您的位置:首页> 科普宣传 > >

癌前病变的这8种情况要高度警惕‍

发布时间:2022-07-23 15:48:35 来源:西藏康城肿瘤医院 阅读:0
图片

癌前病变有很多

这8种情况要高度警惕‍

སྐྲན་ནད་སྔོན་གྱི་ནད་འགྱུར་མང་པོ་ཡོད།

གནས་ཚུལ་དེ་རིགས་༨ཡོད་ན་ཚད་མཐོའི་དོགས་ཟོན་བྱ་དགོས།


图片

图片


目前有很多病变都是疑似癌前病变,而这8种常见的情况要高度警惕——

མིག་སྔར་ནད་འགྱུར་མང་པོ་ཞིག་ནི་སྐྲན་ནད་སྔོན་གྱི་ནད་འགྱུར་དང་འདྲ་བ་རེད།འོན་ཀྱང་རྒྱུན་མཐོང་གི་གནས་ཚུལ་འདི་བརྒྱད་ལ་ཚད་མཐོའི་དོགས་ཟོན་བྱེད་དགོས།


01

黏膜白斑


黏膜白斑是一种上皮异常增生的癌前损害特征,常见的有口腔、食管、阴茎、外阴和宫颈处的白斑等。


▫干预方法:


发现异常的黏膜白斑,最好到医院及时检查。

འབྱར་སྐྱིའི་དཀར་ཁྲ།

འབྱར་སྐྱིའི་དཀར་ཁྲ་ནི་སྟེང་པགས་ཀྱི་རྒྱུན་ལྡན་མིན་པར་འཕར་སྣོན་བྱུང་བའི་སྐྲན་ནད་སྔོན་གྱི་གནོད་སྐྱོན་ཁྱད་ཆོས་ཤིག་ཡིན།རྒྱུན་མཐོང་ལ་ཁ་དང་མིད་པ།ཕོ་མཚན།མཚན་ཕྱི་དང་མངལ་སྐེ་སོགས་ཀྱི་དཀར་ཁྲ་ཡོད།

ཐེ་གཏོགས་བྱེད་ཐབས།

རྒྱུན་ལྡན་མིན་པའི་འབྱར་སྐྱིའི་དཀར་ཁྲ་མཐོང་ཚེ་སྨན་ཁང་དུ་སོང་ནས་དུས་ཐོག་ཏུ་བརྟག་དཔྱད་བྱེད་དགོས།



02

慢性萎缩性胃炎


慢性萎缩性胃炎通过胃镜及黏膜活检可以确诊,只要在慢性期及时接受正规治疗,通常不会癌变。


▫干预方法:


1. 检查:推荐浅表性胃炎每3年查一次胃镜,慢性萎缩性胃炎每1~2年查一次胃镜,并积极治疗。检测幽门螺杆菌,视情况进行规范的抗幽门螺杆菌治疗。


2. 戒烟酒:萎缩性胃炎的严重程度和吸烟、饮酒正相关。


3. 规律饮食:饮食要细嚼慢咽、少吃腌制食品、不要暴饮暴食、不吃辛辣霉变食物。

དལ་གཤིས་རྙིད་འཁུམ་ཕོ་ཚད 

དལ་གཤིས་རྙིད་འཁུམ་རང་བཞིན་གྱི་ཕོ་བའི་གཉན་ཚད་ཕོ་ཤེལ་དང་འབྱར་སྐྱི་གསོན་བཤེར་ལ་བརྟེན་ནས་གཏན་འཁེལ་བྱེད་ཐུབ།དལ་བའི་རང་བཞིན་གྱི་སྐབས་སུ་དུས་ལྟར་ཚད་ལྡན་གྱི་སྨན་བཅོས་དང་ལེན་བྱས་ན་རྒྱུན་དུ་སྐྲན་ལ་འགྱུར་མི་སྲིད།

ཐེ་གཏོགས་བྱེད་ཐབས།

.བརྟག་དཔྱད།སྟེང་ངོས་ཕོ་ཚད་དེ་ལོ་3རེར་ཕོ་ཤེལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་དང་།དལ་གཤིས་རྙིད་འཁུམ་ཕོ་ཚདདེ་ལོ་1-2བར་ཕོ་ཤེལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་མ་ཟད།ཧུར་བརྩོན་གྱིས་སྨན་བཅོས་བྱེད་དགོས། ཕོ་བའི་དོན་སྒོའི་དུང་འཁྱིལ་ནར་སྲིན་བཤེར་འཇལ་བྱས་ཏེ།གནས་ཚུལ་ལ་བལྟས་ནས་ཚད་ལྡན་གྱི་ཕོ་བའི་དོན་སྒོའི་དུང་འཁྱིལ་ནར་སྲིན་གྱིས་སྨན་བཅོས་བྱེད་དགོས།

.ཐ་མག་གཅོད་ཐབས།ཁུམ་པའི་རང་བཞིན་གྱི་ཕོ་བའི་གཉན་ཚད་ཚབས་ཆེ་ཆུང་ནི་ཐ་མག་འཐེན་པ་དང་ཆང་རག་འཐུང་བ་དང་འབྲེལ་བ་ཡོད།

.བཟའ་བཏུང་ལ་ཞིབ་བལྡད་དལ་མིད་དང་བསྙལ་བཟོས་ཟས་རིགས་ཉུང་ཙམ་ཟ་བ།བག་མེད་ཟ་འཐུང་མི་བྱེད་པ།ཁ་ཚ་བའི་ཟས་རིགས་མི་ཟ་བ་བཅས་བྱེད་དགོས།



03

宫颈糜烂样改变

图片


大部分的“宫颈糜烂样改变”是宫颈管柱状上皮产生异位,极少部分是宫颈癌或癌前病变所导致。


▫干预方法:


如果通过科学的手段诊断出是由宫颈管柱状上皮异位所导致,则属于正常现象,不需要进行治疗;如果诊断出合并有炎症,则需按照炎症进行相关治疗;如果诊断出是病理性的改变或癌前病变,则需及时前往正规医院进行就诊。

མངལ་སྐེ་རུལ་མྱགབཟོ་ལྟ་འགྱུར་བ།

མང་ཆེ་བའི་མངལ་སྐེ་རུལ་མྱགབཟོ་ལྟ་འགྱུར་བ་ནི་མངལ་སྐེ་སྦུ་གུའི་ཀ་དབྱིབས་ཀྱི་པགས་པའི་གནས་གཞན་འབྱུང་བ་དང་།ཆེས་ཉུང་བའི་ཆ་ཤས་ནི་མངལ་སྐེ་སྐྲན་དང་སྐྲན་སྔོན་གྱི་ནད་འགྱུར་ལས་བཟོས་པ་ཡིན།

ཐེ་གཏོགས་བྱེད་ཐབས།

གལ་ཏེ་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་བརྟག་དཔྱད་བྱས་ན་མངལ་སྐེ་སྦུ་གུའི་ཀ་དབྱིབས་ཀྱི་པགས་པའི་གནས་གཞན་འབྱུང་ཡིན་ན།དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས་སྨན་བཅོས་བྱ་མི་དགོས། གལ་ཏེ་མཉམ་དུ་གཉན་ཚད་ཡོད་ན།གཉན་ཚད་ལྟར་འབྲེལ་ཡོད་ཀྱི་སྨན་བཅོས་བྱེད་དགོས། གལ་ཏེ་ནད་ལུགས་རང་བཞིན་གྱི་འགྱུར་ལྡོག་དང་སྐྲན་ནད་སྔོན་གྱི་ནད་འགྱུར་ཡིན་ཚེ་དུས་ལྟར་ཚད་ལྡན་སྨན་ཁང་དུ་སོང་ནས་སྨན་པར་སྟོན་དགོས།



04

肠道息肉


尤其是患者有结直肠息肉,而且有家族遗传性,这种情况也是有出现癌变的可能性的。


▫干预方法:


目前,肠镜检查依然是诊断结直肠癌的金标准。


对于一般风险人群,推荐从45~50岁开始进行肠镜检查,如果镜下未见到病变,以后可每10年复查一次。


对于高危患者,推荐从40岁就应开始进行肠镜检查。


另外,长期慢性的溃疡性结肠炎也有可能会导致黏膜增生癌变,应积极进行治疗。

རྒྱུ་མའི་ཤ་ལུ 

ལྷག་པར་དུ་ནད་པར་གཞང་དཀར་ནག་གི་ཤ་ལུ་ཡོད་པ་མ་ཟད།ཁྱིམ་རྒྱུད་ཀྱི་རྒྱུད་འདེད་རང་བཞིན་ཡང་ཡོད་མཁན། གནས་ཚུལ་འདི་རིགས་སྐྲན་ལ་འགྱུར་བའི་ཉེན་ཁ་ཡོད།

ཐེ་གཏོགས་བྱེད་ཐབས།

མིག་སྔར།རྒྱུ་ཤེལ་བརྟག་དཔྱད་ནི་སྔར་བཞིན་རྒྱུ་མའི་སྐྲན་ལ་བརྟག་དཔྱད་བྱེད་པའི་བྱེད་ཐབས་ཡག་ཤོས་ཡིན།

སྤྱིར་བཏང་གི་ཉེན་ཁའི་མི་ཚོགས་ལ་ཆ་མཚོན་ན།ལོ45-50ནས་མགོ་བརྩམས་ཏེ་རྒྱུ་ཤེལ་བརྟག་དཔྱད་བྱེད་དགོས།གལ་ཏེ་ཤེལ་འོག་ཏུ་ནད་འགྱུར་མ་མཐོང་ན།ཕྱིས་སུ་ལོ10རེའི་ནང་དུ་ཡང་བསྐྱར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས།

ཉེན་ཁ་ཆེ་བའི་ནད་པར་ལོ་བཞི་བཅུ་ནས་མགོ་བརྩམས་ཏེ་རྒྱུ་ཤེལ་བརྟག་དཔྱད་བྱེད་དགོས།

གཞན་ཡང་དུས་ཡུན་རིང་པོར་དལ་བའི་རང་བཞིན་གྱི་རལ་ཟགས་རང་བཞིན་གྱི་རྒྱུ་མའི་གཉན་ཚད་ཀྱིས་ཀྱང་འབྱར་སྐྱི་འཕར་སྣོན་བྱུང་ནས་སྐྲན་འགྱུར་སྲིད་པས་ཧུར་ཐག་གིས་སྨན་བཅོས་བྱེད་དགོས།


05

肝硬化



中国是一个隐形肝炎感染发生率非常高的一个国家,比如乙型肝炎、丙型肝炎等。


如果感染肝炎迁延不愈的话,后面就有可能会发展成肝硬化,有一部分病人可能就会出现癌变,变成肝癌。


▫干预方法:


1.检查:乙肝肝硬化的病人,最好每3个月~半年体检一次,主要查肝脏B超和甲胎蛋白。


2. 积极治疗:得了肝炎要积极进行治疗,如果发展成肝硬化,也要及时接受规范的治疗。


3. 戒烟限酒,避免过劳。

མཆིན་པ་སྲ་འགྱུར།

ཀྲུང་གོ་ནི་མངོན་མེད་མཆིན་ཚད་འགོས་ཚད་ཧ་ཅང་མཐོ་བའི་རྒྱལ་ཁབ་ཅིག་ཡིན།དཔེར་ན།མཆིན་ཚད་ཁ་པ།མཆིན་ཚད་ག་པསོགས་ལྟ་བུ།

མཆིན་ཚད་འགོས་ནས་ཡུན་རིང་དྲག་སྐྱེས་མ་འབྱུང་ན་རྗེས་སུ་མཆིན་པ་སྲ་འགྱུར་དུ་འགྱུར་སྲིད་པ་དང་།ནད་པ་ཁག་ཅིག་སྐྲན་དུ་འགྱུར་སྲིད་པ་དང་མཆིན་སྐྲན་དུ་འགྱུར་སྲིད།

ཐེ་གཏོགས་བྱེད་ཐབས།

.བརྟག་དཔྱད།མཆིན་ནད་ཁ་པའི་མཆིན་པ་སྲ་འགྱུར་གྱི་ནད་པར་ཟླ་གསུམ་ཡང་ན་ལོ་ཕྱེད་རེར་བརྟག་དཔྱད་ཐེངས་རེ་བྱས་ན་ལེགས།གཙོ་བོ་མཆིན་པའི་Bསྒྲ་བརྟག་དཔྱད་དང་ཀ་སྦྲུམ་སྤྲི་དཀར་ལ་བརྟག་དཔྱད་བྱེད་དགོས།

.མཆིན་ཚད་ཕོག་པར་ཧུར་བརྩོན་གྱིས་སྨན་བཅོས་བྱེད་དགོས་པ་དང་།གལ་ཏེ་མཆིན་པ་སྲ་འགྱུར་དུ་འགྱུར་ན།དུས་ཐོག་ཏུ་ཚད་ལྡན་གྱི་སྨན་བཅོས་བྱེད་དགོས།

.ཐ་མག་གཅོད་པ།ཆང་རག་འཐུང་རྒྱུར་ཚོད་འཛིན་བྱས་ཏེ་དཀའ་ལས་ཁག་རྒྱུ་མེད།



06

乳腺纤维囊性病变


如果诊断为乳腺纤维囊性增生病变,就要注意了,需早期把它切除,可能就会防止它癌变的可能性。


▫干预方法:


1. 检查:女性定期乳腺自查很重要,普通人35周岁以下的女性主要使用超声检查进行体检;45~55岁围绝经期的女性最好每年做一次钼靶检查。如发现有癌前病变,建议遵医嘱复查并看是否需要手术。


2. 不乱用雌激素保健品。


3. 少吃高脂食品:少吃油炸食品、奶油、奶酪及各种甜食,控制脂肪的摄取,避免肥胖。


4. 保持好心情:负面情绪很容易导致机体内分泌紊乱,跟乳腺疾病有一定关系。


5. 适当运动:是预防乳腺癌发生的重要因素。

ནུ་རྩའི་ཚི་སྣའི་སྣོད་གཤིས་ནད་འགྱུར 

གལ་ཏེ་ནུ་རྩའི་ཚི་སྣའི་སྣོད་གཤིས་འཕར་སྐྱེའི་ནད་འགྱུར་ཡིན་པ་བརྟག་དཔྱད་བྱས་ན།དོ་སྣང་བྱེད་དགོས་པ་ལ།སྔ་དུས་སུ་དེ་གཅོད་ལེན་བྱས་ན།སྐྲན་ནད་འབྱུང་བའི་ཉེན་ཁ་འགོག་ཐུབ།

ཐེ་གཏོགས་བྱེད་ཐབས།

.བརྟག་དཔྱད།བུད་མེད་ཀྱི་དུས་བཅད་ལྟར་ནུ་མའི་ཞིབ་བཤེར་བྱ་རྒྱུ་གལ་ཤིན་ཏུ་ཆེ་བ་དང་།སྤྱིར་བཏང་གི་མིའི་ལོ་35མན་གྱི་བུད་མེད་ཀྱིས་གཙོ་བོ་ཚད་བརྒལ་སྒྲ་རླབས་ཀྱི་བརྟག་དཔྱད་བྱས་ནས་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད། ལོ45-55བར་ཟླ་མཚན་ཆད་པའི་བུད་མེད་ཀྱིས་ལོ་རེར་འབེན་ལ་ཞིབ་བཤེར་ཐེངས་གཅིག་བྱ་དགོས། གལ་ཏེ་སྐྲན་ནད་ནད་འགྱུར་མཐོང་ཚེ་སྨན་པའི་ངག་བཀོད་ལྟར་ཡང་བསྐྱར་བརྟག་དཔྱད་བྱེད་དགོས་པ་མ་ཟད་གཤག་བཅོས་བྱེད་དགོས་མིན་ལ་བལྟ་དགོས།

.མོ་སྐུལ་རྩིའི་ལུས་ཁམས་བདེ་སྲུང་དངོས་པོ་གང་བྱུང་དུ་མི་སྤྱོད་པ།

.ཚིལ་མཐོ་བཟའ་བཅའ་ཉུང་ཙམ་ཟ་དགོས།སྣུམ་བཙོས་བཟའ་བཅའ་དང་།མར།ཕྱུར་བ།མངར་ཟས་སྣ་ཚོགས་ཉུང་ཙམ་ཟ་དགོས།ཚིལ་གྱི་བསྡུ་ལེན་ཚོད་འཛིན་བྱས་ཏེ་རྒྱགས་པ་མི་ཡོང་བ་བྱེད་དགོས།

.སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།ལྡོག་ཕྱོགས་ཀྱི་བསམ་ཚུལ་གྱིས་ལུས་ཁམས་ནང་གི་ཟགས་ཐོན་རྙོག་འཁྲུག་འབྱུང་སླ་བ་དང་ནུ་མའི་ནད་དང་འབྲེལ་བ་ངེས་ཅན་ཞིག་ཡོད།

.འོས་འཚམས་ཀྱི་འགུལ་སྐྱོད།དེ་ནི་ནུ་མའི་སྐྲན་ནད་འབྱུང་བ་སྔོན་འགོག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།



07

肺结节


肺结节从大范畴来说,它还是属于癌前病变,但不是所有的肺结节都会发展成癌症。


一般直径大于0.8公分,就要引起高度重视;如果肺结节是小于0.8公分,则会建议病人遵医嘱进行随访观察。


图片

▫干预方法:


1.具有肺癌高危因素的人都应该定期进行低剂量螺旋CT筛查。


①长期吸烟:吸烟指数>400年支

②吸二手烟>20年

③长期工作在粉尘颗粒较多的环境

④长期工作在密闭的环境中

⑤肺癌家族史


(具有其中之一者,就是肺癌高危人群!)


2.戒烟:吸烟者肺癌发病率是不吸烟者的10倍,而戒烟可明显降低肺癌发生率。


3. 注意室内通风:防室内微小环境空气污染,要注意保持室内通风,改善室内空气质量。


4.装修也不要太“豪华”:因为水泥、花岗岩里面的氡,家具等含有的甲醛都会对我们造成伤害。


5. 减少厨房油烟:炒菜前要开窗户、开抽油烟机,炒菜后抽油烟机要再开5-10分钟。


6.少生闷气。

གློ་བའི་མདུད་འབུར་ནད། 

གློ་བའི་མདུད་འབུར་ནད་ནི་ཁྱབ་ཁོངས་ཆེན་པོའི་ནང་ནས་བཤད་ན།དེ་ནི་སྐྲན་ནད་སྔོན་ནད་འགྱུར་གྱི་ཁོངས་སུ་གཏོགས་མོད།འོན་ཀྱང་གློ་བའི་མདུད་འབུར་ཡོད་ཚད་ཚང་མ་སྐྲན་ནད་དུ་འགྱུར་བ་མིན།

སྤྱིར་བཏང་གི་ཚངས་ཐིག་ལི་སྨི་0.8ལས་ཆེ་ན་ཚད་མཐོའི་མཐོང་ཆེན་བྱ་དགོས། གལ་ཏེ་གློ་བའི་ཚིགས་མདུད་དེ་ལི་སྨི་0.8ལས་ཆུང་ན་ནད་པས་སྨན་པའི་ངག་ལྟར་བརྟག་དཔྱད་བྱེད་པའི་བསམ་འཆར་འདོན།

ཐེ་གཏོགས་བྱེད་ཐབས།

.གློ་སྐྲན་གྱི་ཉེན་ཆེའི་རྒྱུ་རྐྱེན་ལྡན་པའི་མི་ཚང་མས་དུས་བཅད་ལྟར་ཚད་དམའི་དུང་འཁྱིལ་CTབརྟག་དཔྱད་བྱེད་དགོས།

1.ཡུན་རིང་ཐ་མག་འཐེན་པ། ཐ་མག་འཐེན་པའི་སྟོན་གྲངས།400

2.ཐ་མག་འཐེན་མཁན་གམ་དུ་ལོ་༢༠ཡན་བསྡད་པ

3.དུས་ཡུན་རིང་པོར་ཐལ་རྡུལ་མང་བའི་ཁོར་ཡུག་ཏུ་ལས་ཀ་བྱེད་དགོས།

4.གློ་སྐྲན་གྱི་ཁྱིམ་རྒྱུད་ལོ་རྒྱུས།

དེའི་ནང་གི་གཅིག་ཡོད་ན་གློ་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཡིན།

.ཐ་མག་གཅོད་པ།ཐ་མག་མི་འཐེན་མཁན་ལ་གློ་སྐྲན་ཕོག་ཚད་ནི་ཐ་མག་མི་འཐེན་མཁན་གྱི་ལྡབ་10ཡིན་པ་དང་ཐ་མག་བཅད་ན་གློ་སྐྲན་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་འགྲོ་གི་ཡོད།

.ཁང་པའི་ནང་གི་རླུང་རྒྱུག་པར་དོ་སྣང་བྱེད་དགོས།ཁང་པའི་ནང་གི་ཁོར་ཡུག་མཁའ་རླུང་གི་སྦགས་བཙོག་ཕྲན་བུ་འགོག་པར་ཁང་འི་ནང་གི་རླུང་རྒྱུག་པར་དོ་སྣང་བྱས་ནས་ཁང་པའི་ནང་གི་མཁའ་རླུང་གི་སྤུས་ཚད་ལེགས་སུ་གཏོང་དགོས།

.མཛེས་བཟོ།རྒྱས་སྤྲོསཆེ་དྲག་རྒྱུ་མེད།རྒྱུ་སྐྱེན་ནི་ཨར་འདམ་དང་འཛེང་རྡོའི་ནང་གི་ཏུང་དང་ཁྱིམ་ཆས་སོགས་འདུས་པའི་ཆོན་ཀ་པ་ཡིས་ང་ཚོར་གནོད་འཚེ་བཟོ་གི་ཡོད།

.ཐབ་ཚང་གི་སྣུམ་དང་དུ་བ་ཉུང་དུ་གཏོང་བ།ཚལ་མ་བརྔོས་གོང་སྒེའུ་ཁུང་ཕྱེ་ནས་སྣུམ་དང་དུ་འཐེན་འཕྲུལ་འཁོར་གཏོང་དགོས།ཚལ་བརྔོས་རྗེས་སྣུམ་དང་དུ་འཐེན་འཕྲུལ་འཁོར་སྐར་མ་5ནས་10བར་གཏོང་དགོས།

.ཁོང་ཁྲོ་ཉུང་ཙམ་ལངས་དགོས



08

皮肤的色素痣


图片


每个人身上都可能会长一些痣,但是有一些形状不是很规则、颜色比较深的色素痣,应引起重视。此外,激光祛痣时如果没“烧”干净,也会导致增生癌变的可能。


▫干预方法:


1. 化学剥脱或激光祛痣方法刺激性较大,不推荐大的交界痣这样处理。


2. 生活中避免过多摩擦,对于有危险信号的交界痣,最好采用手术切除加病理检查。

པགས་པའི་མདོག་རྒྱུ་སྨེ་བ 

མི་རེ་རེའི་ལུས་སྟེང་དུ་སྨེ་བ་རེ་འབྱུང་སྲིད་མོད།འོན་ཀྱང་དབྱིབས་ཁ་ཤས་ནི་སྒྲིག་སྲོལ་དང་།ཁ་དོག་ཅུང་གཏིང་ཟབ་པའི་མདོག་རྒྱུ་སྨེ་བ་ཡིན་པས་དོ་སྣང་བྱེད་དགོས། དེ་མིན།སྐུལ་འོད་སྨེ་བ་མེད་པར་གཏོང་བའི་སྐབས་གལ་ཏེ་གཙང་མ་མ་བསྲེགས་ན།འཕར་སྐྱེ་བྱུང་ནས་སྐྲན་འགྱུར་བའི་ཉེན་ཁ་ཡོད།

ཐེ་གཏོགས་བྱེད་ཐབས།

.རྫས་འགྱུར་གྱིས་སྨེ་བ་བཤུ་བའམ་ཡང་ན་སྐུལ་འོད་ཀྱིས་སྨེ་བ་སེལ་ཐབས་ལ་ཟུག་གཟེར་རང་བཞིན་ཅུང་ཆེ་བས།སྨེ་བ་ཆེན་པོ་འདི་ལྟར་ཐག་གཅོད་བྱེད་པར་འོས་སྦྱོར་མི་བྱེད།

.འཚོ་བའི་ཁྲོད་གཙུབ་བརྡར་ཆེ་དྲགས་རྒྱུ་མེད།ཉེན་ཁའི་བརྡ་རྟགས་ཡོད་པའི་འབྲེལ་མཚམས་སྨེ་བ་ལ་གཤག་བཅོས་བྱས་ན་ལེགས།བཅོས་པའི་གཤགས་བཅོས་བྱས་ནས་ནད་ལུགས་བརྟག་དཔྱད་བྱས་ན་ལེགས།



图片

癌症面前想要争取更多机会

这一点一定要做好!

སྐྲན་ནད་ཀྱི་མདུན་དུ་གོ་སྐབས་དེ་བས་མང་བ་བརྩོན་ལེན་བྱ་འདོད་ན་དོན་འདི་ངེས་པར་དུ་ཡག་པོ་སྒྲུབ་དགོས།

图片
图片


对于癌前病变,最好的方式是早发现、早诊断、早治疗。目前在初诊的病人里面,仍然有将近一半或者以上的病人是属于晚期及局部晚期的病人。


因此体检筛查这一项,是非常重要的。


སྐྲན་ནད་སྔོན་གྱི་ནད་འགྱུར་ལ་མཚོན་ན།ཆེས་བཟང་བའི་བྱེད་ཐབས་ནི་སྔ་མོ་ནས་ཤེས་པ།སྔ་མོ་ནས་བརྟག་དཔྱད་བྱེད་པ།སྔ་མོ་ནས་སྨན་བཅོས་བྱེད་པ་དེ་ཡིན། མིག་སྔར་ཐོག་མར་བརྟག་དཔྱད་བྱེད་པའི་ནད་པའི་ནང་གི་ཕྱེད་ཀ་དང་ཡང་ན་དེ་ལས་མཐོ་བའི་ནད་པ་ནི་དུས་མཇུག་དང་ཆ་ཤས་ཀྱི་དུས་མཇུག་གི་ནད་པ་ཡིན།

དེར་བརྟེན་གཟུགས་པོར་བརྟག་དཔྱད་བྱས་པའི་རྣམ་གྲངས་འདི་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།