您的位置:首页> 科普宣传 > >

全国肿瘤防治宣传周 | 癌症防治早早行动 做自己健康的第一责任人

发布时间:2022-05-09 12:44:35 来源:西藏康城肿瘤医院 阅读:0
2022年4月15日至21日是第28个全国肿瘤防治宣传周。今年宣传周主题是“癌症防治早早行动”,旨在积极倡导每个人做自己健康的第一责任人,正确认识癌症、积极防控癌症,树立癌症三级预防理念,践行健康文明的生活方式,主动参加防癌健康体检,做到早预防、早发现、早诊断、早治疗,降低癌症发病率和死亡率,提高癌症早诊率和生存率,切实遏制癌症危害,提升群众健康水平。

༢༠༢༢ལོའི་ཟླ་བ་༤པའི་ཚེས་༡༥ཉིན་ནས་ཚེས་༢༡ཉིན་བར་ནི་རྒྱལ་ཡོངས་ཀྱི་སྐྲན་ནད་འགོག་བཅོས་དྲིལ་བསྒྲགས་གཟའ་འཁོར་ཨང་༢༨ཡིན་པ་རེད། ད་ལོའི་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི་སྐྲན་ནད་འགོག་བཅོས་བྱེད་པར་སྔ་ས་ནས་བྱ་སྤྱོད་སྤེལ་དགོས་ཅེས་པ་དེ་ཡིན། དེའི་དམིགས་ཡུལ་ནི་མི་ཚང་མ་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་བ་དང་པོ་བྱེད་རྒྱུ་དར་སྤེལ་ཧུར་ཐག་གཏོང་བ་དང།སྐྲན་ནད་ལ་ངོས་འཛིན་ཡང་དག།སྐྲན་ནད་སྔོན་འགོག་ཚོད་འཛིན་ཧུར་ཐག།སྐྲན་ནད་ཀྱི་རིམ་གསུམ་སྔོན་འགོག་འདུ་ཤེས་འཛུགས་པ།བདེ་ཐང་དང་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་སྟངས་ལག་བསྟར།རང་འགུལ་ངང་སྐྲན་ནད་འགོག་པའི་བདེ་ཐང་ཀྱི་གཟུགས་པོར་བརྟག་དཔྱད་ནང་ཞུགས་ནས་སྔ་ཙམ་ནས་སྔོན་འགོག་དང་།སྔ་ཙམ་ནས་ཤེས་པ།སྔ་ཙམ་ནས་བརྟག་དཔྱད་བྱེད་པ།སྔ་ཙམ་ནས་སྨན་བཅོས་བྱེད་པ།སྐྲན་ནད་ཕོག་ཚད་དང་ཤི་ཚད་ཉུང་དུ་གཏོང་བ།སྐྲན་ནད་སྔ་ཙམ་བརྟག་དཔྱད་བྱེད་ཚད་དང་འཚོ་གནས་བྱེད་ཚད་མཐོ་རུ་གཏོང་བ།སྐྲན་ནད་ཀྱི་གནོད་འཚེ་བཀག་འགོག་ཏན་ཏིག་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་འདི་ཡིན།


图片


何为癌症“三级预防”?

ཅི་ཞིག་ལ་སྐྲན་ནད་རིམ་པ་གསུམ་པའི་སྔོན་འགོག་ཟེར།   

一级预防指病因预防,尽量避免或减少危险因素暴露,降低癌症发病风险;
二级预防指对高危人群进行早期筛查、早期诊断和早期治疗,提高癌症治愈率和生存率,降低癌症死亡率;
三级预防指通过合理治疗和康复,缓解癌症患者症状,提高生存率和生存质量。

རིམ་པ་དང་པོའི་སྔོན་འགོག་ཅེས་པ་ནི་ནད་རྐྱེན་སྔོན་འགོག་བྱེད་པར་ཟེར་ཞིང་།ཉེན་ཁའི་རྒྱུ་རྐྱེན་མི་ཐོན་པ་བྱེད་པའམ་ཉུང་དུ་གཏོང་གང་ཐུབ་བྱས་ནས་སྐྲན་ནད་འབྱུང་བའི་ཉེན་ཁ་ཆུང་དུ་གཏོང་པར་ཟེར།

རིམ་པ་གཉིས་པའི་སྔོན་འགོག་དེ་ནི་ཉེན་ཁ་ཆེ་བའི་མི་ཚོགས་ལ་སྔ་དུས་ནས་བརྟག་དཔྱད་དང་།ཐོག་མའི་བརྟག་དཔྱད།སྔ་དུས་ཀྱི་སྨན་བཅོས་བཅས་བྱས་ནས་སྐྲན་ནད་སྨན་བཅོས་བྱེད་ཚད་དང་འཚོ་གནས་བྱེད་ཚད་མཐོ་རུ་བཏང་སྟེ་སྐྲན་ནད་ཕོག་ཚད་ཉུང་དུ་གཏོང་པར་ཟེར།

རིམ་པ་གསུམ་པའི་སྔོན་འགོག་དེ་ནི་ལུགས་དང་མཐུན་པའི་སྒོ་ནས་སྨན་བཅོས་དང་དྲག་སྐྱེས་བྱས་པ་བརྒྱུད་སྐྲན་ནད་ཕོག་མཁན་གྱི་ནད་རྟགས་ཞི་ལྷོད་དུ་བཏང་སྟེ་འཚོ་གནས་བྱེད་ཚད་དང་འཚོ་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཟེར། 




改变不健康生活方式可以预防癌症的发生

བདེ་ཐང་མིན་པའི་འཚོ་བ་སྐྱེལ་སྟངས་བསྒྱུར་ན་སྐྲན་ནད་འབྱུང་བར་སྔོན་འགོག་བྱེད་ཐུབ་། 

01吸烟、肥胖、缺少运动、不合理膳食习惯、酗酒、压力过大、心理紧张等都是癌症发生的危险因素。
02戒烟限酒、平衡膳食、适量运动、心情舒畅可以有效降低癌症的发生。
03癌症的发生是人全生命周期相关危险因素累积的过程。癌症防控不只是中老年人的事情,要尽早关注癌症预防,从小养成健康的生活方式,避免接触烟草、酒精等致癌因素,降低癌症的发生风险。

༡ཐ་མག་འཐེན་པ་དང།རྒྱགས་པ་ཆགས་པ།ལུས་སྦྱོང་མི་འདང་བ།ལུགས་དང་མི་མཐུན་པའི་བཟའ་བཅའི་གོམས་གཤིས།ཆང་རག་ཚོད་མེད་འཐུང་བ།གནོན་ཤུགས་ཆེ་དྲགས་པ།སེམས་འཚབ་པ་སོགས་ནི་སྐྲན་ནད་ཐོན་པའི་ཉེན་ཁའི་རྒྱུ་རྐྱེན་ཡིན།

༢ཐ་མག་གཅོད་པ་དང་ཆང་ཚོད་འཛིན་བྱེད་པ།བཟའ་བཅའ་དོ་མཉམ།ལུས་རྩལ་འོས་འཚམ་བྱེད་པ།བློ་བདེ་བག་ཕེབས་བྱེད་པ་སོགས་བྱས་ན་སྐྲན་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།

༣སྐྲན་ནད་བྱུང་བ་ནི་མིའི་ཚེ་སྲོག་གི་འཁོར་ཡུན་ཡོངས་ལ་འབྲེལ་བའི་ཉེན་ཁའི་རྒྱུ་རྐྱེན་གསོག་འཇོག་བྱེད་པའི་བརྒྱུད་རིམ་ཞིག་ཡིན། སྐྲན་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དར་མ་དང་རྒན་རྒོན་གྱི་བྱ་བ་ཙམ་མ་ཡིན་པར་སྔ་ཙམ་ནས་སྐྲན་ནད་སྔོན་འགོག་བྱ་རྒྱུར་དོ་ཁུར་བྱས་ཏེ་ཆུང་དུས་ནས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱས་ནས་ཐ་མག་དང་ཨ་རག་སོགས་འབྲས་སྐྲན་བཟོ་བའི་རྒྱུ་རྐྱེན་མི་འཕྲད་པ་བྱས་ནས་སྐྲན་ནད་ཐོན་པའི་ཉེན་ཁ་ཆུང་དུ་གཏོང་དགོས། 




早诊早治是提高癌症生存率的关键

སྔ་ཙམ་ནས་བརྟག་དཔྱད་དང་སྔ་ཙམ་ནས་སྨན་བཅོས་ནི་སྐྲན་ནད་འཚོ་གནས་བྱེད་ཚད་མཐོ་རུ་གཏོང་བའི་འགག་རྩ་ཡིན། 

(一)癌症的治疗效果和生存时间与癌症发现的早晚密切相关,发现越早,治疗效果越好,生存时间越长。
(二)关注身体出现的癌症危险信号,出现以下症状应及时到医院进行诊治。
1、身体浅表部位出现的异常肿块。
2、体表黑痣和疣等在短期内色泽加深或迅速增大。
3、身体出现的异常感觉:哽咽感、疼痛等。
4、皮肤或粘膜经久不愈的溃疡。
5、持续性消化不良和食欲减退。
6、大便习惯及性状改变或带血。
7、持久性声音嘶哑,干咳,痰中带血。
8、听力异常,鼻血,头痛。 
9、阴道异常出血,特别是接触性出血。
10、无痛性血尿,排尿不畅。
11、不明原因的发热、乏力、进行性体重减轻。

གཅིག།སྐྲན་ནད་སྨན་བཅོས་ཀྱི་ཕན་འབྲས་དང་འཚོ་གནས་ཀྱི་དུས་ཚོད་ནི་སྐྲན་ནད་ཤེས་རྟོགས་བྱུང་བའི་སྔ་ཕྱི་དང་འབྲེལ་བ་དམ་ཟབ་ཡོད།ཤེས་པ་ཇི་ལྟར་སྔ་ན་སྨན་བཅོས་ཀྱི་ཕན་འབྲས་དེ་ལྟར་བཟང་ལ།འཚོ་གནས་ཀྱི་དུས་ཚོད་དེ་ལྟར་རིང་།

གཉིས།ལུས་ཕུང་ལ་བྱུང་བའི་སྐྲན་ནད་ཉེན་ཁའི་བརྡ་རྟགས་ལ་དོ་སྣང་བྱེད་དགོས།གཤམ་གྱི་ནད་རྟགས་བྱུང་ན་དུས་ལྟར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས།

.ལུས་པོའི་སྟེང་གི་ཕྱི་ངོས་སུ་རྒྱུན་ལྡན་མིན་པའི་སྐྲངས་རྡོག་འབྱུང་བ།

.ལུས་ངོས་ཀྱི་སྨེ་ནག་དང་མཛེར་བ་སོགས་དུས་ཡུན་ཐུང་ངུའི་ནང་མདོག་ཟབ་ཏུ་འགྲོ་བའམ་ཡང་ན་མགྱོགས་མྱུར་ངང་ཇེ་ཆེར་འགྲོ་བ།

.ལུས་པོར་བྱུང་བའི་རྒྱུན་ལྡན་མིན་པའི་ཚོར་བ།མིད་པ་འགག་པ་དང་ན་ཟུག་སོགས་ཀྱི་ཚོར་སྣང་འབྱུང་བ།

.པགས་པ་དང་འབྱར་སྐྱི་ཡུན་རིང་མི་སོས་པ་དང་རུལ་ནད་འབྱུང་བ།

.རྒྱུན་མཐུད་རང་བཞིན་གྱི་ཟས་འཇུ་དཀའ་བ་དང་ཡི་ག་ཇེ་ཞན་དུ་འགྲོ་བ།

.བཤང་བའི་གོམས་གཤིས་དང་ངོ་བོ་དང་དབྱིབས་འགྱུར་བའམ་ཁྲག་ཡོད་པ།

.ཡུན་རིང་རང་བཞིན་གྱི་སྐད་འགག་པ་དང་།སྐམ་ལུད་རྒྱག་པ།ཁ་ལུད་ནང་ཁྲག་འདྲེས་པ།

.ཉན་ནུས་རྒྱུན་ལྡན་མིན་པ་དང་།རྣ་ཁྲག་འདོན་པ།མགོ་ན་བ།

.གསང་ལམ་ནས་རྒྱུན་ལྡན་མིན་པའི་ཁྲག་འདོན་པ།ལྷག་པར་དུ་ཐུག་འཕྲད་རང་བཞིན་གྱི་ཁྲག་འདོན་པ།

༡༠.ན་ཟུག་མེད་པའི་ཁྲག་གཅིན་དང་གཅིན་གཏོང་མི་བདེ་བ།

༡༡.རྒྱུ་རྐྱེན་མི་གསལ་བའི་ཚ་བ་རྒྱས་པ།ཤུགས་མེད་པ།ལྗིད་ཚད་ཇེ་ཡང་དུ་འགྲོ་བ།