您的位置:首页> 科普宣传 > >

化疗后、恶心呕吐怎么办?

发布时间:2022-04-13 16:19:14 来源:西藏康城肿瘤医院 阅读:0

众所周知,化疗是目前治疗恶性肿瘤的主要方式之一,它在杀死癌细胞的同时,也会损伤大量的正常细胞,若无法通过饮食及时补充营养,极有可能面临营养不良、体重下降、恶液质出现、并发症等种种问题,这令许多患者家属揪心不已。

ཀུན་གྱིས་ཤེས་གསལ་ལྟར།རྫས་འགྱུར་གསོ་བཅོས་ནི་མིག་སྔར་སྐྲན་ནད་སྨན་བཅོས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ།དེས་སྐྲན་གྱི་ཕྲ་ཕུང་བསད་པའི་དུས་མཚུངས་སུ་རྒྱུན་ལྡན་གྱི་ཕྲ་ཕུང་མང་པོ་ཞིག་ལ་གནོད་འཚེ་གཏོང་གི་ཡོད།གལ་ཏེ་བཟའ་བཏུང་ལ་བརྟེན་ནས་དུས་ལྟར་འཚོ་བཅུད་ཁ་གསབ་བྱེད་མ་ཐུབ་ཚེ།འཚོ་བཅུད་མི་འདང་བ་དང་།ལུས་པོའི་ལྗིད་ཚད་མར་ཆག་པ།འདུས་ནད་བྱུང་བ་སོགས་ཀྱི་གནད་དོན་སྣ་ཚོགས་འབྱུང་སྲིད།འདིས་ནད་པ་མང་པོ་ཞིག་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།


图片 


 

恶心、呕吐是患者化疗后常见的副作用,严重者几乎茶米不进,许多患者的不良反应要持续一周左右,才会慢慢消失。

སྐྱུགས་མེར་ལངས་པ་དང་སྐྱུགས་པ་ནི་ནད་པའི་རྫས་འགྱུར་གསོ་བཅོས་བྱས་རྗེས་རྒྱུན་དུ་མཐོང་བའི་ཞོར་སྐྱོན་ཞིག་ཡིན།སྐྱུག་མེར་ལངས་པ་དང་སྐྱུག་པ་ནི་ནད་པས་རྫས་འགྱུར་སྨན་བཅོས་བྱས་རྗེས་རྒྱུན་མཐོང་གི་ཞོར་སྐྱོན་ཞིག་ཡིན་པ་དང་།ནད་པ་མང་པོ་ཞིག་གི་ཚུར་སྣང་མི་ལེགས་པ་གཟའ་འཁོར་གཅིག་ཡས་མས་ལ་རྒྱུན་འཁྱོངས་བྱས་ན་ད་གཟོད་རིམ་བཞིན་མེད་པར་འགྱུར་སྲིད།



01

出现呕吐,怎么办སྐྱུག་པའི་གནས་ཚུལ་བྱུང་ན་གང་འདྲ་བྱེད་དགོས།

1呕吐时注意将头偏向一侧利于呕吐物的顺利排除,避免误吸导致呛住引起患者窒息或是肺部感染。


2呕吐后要用温水漱口,擦洗面部,做好卫生,给患者一个舒适的环境,化疗期间给予高热量、高蛋白、少油腻、易消化的食物,少量多餐,不吃刺激性食物,以补充机体及肿瘤组织的消耗。


3患者频繁呕吐,应适当禁食,直到患者平静后再缓慢进食流食,也可以输葡萄糖维持营养、保持体内电解质平衡。服用止酸药物保护消化道粘膜。


4有些患者是因为心情焦虑,而导致的条件反射型恶心呕吐,抗焦虑药及镇静药物也能减轻患者的呕吐现象。


5仅有恶心的患者,可含生姜片,同时按摩内关、足三里穴,可减轻症状。注意室内保持通风,温湿度适宜,无噪音、异味等刺激。鼓励患者阅读、听轻音乐、看电视或从事感兴趣的活动。


6最重要的是调整一个好的心态。

༡.སྐྱུག་པའི་སྐབས་སུ་མགོ་གཞོགས་གཅིག་ལ་འཇོག་དགོས།སྐྱུག་པའི་དངོས་པོ་བདེ་བླག་ངང་ཕྱིར་འབུད་པར་ཕན་པ་ཡོད་ཏེ།དབུགས་འབྱིན་ནོར་བྱས་པས་ནད་པའི་དབུགས་འགག་པའམ་གློ་བར་འགོས་ནད་འབྱུང་བར་སྔོན་འགོག་བྱ་དགོས།

༢.སྐྱུག་རྗེས་ཆུ་དྲོད་འཇམ་གྱིས་ཁ་བཤལ་བ་དང་གདོང་བཀྲུས་ནས་གཙང་སྦྲ་ཡག་པོ་བྱས་ཏེ་ནད་པར་ཁོར་ཡུག་སྐྱིད་པོ་ཞིག་བསྐྲུན་དགོས།རྫས་འགྱུར་སྨན་བཅོས་བྱེད་རིང་ཚ་ཚད་མཐོ་བ་དང་།སྤྲི་དཀར་མང་བ།སྣུམ་ཉུང་བ།་འཇུ་སླ་བ་བཅས་ཀྱི་ཟས་རིགས་དང་།ཟ་ཐེངས་མང་ཙམ་གྱིས་ཟས་ཟ་ཚུལ་དེ་འཚམ་ཤོས་ཡིན་ལ།ཟུག་གཟེར་རང་བཞིན་གྱི་ཟས་རིགས་མི་ཟ་བ།ལུས་ཕུང་དང་སྐྲན་ནད་རྩ་འཛུགས་ཀྱི་ཟད་གྲོན་ཁ་གསབ་བྱེད་དགོས།

༣.ནད་པ་ཡང་ཡང་སྐྱུག་པ་དང་།འོས་འཚམ་གྱིས་ཟ་མི་ཆོག་ནད་པ་ལྷིང་འཇགས་སུ་གྱུར་རྗེས་དལ་མོར་ཟ་མ་ཟ་བ་དང་།རྒུན་འབྲུམ་མངར་ཆ་ཕམ་ནས་འཚོ་བཅུད་རྒྱུན་འཁྱོངས་དང་ལུས་པོའི་ནང་གི་གློག་འབྱེད་རྫས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་ཐུབ།སྐྱུར་འགོག་སྨན་འཐུང་ནས་འཇུ་ལམ་འབྱར་སྐྱི་ལ་སྲུང་སྐྱོབ་བྱེད་པ།

༤.ནད་པ་ལ་ལ་ཞིག་ནི་སེམས་ཁམས་མི་སྐྱིད་པའི་རྐྱེན་གྱིས་ལྡོག་འཕྲོ་རང་བཞིན་གྱི་སྐྱུག་མེར་ལངས་པ་དང་།སེམས་ཁྲལ་འགོག་པའི་སྨན་དང་སེམས་རྣལ་དུ་ཕབ་པའི་སྨན་གྱིས་ཀྱང་ནད་པའི་སྐྱུག་པའི་སྣང་ཚུལ་ཇེ་ཡང་དུ་གཏོང་ཐུབ།

༥.སྐྱུག་མེར་ཁོ་ན་ལངས་པའི་ནད་པ་ཡིན་ན།སྒ་སྐྱ་ལེབ་མོ་ཟ་བ།དུས་མཚུངས་སུ་ལ་ནང་འགག་ལ་འཕུར་མཉེད་བྱེད་པ་སོགས་ཀྱི་ནད་རྟགས་ཇེ་ཡང་དུ་གཏོང་ཐུབ། ཁང་པའི་ནང་དུ་རླུང་རྒྱུ་བ་རྒྱུན་འཁྱོངས་བྱེད་པ།དྲོད་ཚད་འོས་འཚམ།འཛེར་སྒྲ་མེད་པ་དང་དྲི་མ་མི་འདྲ་བ་སོགས་ཀྱིས་ཟུག་གཟེར་སློང་བ་རེད།ནད་པས་དཔེ་ཀློག་དང་གླུ་དབྱངས་ཉན་པ།བརྙན་འཕྲིན་ལ་བལྟ་བ་དང་སྤྲོ་བ་ཡོད་པའི་བྱ་འགུལ་སྤེལ་བར་སྐུལ་འདེད་བྱེད་དགོས།

༦.ཆེས་གལ་ཆེ་བ་ནི་སེམས་ཁམས་བཟང་བོ་ཞོག་དགོས།







02

忽视恶心呕吐导致营养不良,影响患者生存སྐྱུག་མེར་ལངས་པ་སྣང་མེད་དུ་བཞག་ན་འཚོ་བཅུད་མི་འདང་བས་ནད་པའི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་སྲིད།

图片

多数化疗药物作用于延髓呕吐中枢化学感受区,对胃肠黏膜上皮有抑制作用。化疗可以直接影响新陈代谢,或因引起恶心、呕吐、腹泻、口腔炎、味觉改变、胃肠道黏膜损伤、食欲减退以及厌食而间接影响营养物质的摄入,在肿瘤引起代谢异常的基础上进一步加重机体营养不足。营养不良会降低患者对化疗的耐受程度,影响生活质量、治疗效果及预后。

一方面,营养不良影响中性粒细胞的水平,致使患者在化疗药物作用的基础上白细胞下降更为明显,无法完成化疗计划,化疗提前终止,从而影响抗肿瘤治疗效果;另一方面,营养不良时,血浆蛋白水平降低,化疗药物的吸收、分布、代谢及排泄出现障碍,明显影响化疗药物的药动学,化疗药物的不良反应因此增加,机体耐受化疗能力降低,化疗有效反应显著降低[3],延长患者住院时间,增加经济负担,浪费医疗资源。

总而言之,患者要积极应对化疗后的反应,努力进食,保证营养。只要有“坚定的信心,科学的诊治,愉悦的心情,均衡的营养,适度的运动,充足的睡眠”就有可能成为那个病情“完全缓解”的幸运儿。

རྫས་འགྱུར་སྨན་བཅོས་ཀྱི་སྨན་རྫས་མང་ཆེ་བ་ཞིག་ནི་ཀླད་དར་སྐྱུག་པའི་དཀྱིལ་རྫས་འགྱུར་མྱོང་ཚོར་ཁུལ་དུ་སྤྱོད་ཀྱི་ཡོད་པས་ཕོ་རྒྱུ་འབྱར་སྐྱིའི་པགས་པར་ཚོད་འཛིན་གྱི་ནུས་པ་ཐོན་གྱི་ཡོད། རྫས་འགྱུར་སྨན་བཅོས་ཀྱིས་ཐད་ཀར་རྙིང་ཚབ་གསར་བྱེད་ལ་ཤུགས་རྐྱེན་ཐེབས་པའམ།ཡང་ན་སྐྱུགས་མེར་ལངས་པ་དང་སྐྱུག་པ།གྲོད་པ་བཤལ་བ།ཁ་ནད་བྱུང་བ།ལྕེ་ཚོར་ལ་འགྱུར་ལྡོག་བྱུང་བ།ཕོ་རྒྱུ་འབྱར་སྐྱིར་དམས་སྐྱོན་བྱུང་བ།ཟས་ཀྱི་ཡི་ག་ཉམས་པ་དང་དེ་བཞིན་ཟས་ལ་སུན་སྣང་སྐྱེས་ནས་འཚོ་བཅུད་དངོས་པོ་བསྡུ་ལེན་བྱེད་པར་གཞན་བརྒྱུད་ཀྱིས་ཤུགས་རྐྱེན་ཐེབས་པ།སྐྲན་ནད་ཀྱིས་རྙིང་ཚབ་གསར་བྱེད་རྒྱུན་ལྡན་མིན་པའི་རྨང་གཞིའི་སྟེང་ལུས་ཕུང་གི་འཚོ་བཅུད་མི་འདང་བ་ཇེ་ལྗིད་དུ་འགྲོ་བཞིན་ཡོད། འཚོ་བཅུད་མི་འདང་ན་ནད་པས་རྫས་འགྱུར་སྨན་བཅོས་ལ་ཐེབས་པའི་ཚད་ཇེ་དམའ་རུ་གཏོང་བ་དང་།འཚོ་བའི་སྤུས་ཚད་དང་གསོ་བཅོས་ཀྱི་ཕན་འབྲས།ནད་གཞུག་བཅས་ལ་ཤུགས་རྐྱེན་ཐེབས་སྲིད།

ཕྱོགས་གཅིག་ནས་འཚོ་བཅུད་མི་ལེགས་པས་བར་གཤིས་ཕྲ་ཕུང་གི་ཆུ་ཚད་ལ་ཤུགས་རྐྱེན་ཐེབས་པས།ནད་པར་རྫས་འགྱུར་སྨན་བཅོས་སྨན་རྫས་བྱེད་ནུས་ཀྱི་རྨང་གཞིའི་སྟེང་ཕྲ་ཕུང་དཀར་པོ་ཇེ་དམའ་རུ་སོང་བ་ལྷག་ཏུ་མངོན་གསལ་ཡིན།རྫས་འགྱུར་སྨན་བཅོས་འཆར་གཞི་འགྲུབ་མ་ཐུབ་པར་རྫས་འགྱུར་སྨན་བཅོས་སྔོན་ལ་མཇུག་རྫོགས་པས།སྐྲན་ནད་འགོག་པའི་གསོ་བཅོས་ཀྱི་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད། ཕྱོགས་གཞན་ཞིག་ནས་འཚོ་བཅུད་མི་འདང་བའི་སྐབས་སུ།ཁྲག་སྐྱོ་སྤྲི་དཀར་གྱི་ཆུ་ཚད་ཇེ་དམའ་རུ་སོང་བ་དང་།རྫས་འགྱུར་སྨན་བཅོས་ཀྱི་སྨན་རྫས་སྡུད་ལེན་དང་ཁྱབ་ཚུལ།བརྗེ་ཚབ་དང་ཕྱིར་འབུད་སོགས་ལ་བཀག་འགོག་ཐེབས་པ་དང་།རྫས་འགྱུར་སྨན་བཅོས་ཀྱི་སྨན་རྫས་ལ་ཤུགས་རྐྱེན་མངོན་གསལ་ཐེབས་པ་དང་།རྫས་འགྱུར་གསོ་བཅོས་སྨན་རྫས་ཀྱི་འགྱུར་འབྱུང་མི་ལེགས་པའང་ཇེ་མང་ལ་འགྲོ་བ།ལུས་ཁམས་ཀྱིས་རྫས་འགྱུར་གསོ་བཅོས་ཀྱི་ནུས་པ་ཇེ་དམའ་རུ་འགྲོ་བ།རྫས་འགྱུར་གསོ་བཅོས་ཀྱི་ཕན་ནུས་མངོན་གསལ་གྱིས་ཇེ་དམའ་རུ་འགྱུར་བ[3]པ།ནད་པ་སྨན་ཁང་དུ་སྡོད་པའི་དུས་ཡུན་ཇེ་རིང་དུ་གཏོང་བ།དཔལ་འབྱོར་གྱི་ཁུར་པོ་ཇེ་ལྗི་རུ་འགྲོ་བ།སྨན་བཅོས་ཀྱི་ཐོན་ཁུངས་ཆུད་ཟོས་སུ་གཏོང་བ་བཅས་ཡིན།

མདོར་ན།ནད་པས་ཧུར་ཐག་གིས་རྫས་འགྱུར་གསོ་བཅོས་བྱས་རྗེས་ཀྱི་འགྱུར་འབྱུང་ལ་ཁ་གཏད་དེ།ཧུར་ཐག་གིས་ཟ་མ་ཟ་བ་དང་འཚོ་བཅུད་ཁག་ཐེག་བྱེད་དགོས། “ཡིད་ཆེས་བརྟན་པོ་དང་།ཚན་རིག་དང་མཐུན་པའི་སྨན་བཅོས།སྤྲོ་སྣང་གི་སེམས་ཁམས།དོ་མཉམ་པའི་འཚོ་བཅུད།འོས་འཚམས་ཀྱི་ལུས་རྩལ།གཉིད་འདང་ངེས”བཅས་ཡོད་ན་ནད་གཞི་དེ་ཡོངས་སུ་ཞི་བར་བྱེད་པའི་བཀྲ་ཤིས་པའི་བྱ་བ་ཞིག་ཏུ་འགྱུར་སྲིད། 






图片

资深临床营养师也给出如下建议:如果恶心、呕吐反应有所缓解,应尽可能让患者进食,有的食物可缓解化疗后恶心、呕吐等反应。

འཚོ་བཅུད་མཁས་ཅན་ཀྱི་ཀྱང་གཤམ་གྱི་གྲོས་འགོ་འདི་དག་བཏོན་པ་སྟེ།གལ་ཏེ་སྐྱུགས་མེར་ལངས་པ་དང་སྐྱུག་པའི་སྣང་ཚུལ་ཞི་ལྷོད་དུ་སོང་ན།ནད་པར་ཟ་མ་ཟ་རུ་འཇུག་དགོས།ཟས་རིགས་ལ་ལས་རྫས་འགྱུར་གསོ་བཅོས་བྱས་རྗེས་སྐྱུགས་མེར་ལངས་པ་དང་སྐྱུག་པའི་སྣང་ཚུལ་ཞི་ཐུབ། 

①酸甜类的食物:

可以增加食欲。酸甜味的食物可有效刺激味觉,增进食欲。但要注意:肿瘤患者应限制精制糖的摄入。


②易于消化的食物:

化疗后身体较虚弱,宜选择营养丰富且易于消化的食物,如烂面条、稀饭、面包、鱼肉、鸡蛋、肉汤、土豆、香蕉等。

③蔬菜和水果:

新鲜果蔬富含维生素,可以改善食欲、增强人体抵抗力,在化疗期间多吃不同果蔬对康复和抵抗副作用帮助极大。

    


除正常食物以外,三餐之间应适当口服营养补充(ONS),经口摄入肿瘤特医食品可补充日常饮食营养的不足。


目前,应用在临床的肿瘤特医食品不仅可补充人体所需的蛋白质、脂肪、碳水化合物、膳食纤维及多种维生素、矿物质等,还会特别添加如Omega-3等提升免疫的特殊成分,为肿瘤患者提供全面营养支持。

   

༡.མངར་མོ་དང་སྐྱུར་མོའི་རིགས།

ཟ་འདོད་འཕེལ་ཐུབ། སྐྱུར་མོ་དང་མངར་མོའི་རིགས་ཀྱི་ཟས་རིགས་ཀྱིས་ཕན་ལྡན་གྱི་བྲོ་བར་ཕོག་ཐུག་དང་ཡི་ག་བསྐྱེད་ཐུབ། ཡིན་ཡང་དོ་སྣང་བྱེད་དགོས་པ་ལ།སྐྲན་ནད་ཕོག་མཁན་གྱིས་མངར་ཆ་སྤུས་ལེགས་ཟ་བར་ཚོད་འཛིན་བྱེད་དགོས།

༢.འཇུ་སླ་བའི་ཟས་རིགས།

རྫས་འགྱུར་གསོ་བཅོས་བྱས་རྗེས་ལུས་སྟོབས་ཞན་པས།འཚོ་བཅུད་ཕུན་སུམ་ཚོགས་ཤིང་འཇུ་སླ་བའི་ཟས་རིགས་འདེམ་དགོས།དཔེར་ན།ཐུག་པ་ཕྲ་མོ་དང་།འབྲས་ཐུག་དང་།བག་ལེབ།ཉ་ཤ་དང་སྒོ་ང་།ཤ་ཁུ།ཞོག་ཁོག་ངང་ལག་སོགས་ལྟ་བུ།

༣.སྔོ་ཚལ་དང་ཤིང་འབྲས།

ཤིང་འབྲས་དང་སྔོ་ཚལ་ལ་འཚོ་རྒྱུ་འདུས་ཡོད་པས་ཟས་ཀྱི་ཡི་ག་ལེགས་སུ་གཏོང་ཐུབ་པ་དང་མིའི་ལུས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་ཐུབ།རྫས་འགྱུར་གསོ་བཅོས་སྐབས་ཤིང་འབྲས་དང་སྔོ་ཚལ་མི་འདྲ་བ་མང་ཙམ་ཟོས་ན་དྲག་སྐྱེས་དང་ཞོར་སྐྱོན་འགོག་པར་ཕན་པ་ཆེན་པོ་ཡོད།

རྒྱུན་ལྡན་གྱི་ཟས་རིགས་ལས་གཞན།ཟས་ཐུན་གསུམ་པོའི་བར་དུ་འོས་འཚམས་ཀྱིས་འཚོ་བཅུད་ཁ་གསབ་(ONS)སྟེར་དགོས། སྐྲན་ནད་དམིགས་བསལ་སྨན་པའི་ཟས་རིགས་ཀྱིས་རྒྱུན་ལྡན་གྱི་བཟའ་བཏུང་འཚོ་བཅུད་མི་འདང་བ་ཁ་གསབ་བྱེད་ཐུབ།

མིག་སྔར་ནད་ཐོག་ཏུ་སྤྱོད་བཞིན་པའི་སྐྲན་ནད་དམིགས་བསལ་གསོ་རིག་གི་བཟའ་བཅའ་ཡིས་མིའི་ལུས་ཁམས་ལ་མཁོ་བའི་སྤྲི་དཀར་དང་།ཚིལ།ཐན་ཆུའི་འདྲེས་སྦྱོར་དངོས་རྫས།བཟའ་བཅའི་ཚི་སྣ།དེ་བཞིན་འཚོ་རྒྱུ་དང་གཏེར་རྒྱུ་སྣ་ཚོགས་ཁ་གསབ་བྱེད་ཐུབ་པ་མ་ཟད།དཔེར་ན་Omega-3སོགས་རིམས་འགོག་གི་དམིགས་བསལ་གྲུབ་ཆ་དམིགས་སུ་བཀར་ནས་ཁ་སྣོན་བརྒྱབ་སྟེ་སྐྲན་ནད་ཕོག་མཁན་ལ་ཕྱོགས་ཡོངས་ནས་འཚོ་བཅུད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད། 

图片