您的位置:首页> 科普宣传 > >

老年肿瘤患者除了治疗,还必须做好这件事

发布时间:2022-07-23 15:44:10 来源:西藏康城肿瘤医院 阅读:0
图片

癌症的发病率和死亡率都是随着人口的老龄化而上升的,老年肿瘤患者作为肿瘤患者中一个特殊的群体,正在不断扩大。

虽然老年肿瘤在本质上与其他年龄的肿瘤并没有差异,但由于老年人生理特点发生了变化,个体差异较大,基础疾病常常较多,因此老年恶行肿瘤的早期诊断往往比较隐匿,也给治疗带来了很多困难,尤其对于老年癌症晚期患者来说,他们除了身体上的痛苦,经济上的压力外,还存在着对死亡的恐惧、自我认同感低等精神需求无法得到满足等问题‍。

སྐྲན་ནད་ཕོག་ཚད་དང་འཆི་ཚད་ཚང་མའི་མི་འབོར་ནི་རྒན་རྒོན་ཅན་དུ་འགྱུར་བ་དང་བསྟུན་ནས་ཇེ་མཐོར་འགྲོ་བཞིན་ཡོད།སྐྲན་ནད་ཕོག་མཁན་རྒན་རྒོན་ནི་སྐྲན་ནད་ཕོག་མཁན་ཁྲོད་ཀྱི་ཚོགས་སྤྱི་དམིགས་བསལ་ཅན་ཞིག་ཡིན་པའི་ཆ་ནས།རྒྱུན་མི་ཆད་པར་ཇེ་མཐོར་འགྲོ་བཞིན་ཡོད།

རྒན་རྒོན་སྐྲན་ནད་ནི་ངོ་བོའི་སྟེང་ནས་གཞན་པའི་ལོ་ཚོད་ཀྱི་སྐྲན་ནད་དང་ཁྱད་པར་མེད་ནའང་། ཡིན་ནའང་རྒན་འཁོགས་ཀྱི་ལུས་ཁམས་ཀྱི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་བའི་དབང་གིས། དངོས་པོའི་བྱེ་བྲག་གི་ཁྱད་པར་ཅུང་ཆེ་ཞིང་། རྨང་གཞིའི་ནད་རིགས་རྒྱུན་པར་ཅུང་མང་།དེའི་རྐྱེན་གྱིས་རྒན་རྒོན་ལ་ཕོག་པའི་སྐྲན་ནག་སྔ་དུས་ཀྱི་བརྟག་དཔྱད་རྒྱུན་དུ་སྦས་གསང་དང་།སྨན་བཅོས་ལ་དཀའ་ངལ་ཡང་མང་པོ་བཟོས་ཀྱི་ཡོད་།ལྷག་པར་དུ་རྒན་རྒོན་སྐྲན་དུས་མཇུག་གི་ནད་པའི་ངོས་ནས་བཤད་ན་།ཁོ་ཚོར་ལུས་ཕུང་གི་སྡུག་བསྔལ་དང་།དཔལ་འབྱོར་ཐོག་གི་གནོན་ཤུགས་ཕུད་།ད་དུང་འཆི་བ་ལ་འཇིགས་སྣང་དང་།རང་ཉིད་ཀྱི་ངོས་འཛིན་གཅིག་མཐུན་མ་བྱུང་བ་སོགས་བསམ་པའི་དགོས་མཁོ་སྐོང་མི་ཐུབ་སོགས་ཀྱི་གནད་དོན་ཡོད།





老年肿瘤患者的主要特点

རྒན་རྒོན་ལ་སྐྲན་ནད་ཕོག་པའི་ཁྱད་ཆོས་གཙོ་བོ། 







01
发病率高

老年恶性肿瘤发病率较高,但发展相对缓慢。

02
临床症状复杂、不典型

由于老年人常常同时患有多种疾病,同一脏器也可能有不同性质的疾病,因此临床症状较为复杂、不典型,而肿瘤本身引起的症状常表现不突出。

03
男性发病率和死亡率高于女性

无论是恶性肿瘤的发病率还是死亡率,男性都略高于女性,这可能与男性的不良生活习惯、工作环境等有关。

04
在城乡之间分布存在差异

老年肿瘤的发病与地域也有一定的关系:城市地区与农村地区由于不同的生活环境、不同的生活方式,不同的经济状况,不同的医疗水平,恶性肿瘤的分布也有明显的不同。

05
更易出现心理问题

生理功能的衰退、社会角色的转变等影响老年人的心理状态,而老年肿瘤患者更易出现恐惧疾病、自我否定、孤独、失落、焦虑、抑郁等心理问题。

.ནད་འབྱུང་ཚད་མཐོ།

རྒན་རྒོན་སྐྲན་ནག་གི་ནད་འབྱུང་ཚད་ཅུང་མཐོ་ཞིང་འོན་ཀྱང་འཕེལ་རྒྱས་འགྲོ་བ་ཅུང་དལ།

.ནད་ཐོག་གི་ནད་རྟགས་རྙོག་འཛིང་ཆེ་བ་དང་དཔེར་མཚོན་མིན་པ།

རྒན་རྒོན་རྣམས་ནི་རྒྱུན་དུ་དུས་མཉམ་དུ་ནད་རིགས་སྣ་ཚོགས་འབྱུང་ཞིང་།ནང་ཁྲོལ་གཅིག་ལའང་ངོ་བོ་མི་འདྲ་བའི་ནད་རིགས་འབྱུང་སྲིད་པས།དེར་བརྟེན་ནད་ཐོག་སྨན་བཅོས་ཀྱི་ནད་རྟགས་ཅུང་རྙོག་འཛིང་ཆེ་བ་དང་དཔེ་མཚོན་མིན་པ་དང་སྐྲན་ནད་རང་ངོས་ལས་བྱུང་བའི་ནད་རྟགས་རྒྱུན་དུ་མངོན་གསལ་དོད་པོ་མེད།

.སྐྱེས་པའི་ནད་འབྱུང་ཚད་དང་འཆི་ཚད་དེ་བུད་མེད་ལས་མཐོ།

སྐྲན་ནག་འབྱུང་ཚད་དང་འཆི་ཚད་གང་ཡིན་རུང་།སྐྱེས་པ་ཚང་མ་བུད་མེད་ལས་མཐོ་བ་རེད།འདི་ཕལ་ཆེར་སྐྱེས་པའི་འཚོ་བའི་གོམས་གཤིས་ངན་པ་དང་ལས་ཀའི་ཁོར་ཡུག་སོགས་དང་འབྲེལ་བ་ཡོད་པ་རེད།

.གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱབ་པའི་ཁྱད་པར་ཡོད།

རྒན་རྒོན་སྐྲན་ནད་འབྱུང་བ་འདི་ས་ཁོངས་བར་དུ་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད།གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་དུ་འཚོ་བའི་ཁོར་ཡུག་མི་འདྲ་བ་དང་།འཚོ་བ་སྐྱེལ་སྟངས་མི་འདྲ་བ།དཔལ་འབྱོར་གྱི་གནས་ཚུལ་མི་འདྲ་བ།སྨན་བཅོས་ཀྱི་ཆུ་ཚད་མི་འདྲ་བ།སྐྲན་ནག་གི་ཁྱབ་ཚུལ་ཡང་མི་འདྲ་བ་མངོན་གསལ་ཡིན།

.སེམས་ཁམས་ཀྱི་གནད་དོན་དེ་བས་འབྱུང་སླ།

ལུས་ཁམས་ཀྱི་བྱེད་ནུས་ཉམས་པ།སྤྱི་ཚོགས་ཀྱི་གནས་བབ་ལ་འགྱུར་ལྡོག་བྱུང་བ་སོགས་ཀྱིས་རྒན་རྒོན་ཚོའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་སླ་བ་མ་ཟད།སྐྲན་ནད་ཕོག་མཁན་རྒན་རྒོན་ལ་འཇིགས་སྣང་གི་ནད་དང་།ཁེར་རྐྱང་།ཡིད་ཆད་པ།སེམས་ཁྲལ།སྐྱོ་སྣང་སོགས་ཀྱི་སེམས་ཁམས་གནད་དོན་འབྱུང་སླ།





老年肿瘤患者自我管理的几点建议

སྐྲན་ནད་ཕོག་མཁན་རྒན་རྒོན་ལ་རང་གིས་རང་ལ་དོ་དམ་བྱེད་པའི་བསམ་འཆར་འགའ།







01
营养(粮草供给)方面

——温暖饮食,不刺激;

——食物柔软、易消化;

——细嚼慢咽,促吸收;

——合理搭配,样数多;

——少糖少油,负担小。(尤其是肉汤——实际上就是水、盐和动物油的混合物,年龄大的朋友不要靠喝汤来补身体,肉汤还是要少喝或者不喝。)

འཚོ་བཅུད་འབྲུ་རིགས་མཁོ་སྤྲོད་ཐད་།

དྲོད་ཚད།--དྲོ་ཚད་ཡོད་པའི་བཟའ་བཏུང་གིས་ཟུག་གཟེར་མི་ཐེབས།

མཉེན་པོ།-ཟས་རིགས་མཉེན་པོ་ཟས་ན་འཇུ་སླ་བ་ཡིན།

དལ་པོ།--དལ་བལྡབས་དལ་མིད་ངང་ཟས་ཟ་བ།

མང་པོ།--ལུགས་མཐུན་སྡེབ་སྒྲིག་དང་།སྣ་ཀ་མང་བ།

ཉུང་བ།--མངར་ཆ་ཉུང་ལ་སྣུམ་ཉུང་བ། ཁུར་པོ་ཆུང་བ། ལྷག་པར་དུ་ཤ་ཁུ--དོན་དངོས་ཐོག་ཆུ་དང་།ཚྭ།སྲོག་ཆགས་ཀྱི་སྣུམ་བཅས་མཉམ་བསྲེས་བྱས་པའི་དངོས་རྫས་ཤིག་རེད།ལོ་ན་ཆེ་བའི་གྲོགས་པོ་ཚོས་ཐང་འཐུང་བར་བརྟེན་ནས་ལུས་པོར་ཁ་གསབ་བྱེད་མི་རུང་བ་དང་།ཤའི་ཁུ་བ་ཉུང་ཙམ་འཐུང་བའམ་ཡང་ན་མི་འཐུང་བ་བྱ་དགོས།



图片

02
情绪与认知方面

首先,心态平和,转移注意力,学会自我调整。可以通过不断学习新知识、新技能,培养一两个长期坚持的兴趣爱好(摄影、书法、绘画、音乐、手工……)来转移注意力;还要学会科学就医,规范合理用药,不信偏方


其次,如果有积极的心得体会,要学会与人分享,融入集体,多与病友群交流。


最后家庭关怀,亲友的陪伴,社会支持,都很重要,如果身体条件允许,也可以从事自己擅长和喜欢的社会工作,回归社会,不把自己当成病人——是很多“带瘤生存”质量很高的病人分享的心得。

༢.སེམས་ཁམས་དང་ཤེས་རྟོགས་ཀྱི་ཐད།

ཐོག་མར།སེམས་ཁམས་ལྷོད་ལ་བབས་ནས།དོ་སྣང་བྱེད་ཡུལ་བསྒྱུར་བ།རང་ཉིད་སྙོམ་སྒྲིག་བྱེད་ཤེས་པ་བཅས་བྱེད་དགོས། རྒྱུན་མི་ཆད་པར་ཤེས་བྱ་གསར་པ་དང་ནུས་རྩལ་གསར་པ་སློབ་སྦྱོང་བྱས་ཏེ།དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་པའི་སྤྲོ་སྣང་གི་དགའ་ཕྱོགས་རེ་གཉིས་ཙམ་གསོ་སྐྱོང་བྱས་ཏེ།པར་ལེན་དང་།ཡིག་གཟུགས་འབྲི་བ།རི་མོ་འབྲི་བ།རོལ་དབྱངས།ལག་ཤེས་སོགས་དོ་སྣང་བྱེད་ཡུལ་བསྒྱུར་དགོས། ད་དུང་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་པ་བསྟེན་པ་དང་།ལུགས་མཐུན་གྱི་སྨན་བསྟེན་པ།ཕྱོགས་རིས་ལ་ཡིད་མི་ཆེད་པ།

གལ་ཏེ་དགེ་མཚན་ལྡན་པའི་སེམས་ཀྱི་མྱོང་ཚོར་ཡོད་ན།མི་གཞན་དང་མཉམ་སྤྱོད་བྱས་ཏེ།ཐུན་མོང་དུ་འདྲེས་པར་བྱ་དགོས། ནད་གྲོགས་ཚོགས་པ་དང་འབྲེལ་འདྲིས་མང་ཙམ་བྱ་དགོས། 

མཇུ་ཏུ།ཁྱིམ་ཚང་གི་ཐུགས་ཁུར་དང་།གཉེན་ཉེ་དང་གྲོགས་པོས་རོགས་རམ།སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བཅས་ཚང་མ་ཧ་ཅང་གལ་ཆེན་ཡིན།གལ་ཏེ་གཟུགས་པོའི་ཆ་རྐྱེན་འཛོམས་ཚེ་རང་ཉིད་དགའ་པོ་ཡོད་པའི་སྤྱི་ཚོགས་ཀྱི་ལས་ཀ་བྱས་ནས་སྤྱི་ཚོགས་ཐོག་ཕྱིར་ལོག་བྱས་ཏེ་རང་ཉིད་ནད་པར་མི་བརྩི་བ་།སྐྲན་འཁྱེར་ནས་འཚོ་གནས་བྱེད་པ་སྤུས་ཚད་མཐོ་བའི་ནད་པ་མང་པོ་ཞིག་གིས་མཉམ་སྤྱོད་བྱེད་པའི་མྱོང་ཚོར་ཞིག་རེད།



图片

03
运动方面ལུས་རྩལ་གྱི་ཐད།

运动的好处不赘述。但是,老年人本身就由于骨质疏松、关节疾患、心肺功能不全等,导致很多运动都受限,所以,“运动处方”是需要专业人士开具的,常常由康复科、骨伤科医生根据每个病人的具体情况,进行个性化的指导,但运动总的原则就是选择适合自己的,循序渐进,能够坚持的,如散步、游泳、太极拳。

ལུས་རྩལ་གྱི་དགེ་མཚན་ཡོད་ལུགས་མི་བཤད། འོན་ཀྱང་རྒན་རྒོན་རང་ཉིད་ལ་རུས་རྒྱུ་སབ་སོབ་ནད་།རུས་ཚིགས་ནད་བྱུང་བ།སྙིང་དང་གློ་བའི་ནུས་པ་ཞན་པ་སོགས་ཀྱི་རྐྱེན་གྱིས། ལུས་རྩལ་མང་པོ་ཞིག་ལ་བཀག་རྒྱ་ཐེབས་པར་བརྟེན།ལུས་རྩལ་སྐོར་གྱི་སྨན་ཐོ་ནི་ཆེད་ལས་མི་སྣར་འབྲི་དགོས་ཤིང་།རྒྱུན་དུ་ལུས་གསོའི་ཚན་ཁག་དང་རུས་ནད་ཚན་ཁག་གི་སྨན་པས་ནད་པ་རེ་རེའི་གནས་ཚུལ་དངོས་ལ་གཞིགས་ནས་རང་གཤིས་ཅན་གྱི་མཛུབ་སྟོན་བྱེད་གྱི་ཡོད།འོན་ཀྱང་ལུས་རྩལ་གྱི་སྤྱིའི་རྩ་དོན་ནི་རང་ཉིད་ལ་འཚམ་པ་དང་།གོམ་པ་རིམ་བགྲོད་ཀྱིས་སྦྱོང་བརྡར་བྱེད་པ།རྒྱུན་འཁྱོངས་བྱེད་ཐུབ་པ།དཔེར་ན།འཆམ་འཆམ་དུ་འགྲོ་བ་དང་།ཆུ་རྐྱལ་བྱེད་པ།ཐའེ་ཅི་ཆོན་རྒྱག་པ་སོགས་རེད།

图片

04
合理用药སྨན་བེད་སྤྱོད་ལུགས་མཐུན་བྱ་དགོས།

做好健康档案,聪明就医,提高效率。

བདེ་ཐང་གི་ཡིག་ཚགས་བཟོས་ཏེ་སྤྱང་གྲུང་ལྡན་པའི་ངང་སྨན་བཅོས་བྱས་ནས་ལས་ཆོད་ཆེ་རུ་གཏོང་དགོས།


开头就说了,老年人的特点就是基础疾病复杂,多病共存。病人如果再有认知功能减退,就更容易混淆,也对医生分析病情变化和指导用药造成阻碍。因此,明智的做法,就是做好记录,也可以请家人、晚辈帮忙,或者联系社区的家庭医生,这里列出一个表格,大家可以参考一下,带着这样的健康档案来就诊,肯定事半功倍!

ཐོག་མར་བཤད་པ་བརྟར།རྒན་རྒོན་གྱི་ཁྱད་ཆོས་ནི་རྨང་གཞིའི་ནད་རིགས་རྙོག་འཛིང་ཆེ་བ་དང་།ནད་རིགས་མང་པོ་མཉམ་གནས་བྱེད་པ་དེ་ཡིན། གལ་ཏེ་ནད་པ་ད་དུང་ཤེས་རྟོགས་ཀྱི་ནུས་པ་ཞན་དུ་སོང་ཚེ་མཉམ་བསྲེས་བྱེད་སླ་བ་མ་ཟད།སྨན་པས་ནད་ཀྱི་འགྱུར་ལྡོག་ལ་དབྱེ་ཞིབ་དང་སྨན་བསྟེན་པར་བཀག་འགོག་བྱེད་སྲིད། དེར་བརྟེན།བློ་གྲོས་ལྡན་པའི་བྱེད་ཐབས་ནི་ཟིན་ཐོར་འགོད་རྒྱུ་དེ་ཡིན་ལ།ཁྱིམ་མིར་རོགས་རམ་བྱེད་རོགས་ཞུས་ཆོག་པའམ་ཡང་ན་སྡེ་ཁུལ་གྱི་ཁྱིམ་ཚང་སྨན་པ་དང་འབྲེལ་གཏུག་བྱས་ཆོག་འདིར་རེའུ་མིག་ཅིག་བཀོད་ཡོད་པས།ཚང་མས་བདེ་ཐང་གི་ཡིག་ཚགས་འདི་འདྲ་འཁྱེར་ནས་སྨན་པ་བསྟེན་ན་ཕན་ཆེ།

图片


每个家庭都有老年人,每个人都会老去,“老吾老以及人之老”,关心身边的老年人,任何时候都不晚,想想我们给与的是不是老年人想要的?养成良好的生活习惯,为健康地老去做准备,任何时候开始都不嫌早,让自己的一生充实而不留遗憾。

ཁྱིམ་ཚང་ཚང་མར་རྒན་རྒོན་ཡོད་པས།ང་ཚོ་མི་ཚང་མ་རྒས་འགྲོ་གི་ཡོད།དེར་བརྟེན་ཉེ་འགྲམ་གྱི་རྒན་རྒོན་ལ་སེམས་ཁུར་བྱེད་དགོས་།ག་དུས་ཡིན་རུང་ཕྱི་མི་སྲིད།ང་ཚོས་བྱིན་པ་དེ་ནི་རྒན་རྒོན་ལ་དགོས་འདོད་ཡོད་མེད་ལ་བསམ་བློ་གཏོང་དགོས། འཚོ་བའི་གོམས་གཤིས་ཡག་པོ་ཆགས་པ་བྱས་ནས་བདེ་ཐང་ངང་རྒས་པར་གྲ་སྒྲིག་བྱེད་པ་དང་ག་དུས་ཡིན་རུང་སྔ་དྲགས་པར་མི་བསམ་པར་རང་ཉིད་ཀྱི་མི་ཚེ་གང་པོ་ཕུན་སུམ་ཚོགས་སུ་གཏོང་བ་ལས་འགྱོད་པ་མི་སྐྱེ་བ་བྱེད་དགོས།