ལ་དགག་པ་རྒྱག་པ།

癌症康复后,一些人回归工作,但很多人远离了原来的工作环境,甚至有很大一个群体没有固定收入。这些社会角色的转变会让他们感到迷茫,没有社会归属感,甚至自我否定。这种情绪比较危险,必要时可求助专业人士做心理干预。

སྐྲན་ནད་དྲག་སྐྱེད་བྱུང་རྗེས་མི་ཁག་གཅིག་ལས་གནས་ཐོག་ཕྱིར་ལོག་བྱེད་ཀྱི་ཡོད་མོད།འོན་ཀྱང་མི་མང་པོ་ཞིག་དེ་སྔའི་ལས་ཀའི་ཁོར་ཡུག་དང་ཐག་རིང་དུ་ཕྱིན་པ་མ་ཟད།ཐ་ན་མི་མང་པོ་ཞིག་ལ་གཏན་འཁེལ་ཀྱི་ཡོང་འབབ་གང་ཡང་མེད། སྤྱི་ཚོགས་ཀྱི་འཁྲབ་བྱའི་མི་སྣའི་འགྱུར་ལྡོག་ལས་ཁོ་ཚོར་མགོ་འཐོམས་སུ་འཇུག་པ་དང་།སྤྱི་ཚོགས་ཀྱི་ཁོངས་གཏོགས་བསམ་པ་མེད་པ།ཐ་ན་རང་ཉིད་ཀྱིས་རང་ཉིད་ཁས་མི་ལེན་པ་བཅས་བྱེད་སྲིད། བསམ་ཚུལ་དེ་རིགས་ནི་ཉེན་ཁ་ཅུང་ཆེ་བ་ཞིག་ཡིན་ཞིང་།དགོས་ངེས་སྐབས་ཆེད་ལས་མི་སྣས་སེམས་ཁམས་ལ་ཐེ་གཏོགས་བྱེད་དུ་བཅུག་དགོས། 


05

受到他人对自己看法的影响

མི་གཞན་གྱིས་རང་ཉིད་ལ་བཟུང་བའི་ལྟ་ཚུལ་གྱི་ཤུགས་རྐྱེན་ཐེབས་པ།

患者在康复期的交友圈似乎发了一些变化,与病友们交流密切了,或许与曾经的朋友沟通变少了。这与他人对癌症患者的看法有关,但这些并不都是恶意的,也有很多善意的关爱。无论如何,有倾诉、交流的对象就是能量正循环的表现。

没有完全相同的经历,每个人都有自己的方式去应对遇到的各种情绪,也请患者的家属和朋友多给他们耐心,因为调整需要时间。

ནད་པར་དྲག་སྐྱེད་བྱུང་བའི་དུས་ཀྱི་གྲོགས་ཚོགས་ལ་འགྱུར་ལྡོག་ཕྲན་བུ་བྱུང་ནས་ནད་གྲོགས་ཚོ་དང་སྐད་ཆ་ཤོད་རེས་དམ་ཟབ་བྱེད་ཀྱི་ཡོད་པས་དེ་སྔོན་གྱི་གྲོགས་པོ་དང་འབྲེལ་བ་བྱེད་ཉུང་དུ་ཕྱིན་ཡོད། དེ་ནི་མི་གཞན་གྱིས་སྐྲན་ནད་ཕོག་མཁན་ལ་འཛིན་པའི་ལྟ་སྟངས་དང་འབྲེལ་བ་ཡོད་མོད།འོན་ཀྱང་དེ་དག་ཚང་མ་ངན་སེམས་མིན་ལ་སེམས་བཟང་གི་བརྩེ་བ་ཡང་མང་པོ་ཡོད།  གང་ལྟར་ཀྱང་།སེམས་གཏམ་བཤད་ས་དང་འབྲེལ་འདྲིས་བྱེད་ས་ཡོད་པ་ནི་ནུས་ཚད་འཁོར་སྐྱོད་ཀྱི་མངོན་ཚུལ་ཡིན།

དེ་དང་ཡོངས་སུ་འདྲ་བའི་ཉམས་མྱོང་མེད་པར།མི་ཚང་མར་རང་ཉིད་ལ་འཕྲད་པའི་བསམ་ཚུལ་སྣ་ཚོགས་ལ་ཁ་གཏད་གཅོག་ཐབས་ཡོད་པ་མ་ཟད།ནད་པའི་ནང་མི་དང་གྲོགས་པོ་རྣམས་ཀྱི་ངང་རྒྱུད་རིང་ཙམ་བྱ་དགོསརྒྱུ་མཚན་ནི།ལེགས་སྒྲིག་བྱེད་པར་དུས་ཚོད་དགོས་པས་རེད།