您的位置:首页> 科普宣传 > >

怎么才能早期发现肝癌?

发布时间:2022-07-23 15:45:04 来源:西藏康城肿瘤医院 阅读:0




中国是全球肝癌情况最严重的国家之一。据统计,我国HCC(原发性肝癌)的发病和死亡例数占比分别占全球的54.6%和53.9%,我国以全球20%的人口认领了超过一半的肝癌患者。

肝癌,即发生在肝脏的恶性肿瘤,可分为原发性和继发性两大类。

原发性肝癌就是指本身起源于肝脏组织细胞的癌症,也就是说正常的肝脏组织细胞发生癌变,转化成癌症。

继发性肝癌是指肝脏部位原本没有肿瘤,由其他部位转移过来,多见于胃、胆道、胰腺、结直肠、卵巢、子宫、肺、乳腺等器官恶性肿瘤的肝转移。

ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་མཆིན་སྐྲན་གྱི་ཕོག་མཁན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན། བསྡོམས་རྩིས་བྱས་པར་གཞིགས་ན།རང་རྒྱལ་གྱི་HCCགདོད་འབྱུང་རང་བཞིན་གྱི་མཆིན་སྐྲན་ཡི་ནད་ཕོག་པ་དང་འཆི་བའི་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་54.6%དང་53.9%སོ་སོར་བཟུང་ཡོད།རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་20%ཡི་མི་འབོར་གྱིས་ཕྱེད་ཀ་ལས་བརྒལ་བའི་མཆིན་སྐྲན་ནད་པ་ངོས་འཛིན་རྩིས་ལེན་བྱས་པ་རེད།

དེ་ལ་གདོད་འབྱུང་རང་བཞིན་དང་མཐུད་འབྱུང་རང་བཞིན་རིགས་གཉིས་ཡོད།

གདོད་འབྱུང་རང་བཞིན་གྱི་མཆིན་སྐྲན་ནི་མཆིན་པའི་ཕུང་གྲུབ་ཀྱི་ཕྲ་ཕུང་ལས་བྱུང་བའི་སྐྲན་ནད་ལ་ཟེར།དེ་ཡང་རྒྱུན་ལྡན་གྱི་མཆིན་པའི་ཕུང་གྲུབ་ཀྱི་ཕྲ་ཕུང་སྐྲན་དུ་གྱུར་ནས་སྐྲན་ནད་དུ་གྱུར་པ་དེ་ཡིན།

མཐུད་འབྱུང་རང་བཞིན་གྱི་མཆིན་སྐྲན་ནི་མཆིན་པའི་གནས་སུ་མ་གཞི་སྐྲན་ནད་མེད་པ་དང་གནས་གཞན་དག་ནས་སྤོ་སྒྱུར་བྱས་པ་སྟེ།མང་ཆེ་བ་ཕོ་བ་དང་མཁྲིས་ལམ།གཤེར་མ།གཞང་དཀར་ནག་།བསམ་བསེའུ།བུ་སྣོད་།གློ་བ།ནུ་མ་སོགས་དབང་པོའི་སྐྲན་ནག་གི་མཆིན་པ་སྤོ་སྒྱུར་ཡིན།




肝 癌 的 病 因

མཆིན་སྐྲན་གྱི་ནད་རྐྱེན། 





原发性肝癌的病因及确切分子机制目前尚不明确,业界普遍认为是多因素、多步骤的复杂过程,一般受饮食和环境双重因素的影响。


有关流行病学及实验研究资料表明,乙型和丙型肝炎病毒感染、肝硬化、黄曲霉素、酒精、性激素、饮水污染、亚硝酸铵类物质等都和肝癌的发生有一定关系。


继发性肝癌可通过多种不同途径,比如随血液、淋巴液转移或直接浸润肝脏而形成疾病。

གདོད་འབྱུང་རང་བཞིན་གྱི་མཆིན་སྐྲན་གྱི་ནད་རྐྱེན་དང་དེ་བཞིན་ཆ་རྡུལ་ངོ་མའི་ནང་རྐྱེན་མིག་སྔར་ད་དུང་གསལ་པོ་མེད་པ་དང་།ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་རྒྱུ་རྐྱེན་མང་པོ་དང་གོ་རིམ་མང་བའི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་།སྤྱིར་བཏང་དུ་བཟའ་བཏུང་དང་ཁོར་ཡུག་གི་རྒྱུ་རྐྱེན་ཉིས་བརྩེགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད།


འབྲེལ་ཡོད་མཆེད་ནད་རིག་པ་དང་དངོས་བཤེར་ཞིབ་འཇུག་གི་དཔྱད་གཞི་ལས།ཁ་རིགས་ཁ་པའི་མཆིན་ཚད་ནད་དུག་རེད་པ་དང་།མཆིན་པ་སྲ་འགྱུར།ཧོང་ཆུས་རླམ་རྒྱུ།ཆང་བཅུད་།འཁྲིག་སྦྱོར་སྐུལ་རྩི།འཐུང་ཆུའི་སྦགས་བཙོགཡ་ཟེ་སྐྱུར་ཨན་རིགས་ཀྱི་དངོས་པོ་སོགས་ཚང་མ་མཆིན་སྐྲན་འབྱུང་བ་དང་འབྲེལ་བ་ངེས་ཅན་ཞིག་ཡོད།


མཐུད་འབྱུང་རང་བཞིན་གྱི་མཆིན་སྐྲན་ལ་ཐབས་ལམ་མི་འདྲ་བ་མང་པོ་བརྒྱུད་དེ་དཔེར་ན་ཁྲག་དང་རྨེན་བུའི་གཤེར་ཁུས་སྤོ་བའམ་ཡང་ན་ཐད་ཀར་མཆིན་པར་སྦོངས་རློན་བྱས་ནས་ནད་གཞི་གྲུབ་པ་རེད།



肝 癌 的 临 床 表 现

མཆིན་སྐྲན་གྱི་ནད་ཐོག་མངོན་ཚུལ། 





早期肝癌没有明显症状,而一旦出现较明显症状,往往预示着病情进展严重。


超过90%的肝癌患者一经诊断往往就是晚期甚至是终末期,这时候手术治疗很难给与患者较长的生存周期,使得肝癌的确诊后的五年存活率仅为10-12%,中晚期肝癌患者的五年存活率更是低至3%。

སྔ་དུས་མཆིན་སྐྲན་ལ་མངོན་གསལ་གྱི་ནད་རྟགས་མེད་པ་དང་།གལ་ཏེ་ཅུང་མངོན་གསལ་གྱི་ནད་རྟགས་བྱུང་ན།རྒྱུན་དུ་ནད་ཀྱི་གནས་ཚུལ་ཚབས་ཆེན་ཡིན་པ་སྔོན་བརྡ་གཏོང་བཞིན་ཡོད།


90%ལས་བརྒལ་བའི་མཆིན་སྐྲན་ནད་པ་ལ་བརྟག་དཔྱད་བྱས་མ་ཐག་མཇུག་མཐའི་དུས་སུ་སླེབས་པ་ཡིན།སྐབས་འདིར་གཤགས་བཅོས་གསོ་བཅོས་བྱས་ན་ནད་པ་ལ་དུས་ཡུན་ཅུང་རིང་བའི་འཚོ་གནས་དུས་འཁོར་སྟེར་དཀའ།དེ་ལས་མཆིན་པའི་སྐྲན་ལ་ངོས་འཛིན་བྱས་རྗེས་ཀྱི་ལོ་ལྔའི་ནང་གི་གསོན་ཚད་10%ནས་12%ལས་ཟིན་མེད།དུས་མཇུག་གི་མཆིན་སྐྲན་ནད་པའི་ལོ་5ཡི་ནང་གི་གསོན་ཚད་ནི་དེ་བས་3%ལས་ཟིན་མེད།


  原 发 性 肝 癌

གདོད་འབྱུང་རང་བཞིན་གྱི་མཆིན་སྐྲན


症 状

ནད་རྟགས

早期肝癌患者症状无特异性,不易觉察,到了中期时症状逐渐增多,常见的表现有:肝区疼痛、腹胀、纳差、乏力、消瘦,出现进行性肝大或上腹部包块等。


此外,部分患者可能有低热、黄疸、腹泻、上消化道出血等症状,也有些患者无明显症状或仅表现为转移灶的症状。 

སྔ་དུས་སུ་མཆིན་སྐྲན་གྱི་ནད་ལ་དམིགས་གསལ་གྱི་ནད་རྟགས་མེད་ལ།ཚོར་དཀའ་བས།དུས་འབྲིང་དུ་སླེབས་ཚེ་ནད་རྟགས་རིམ་གྱིས་མང་དུ་འགྲོ་བ་དང་།རྒྱུན་མཐོང་གི་མངོན་ཚུལ་ནི།མཆིན་པའི་ཁུལ་དུ་ན་ཟུག་དང་།གསུས་ཁོག་སྦོས་པ།ཆད་པ།ཤུགས་མེད་པ།ཤ་སྐམ་པ་བཅས་ཡིན་ལ།རང་བཞིན་གྱི་མཆིན་པ་ཆེ་བའམ་གྲོད་པའི་སྟེང་དུ་ཐུམ་རྡོག་འབྱུང་བ་སོགས་ཡིན།


གཞན་ཡང་ནད་པ་ཁ་ཤས་ལ་ཚ་བ་ཆུང་བ་རྒྱག་པ་དང་མཁྲིས་སེར།གྲོད་པ་བཤལ་བ།འཇུ་ལམ་ནས་ཁྲག་ཐོན་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད་ལ།ནད་པ་ཁ་ཤས་ལ་མངོན་གསལ་གྱི་ནད་རྟགས་མེད་པའམ་ཡང་ན་རྣམ་པ་ཙམ་ལས་སྤོ་སྒྱུར་ཀྱི་ནད་རྟགས་ལས་འབྱུང་མི་སྲིད།  


体  征

ལུས་པོའི་ཁྱད་རྟགས།

患者早期时体征变化多不明显,至中晚期时出现肝脏肿大、腹水和黄疸。


如果患者同时有肝硬化,常伴有肝掌、蜘蛛痣、下肢水肿等症状。

ནད་པའི་སྔ་དུས་སུ་ནད་འགྱུར་མངོན་གསལ་མིན་ལ།དུས་མཇུག་གི་དུས་སུ་མཆིན་པ་སྐྲངས་ཤིང་གསུས་ཆུ་དང་མཁྲིས་སེར་འབྱུང་བ་ཡིན།


གལ་ཏེ་ནད་པ་ལ་དུས་མཚུངས་སུ་མཆིན་པ་སྲ་འགྱུར་ཡོད་ན།རྒྱུན་དུ་མཆིན་སྡེར་དང་སྡོམ་སྨེ་སོགས་ཀྱི་ནད་རྟགས་ཡོད།

  继 发 性 肝 癌

མཐུད་འབྱུང་རང་བཞིན་མཆིན་སྐྲན 

一般来说,继发性型肝癌患者临床症状相对轻微,且病程发展较为隐蔽。


当肿瘤体积较小、数量较少时,继发性肝癌的症状以其他器官的原发性肿瘤所引起的症状为主要表现。 


比如结直肠癌的便血、肠梗塞、腹胀和消瘦;胃癌的腹痛、黑便;肺癌的咳嗽、胸痛和咳血等。


随着肝脏转移病灶的逐渐长大,病人可出现和原发性肝癌相似的临床表现,比如肝区疼痛、肝区肿块、消瘦、乏力、肝腹水等。

སྤྱིར་བཏང་དུ་མཐུད་འབྱུང་རང་བཞིན་གྱི་མཆིན་སྐྲན་ནད་པའི་ནད་ཐོག་གི་ནད་རྟགས་ཅུང་ཆུང་བ་མ་ཟད།ནད་ཀྱི་བརྒྱུད་རིམ་ཡང་ཅུང་མི་གསལ་བ་རེད།


སྐྲན་ནད་ཀྱི་བོངས་ཚད་ཅུང་ཆུང་ལ་གྲངས་ཀ་ཅུང་ཉུང་བའི་སྐབས་སུ།མཐུད་འབྱུང་རང་བཞིན་གྱི་མཆིན་སྐྲན་གྱི་ནད་རྟགས་ནི་དབང་པོ་གཞན་པའི་གདོད་འབྱུང་རང་བཞིན་གྱི་སྐྲན་ནད་ལས་བྱུང་བའི་ནད་རྟགས་གཙོ་བོ་ཡིན།  


དཔེར་ན།རྒྱུ་སྐྲན་གྱི་ཁྲག་བཤལ་བ་དང་རྒྱུ་མའགག་པ་དང་གསུས་སྦོས་དང་ཤ་སྐམ་པར་འགྱུར་བ། ཕོ་བའི་སྐྲན་གྱི་ཕོ་བ་ན་བ་དང་བཙོག་པ་ནག་པོ་ཆགས་པ། གློ་སྐྲན་གྱི་གློ་ལུ་བ།བྲང་ཁ་ན་བ་དང་ཁྲག་ལུ་བ་སོགས།

མཆིན་པ་སྤོ་བསྒྱུར་བྱེད་པའི་ནད་རིམ་གྱིས་ཆེ་རུ་འགྲོ་བ་དང་བསྟུན་ནས།ནད་པར་གདོད་འབྱུང་རང་བཞིན་གྱི་མཆིན་སྐྲན་དང་འདྲ་བའི་ནད་ཐོག་མངོན་ཚུལ་འབྱུང་བ་སྟེ།དཔེར་ན།མཆིན་པའི་ཁུལ་གྱི་ན་ཟུག་དང་།མཆིན་པ་ཁུལ་སྐྲངས་པ།ཤ་སྐམ་པ།ཤུགས་མེད་པ།མཆིན་པ་དང་གསུས་པའི་ཆུ་སོགས་ཡོད།


哪 些 人 是 肝 癌 的 高 危 群 体

མི་གང་དག་ནི་མཆིན་སྐྲན་གྱི་ཉེན་ཁ་ཆེ་བའི་ཚོགས་སྤྱི་རེད་དམ།




  • 有家族遗传史,家族中已有确诊肝癌患者;

  • 病毒性肝炎合并肝硬化患者;

  • 患有慢性肝炎病史5年以上(中老年人群风险更高);

  • 患有某些遗传代谢病,比如遗传性血色素沉着症等,会增加肝硬化和肝癌的发生风险;

  • 长期食用烟熏、腌腊、霉变、油炸等食品,这些食物中含有的黄曲霉素或亚硝酸盐,是诱发肝癌的重要因素;

  • 长期吸烟、重度酗酒者患肝癌风险更高。


  • ཁྱིམ་རྒྱུད་ལ་རྒྱུད་འཛིན་གྱི་ལོ་རྒྱུས་ཡོད་།ཁྱིམ་རྒྱུད་ནང་མཆིན་སྐྲན་གྱི་ནད་ཕོག་མཁན་ཡོད་པའི་ལོ་རྒྱུས་ཡོད་པ

  • ནད་དུག་རང་བཞིན་གྱི་མཆིན་ཚད་དང་མཆིན་པ་སྲ་འགྱུར་གྱི་ནད་པ།

  • དལ་གཤིས་མཆིན་ཚད་ཀྱི་ནད་བྱུང་ནས་ལོ5ཡན་ཆད་།རྒན་དར་མི་ཚོགས་ཀྱི་ཉེན་ཁ་དེ་བས་ཆེ

  • རྒྱུད་འདེད་ནད་རིགས་ཁ་ཤས་ཡོད་པ་དཔེར་ན་རྒྱུད་འདེད་རང་བཞིན་གྱི་ཁྲག་རྒྱུ་བརྟན་པོའི་ནད་སོགས་མཆིན་པ་སྲ་འགྱུར་དང་མཆིན་སྐྲན་བྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

  • དུས་ཡུན་རིང་བོར་དུ་བས་བདུག་པའམ་བསྙལ་བ།རུལ་བ།སྣུམ་བཙོས་སོགས་ཀྱི་ཟས་རིགས།ཟས་རིགས་འདི་དག་གི་ཁྲོད་དུ་ཧོང་ཆུས་རླམ་རྒྱུདང་ཟེ་སྐྱུར་ཚྭ་འདུས་ཡོད་པ་ནི་མཆིན་སྐྲན་སློང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།

  • དུས་ཡུན་རིང་པོའི་ནང་ཐ་མག་འཐེན་པ་དང་ཆང་རག་ཚབས་ཆེན་འཐུང་མཁན་ལ་མཆིན་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་དེ་བས་ཆེ་བ་ཡོད


肝 癌 如 何 才 能 早 发 现

མཆིན་སྐྲན་ཇི་ལྟར་བྱས་ན་སྔ་ཙམ་ནས་ཤེས་ཐུབ།

 




我国每年死于肝癌的约34.4万人,占世界肝癌死亡人数的55%,每一分多钟就会有一人死于肝癌。


高死亡率并不是肝癌最可怕的地方,最可怕的是早期肝癌很难发现,高危人群没有定期进行体检的习惯,很难早期发现。因此,需要:

རང་རྒྱལ་དུ་ལོ་རེར་མཆིན་སྐྲན་གྱིས་འཆི་བའི་མི་ཁྲི་34.4ཡོད་ལ།དེས་འཛམ་གླིང་གི་མཆིན་སྐྲན་ལས་འཆི་བའི་མི་གྲངས་ཀྱི་55%ཟིན།སྐར་མ་གཅིག་ལྷག་ཙམ་ནང་དུ་མི་གཅིག་མཆིན་སྐྲན་གྱིས་ཤི་གི་ཡོད།


འཆི་ཚད་མཐོ་བ་ནི་མཆིན་སྐྲན་གྱི་ཆེས་འཇིགས་སུ་རུང་བའི་གནས་ཤིག་མིན་ལ།ཆེས་འཇིགས་སུ་རུང་པ་ནི་སྔ་དུས་ཀྱི་མཆིན་སྐྲན་ཤེས་དཀའ་བ་འདི་ཡིན།ཉེན་ཁ་ཆེ་བའི་མི་ཚོགས་ལ་དུས་བཅད་ལྟར་ཞིབ་བཤེར་བྱེད་པའི་གོམས་གཤིས་མེད་པསསྔ་ཙམ་ནས་ཤེས་དཀའ། དེར་བརྟེན།


 密 切 关 注 身 体 情 况

གཟུགས་པོའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས།


肝癌早期症状常不明显,容易被我们忽视。


如果出现面色萎黄、阶段性消瘦、长时间纳差(即食量减少),进食后出现腹胀、气短、大便稀薄等症状,就应及时去正规医院检查诊治。

མཆིན་པའི་སྐྲན་གྱི་སྔ་དུས་ནད་རྟགས་མངོན་གསལ་མིན་པས།ང་ཚོས་སྣང་མེད་བྱེད་སླ་བ་ཡིན།


གལ་ཏེ་ངོ་མདོག་སེར་པོ་ཡིན་པ་དང་།དུས་རིམ་རང་བཞིན་གྱི་ཤ་སྐམ་པ།དུས་ཡུན་རིང་བོར་ཟ་མ་ཉུང་བ།ཟ་མ་ཟས་རྗེས་གསུས་སྦོས་པ་དང་དབུགས་ཐུང་བ།བཤང་བ་དཀོན་པ་སོགས་ཀྱི་ནད་རྟགས་བྱུང་ན་དུས་ཐོག་ཏུ་ཚད་ལྡན་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱ་དགོས།


 定 期 体 检

དུས་བཀག་ལྟར་ལུས་པོར་བརྟག་དཔྱད་བྱེད་པ


血 液 检 查

ཁྲག་བཤེར 

血清甲胎蛋白(AFP)是肝癌的标记物,如果检查结果数值过高,那么就要关注自己的肝脏问题了。

དྭངས་ཁྲག་ཀ་སྦྲུམ་སྤྲི་དཀར་(AFPནི་མཆིན་སྐྲན་གྱི་མཚོན་རྟགས་དངོས་པོ་ཡིན།གལ་ཏེ་བརྟག་དཔྱད་མཇུག་འབྲས་ཀྱི་གྲངས་ཚད་མཐོ་དྲགས་ན།རང་ཉིད་ཀྱི་མཆིན་པའི་གནད་དོན་ལ་དོ་སྣང་བྱེད་དགོས།

B 超 检 查

Bསྒྲའི་བརྟག་དཔྱད 

能显示出肿瘤的大小、形态以及所在部位,是进行肝癌筛查最有效手段之一。

སྐྲན་གྱི་ཆེ་ཆུང་དང་།རྣམ་པ།གནས་ཡུལ་བཅས་མངོན་ཐུབ་པས་དེ་ནི་མཆིན་སྐྲན་ལ་འཚག་བཤེར་བྱེད་པའི་ཆེས་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན།



总之,想要战胜肝癌,做到早发现和早诊断尤为关键,这对患者预后有着很重要的意义。

མདོར་ན།མཆིན་སྐྲན་ལས་རྒྱལ་བར་འདོད་ན།སྔ་ཙམ་ཤེས་པ་དང་སྔ་ཙམ་ནས་བརྟག་དཔྱད་བྱེད་ཐུབ་པར་བྱ་རྒྱུ་ནི་གནད་འགག་ཡིན།དེ་ནི་ནད་པའི་ནད་གཞུག་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན།