您的位置:首页> 科普宣传 > >

常见癌症筛查你知道多少?

发布时间:2022-05-09 12:43:23 来源:西藏康城肿瘤医院 阅读:0

常见癌症筛查你知道多少?

རྒྱུན་མཐོང་གི་འབྲས་སྐྲན་བརྟག་དཔྱད་ཁྱོད་ཀྱིས་ག་ཚོད་ཤེས་སམ་།

图片

乳腺癌ནུ་མའི་སྐྲན།


乳腺彩超、CT等对早期乳腺癌敏感度较低,特异性也不强。对于有乳腺癌家族史或其他乳腺癌高危因素(如年龄、生育哺乳情况等等)的人,建议定期做乳腺钼靶检查,可以帮助及早筛查早期乳腺癌,意义非常重要。

ནུ་མའི་སྒྲ་འདས་བརྟག་དཔྱད་དང་CTསོགས་ལ་སྔ་དུས་ནུ་མའི་སྐྲན་ཚོར་སྣང་སྐྱེན་ཚད་ཅུང་དམའ་ལ་དམིགས་ཁྱད་རང་བཞིན་ཡང་ཆེན་པོ་མེད། ནུ་མའི་སྐྲན་གྱི་ཁྱིམ་རྒྱུད་ལོ་རྒྱུས་སམ་ནུ་མའི་སྐྲན་གྱི་ཉེན་ཆེའི་རྒྱུ་རྐྱེན་ཐད་དཔེར་ན་ལོ་ན།ཕྲུ་གུ་སྐྱེ་བ།འོ་དུས་སྐབས་ཀྱི་གནས་ཚུལ་སོགས་ཡོད་མཁན་ལ་དུས་བཅད་ལྟར་ནུ་མའི་གཤེར་རྨེན་ཕྲ་ཕུང་ལ་བརྟག་དཔྱད་བྱས་ན་སྔ་དུས་ཀྱི་ནུ་མའི་སྐྲན་ལ་བརྟག་དཔྱད་བྱེད་པར་ཕན་ཐོགས་ཡོད་པས་དོན་སྙིང་ཧ་ཅང་ཆེན་པོ་ཡོད།



宫颈癌མངལ་སྐེའི་སྐྲན་ནད།


对于有宫颈癌家族史或有其他高危因素(如HPV感染、年龄等等)的人,可以定期做TCT检查,TCT即液基薄层细胞检测,与传统的宫颈刮片巴氏涂片检查相比,明显提高了标本的满意度及宫颈异常细胞检出率,目前已普遍应用于临床。TCT宫颈防癌筛查对宫颈癌细胞的检出率能达到90%以上,同时还能发现癌前病变,微生物感染如霉菌、滴虫、衣原体等。

མངལ་སྐེའི་སྐྲན་གྱི་ཁྱིམ་རྒྱུད་ལོ་རྒྱུས་ཡོད་པའམ་ཡང་ན་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཞན་དག་ཡོད་པའི་དཔེར་ན་HPVའགོས་མཁན་དང་ལོ་ན་སོགས་མི་ལ་དུས་བཅད་ལྟར་TCTབརྟག་དཔྱད་བྱས་དགོས་TCTནི་གཤེར་ཁུའི་རྨང་སྲབ་རིམ་ཕྲ་ཕུང་ཞིབ་དཔྱད་ཚད་ལེན་ཡིན་ལ།སྲོལ་རྒྱུན་གྱི་མངལ་སྐེའི་བཞར་ལེབ་མོའི་བརྟག་དཔྱད་བྱས་པ་དང་བསྡུར་ན།དངོས་དཔེ་ཡི་ཡིད་ཚིམ་ཚད་མངལ་སྐེའི་རྒྱུན་ལྡན་མིན་པའི་ཕྲ་ཕུང་ལ་ཞིབ་བཤེར་བྱེད་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད།མིག་སྔར་ཡོངས་ཁྱབ་ཏུ་ནད་ཐོག་ཏུ་སྤྱོད་བཞིན་ཡོད། TCTམངལ་སྐེའི་སྐྲན་ནད་འགོག་པའི་བརྟག་དཔྱད་བྱས་ན་མངལ་སྐེའི་སྐྲན་ལ་བརྟག་དཔྱད་བྱེད་ཚད་90%ཡན་ཟིན་གྱི་ཡོད་པ་དང་།དེ་དང་ཆབས་ཅིག་སྐྲན་ནད་མ་ཕོག་གོང་གི་ནད་འགྱུར་ཡང་ཤེས་རྟོགས་ཐུབ་ཀྱི་ཡོད།སྐྱེ་དངོས་ཕྲ་རབ་ཀྱི་འགོས་པ་དཔེར་ན་འབུ་ཕྲ་དང་།གྲང་འབུ།གོས་ཀྱི་གཞི་རྒྱུ་སོགས།


消化道癌症འཇུ་ལམ་སྐྲན་ནད།


例如食道癌、胃癌和大肠癌,可以通过内镜、胃镜和肠镜检查的方式及时发现早期癌变或癌前病变,从而大大提高早期消化道癌症患者的治愈率和生存率。建议有家族史、感染幽门螺杆菌、有肠道息肉等各种高危因素的人群,定期做针对性的筛查。

དཔེར་ན།མིད་སྐྲན་དང་ཕོ་བའི་སྐྲན།རྒྱུ་མའི་སྐྲན་བཅས་ནང་ཤེལ་དང་ཕོ་ཤེལ་རྒྱུ་མའི་ཤེལ་བཅས་ཀྱིས་བརྟག་དཔྱད་བྱེད་ཐབས་ལ་བརྟེན་ནས་དུས་ཐོག་ཏུ་སྔ་དུས་ཀྱི་སྐྲན་འགྱུར་བའམ་སྐྲན་ནད་སྔོན་གྱི་ནད་འགྱུར་རྟོགས་ཐུབ་པས།སྔ་དུས་ཀྱི་མིད་སྐྲན་ཕོག་མཁན་གྱི་ནད་པའི་དྲག་སྐྱེད་བྱེད་ཚད་དང་འཚོ་གནས་བྱེད་ཚད་ཇེ་མཐོར་ཆེས་ཆེར་གཏོང་ཐུབ། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་དང་།ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་མཁན།རྒྱུ་མའི་ཤ་ལུ་སོགས་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པའི་མི་ཚོགས་ལ་དུས་བཀག་ལྟར་དམིགས་ས་ཡོད་པའི་སྒོ་ནས་བརྟག་དཔྱད་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།



肝癌མཆིན་སྐྲན།


对于肝癌来说,比较直观的方法有血液甲胎蛋白检查和彩超,如果发现异常,需要进一步做CT或核磁共振检查。高危人群(乙肝病毒和/或丙肝病毒感染、各种原因引起的肝硬化、有肝癌家族史、长期酗酒、非酒精脂肪性肝炎、食用被黄曲霉毒素污染食物等),年龄40岁以上,建议考虑每半年筛查一次。

མཆིན་སྐྲན་ལ་མཚོན་ནས་བཤད་ན།ཅུང་ཐད་མཐོང་གི་བྱེད་ཐབས་ལ་ཁྲག་གཤེར་ཀ་བའི་སྤྲི་དཀར་ཞིབ་བཤེར་དང་སྒྲ་འདས་བརྟག་དཔྱད་ཡོད།གལ་ཏེ་རྒྱུན་ལྡན་མིན་པ་ཤེས་ན།CTཡང་ན་ཉིང་རྡུལ་ཁབ་ལེན་མཉམ་འགུལ་ཞིབ་བཤེར་བྱ་དགོས།ཉན་ཁ་ཆེ་བའི་མི་ཚོགས་ནི་མཆིན་ནད་ཁ་པའི་ནད་དུག་དང་མཆིན་ནད་ག་པའི་ནད་དུག་འགོས་མཁན།རྒྱུ་རྐྱེན་སྣ་ཚོགས་ལས་བྱུང་བའི་མཆིན་པ་སྲ་འགྱུར་དང་མཆིན་སྐྲན་ཡོད་པའི་ཁྱིམ་རྒྱུད་ལོ་རྒྱུས་ཡོད་མཁན།ལོ་ན་བཞི་བཅུ་ཡན་ཆད་ལ་ལོ་ཕྱེད་རེར་བརྟག་དཔྱད་ཐེངས་རེ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།


肺癌ཕོ་སྐྲན།


在早期肺癌的筛查上,X光片由于分辨率和检出率比较低已逐渐退出了舞台,目前最常用的检查方式是低剂量螺旋CT。对于肺癌来说,高清CT的分辨率较高,可以检测到1厘米左右的肺癌组织,甚至0.8厘米时即可查出。建议50岁以上的中老年人或有肺癌家族史的人,用低剂量螺旋CT筛查肺癌,如果再加上几个肺癌生物标志物,那么肺癌的检出率可以达到90%以上。

སྔ་དུས་ཀྱི་གློ་བའི་སྐྲན་ནད་བརྟག་དཔྱད་ཐད་Xའོད་སྡེར་དབྱེ་འབྱེད་ཚད་དང་བརྟག་དཔྱད་ཚད་ཅུང་དམའ་བའི་རྐྱེན་གྱིས་རིམ་བཞིན་གར་སྟེགས་ལས་ཕྱིར་བུད།མིག་སྔར་ཆེས་རྒྱུན་སྤྱོད་ཀྱི་ཞིབ་བཤེར་བྱེད་ཐབས་ནི་སྦྱོར་ཚད་དམའ་བའི་དུང་འཁྱིལ་CT་ཡིན།གློ་བའི་སྐྲན་ནད་ལ་མཚོན་ནས་བཤད་ན།དྭངས་གསལ་CTཡི་དབྱེ་འབྱེད་ཚད་ཅུང་མཐོ་བ་དང་།ལི་སྨི་གཅིག་ཡས་མས་ཀྱི་གློ་བའི་སྐྲན་ནད་རྩ་འཛུགས་ལ་ཞིབ་དཔྱད་ཚད་ལེན་བྱེད་ཐུབ་པ་དང་།ཐ་ན་ལི་སྨི་0.8ཀྱི་སྐབས་སུ་ཀྱང་ཚད་ལེན་བྱེད་ཐུབ།ལོ་༥༠ཡན་གྱི་རྒན་རྒོན་ཡང་ན་གློ་སྐྲན་ཁྱིམ་རྒྱུད་ལོ་རྒྱུས་ཡོད་པའི་མི་ལ་སྦྱོར་ཚད་དམའ་བའི་དུང་འཁྱིལ་CT་སྤྱད་ནས་གློ་སྐྲན་བརྟག་དཔྱད་བྱེད་དགོས་པའི་གྲོས་འགོ་བཏོན།གལ་ཏེ་ད་དུང་གློ་བའི་སྐྲན་ནད་སྐྱེ་དངོས་མཚོན་རྟགས་དངོས་པོ་འགའ་བསྣན་ན།གློ་བའི་སྐྲན་ནད་བརྟག་དཔྱད་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ཡན་ལ་སླེབས་ཐུབ།


由此可见,不同的癌症,其筛查方式也不一样,需要不同人群根据自身的情况进行针对性的筛查。普通的体检不能等同于癌症筛查!

དེའི་ཐོག་ནས་སྐྲན་ནད་མི་འདྲ་བ་དང་དེའི་བརྟག་དཔྱད་བྱེད་སྟངས་ཀྱང་མི་འདྲ་བས།མི་ཚོགས་མི་འདྲ་བས་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དམིགས་སའི་རང་བཞིན་གྱི་བརྟག་དཔྱད་བྱེད་དགོས་པ་མཐོང་ཐུབ། སྤྱིར་བཏང་གི་ལུས་ཕུང་བརྟག་དཔྱད་ནི་སྐྲན་ནད་བརྟག་དཔྱད་དང་འདྲ་མི་རུང།