您的位置:首页> 科普宣传 > >

预防癌症发生,从改变不健康生活方式做起

发布时间:2022-04-13 16:05:24 来源:西藏康城肿瘤医院 阅读:0

01改变不健康的生活方式可以预防癌症的发生

༡.བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་བསྒྱུར་ན་སྐྲན་ནད་འབྱུང་བར་སྔོན་འགོག་བྱེད་ཐུབ། 



(1)不要吸烟。对吸烟者,劝他们赶快戒烟。对不吸烟者,千万不要沾染上这个坏习惯,而且不要在任何公共场合吸烟。
(2)要控制饮酒量。不管什麽酒都要控制饮用量,最好不喝。医生建议饮酒量为:男性啤酒每日量不要超过500ml,葡萄酒每日不要超过200ml,烈性酒每日不要超过50ml,女性减半。
(3)不要过多的晒太阳。医学界已经肯定了紫外线过多照射与皮肤癌和黑色素瘤的发生有关系。过多的晒太阳会使皮肤衰老,而且增加患皮肤癌的危险。
(4)经常多吃新鲜水果、蔬菜以及纤维含量多的食品。
(5)控制体重,保持体重不要过重。不要多吃含动物脂防的食物,如牛油、奶油、肥肉等
.ཐ་མག་འཐེན་མི་རུང་། ཐ་མག་འཐེན་མཁན་ལ་མགྱོགས་མྱུར་ངང་ཐ་མག་གཅོད་དགོས་པའི་ཁ་ཏ་བསླབ་བྱ་དགོས། ཐ་མག་མི་འཐེན་མཁན་ལ་གོམས་གཤིས་ངན་པ་འདི་གཏན་ནས་མི་འགོས་པ་བྱེད་དགོས་།དེ་བས་ཀྱང་སྤྱི་པའི་གནས་ཡུལ་གང་དུ་ཡང་ཐ་མག་འཐེན་རྒྱུ་མེད།
.ཆང་རག་འཐུང་ཚད་ཚོད་འཛིན་བྱ་དགོས། ཆང་གང་ཡིན་རུང་འཐུང་ཚད་ཚོད་འཛིན་བྱ་དགོས།ཡག་ཤོས་བྱུང་ན་འཐུང་རྒྱུ་མེད། སྨན་པས་ཆང་རག་འཐུང་ཚད་ནི་སྐྱེས་པའི་སྦི་རག་གི་ཉིན་རེའི་ཚད་ནི་500mlལས་བརྒལ་མི་ཆོག་པ་དང་།རྒུན་འབྲུམ་ཨ་རག་ཉིན་རེར་འཐུང་ཚད་200mlལས་བརྒལ་མི་ཆོག་པ།ཨ་རག་ངར་པོ་འཐུང་ཚད་ཉིན་རེར་50mlལས་བརྒལ་མི་ཆོག་པ།བུད་མེད་ལ་འཐུང་ཚད་ཕྱེད་ཀ་ལས་བརྒལ་མི་ཆོག་པ་བཅས་ཀྱི་གྲོས་འགོ་བཏོན་པ་རེད།
.ཉི་མ་ལྡེ་རྒྱུ་མང་དྲགས་རྒྱུ་མེད། གསོ་རིག་ལས་རིགས་ཀྱིས་སྨུག་ཕྱིའི་འོད་འཕྲོས་དྲགས་པ་དང་པགས་སྐྲན་དང་མདོག་རྒྱུ་ནག་པོའི་སྐྲན་བྱུང་བ་ལ་འབྲེལ་བ་ཡོད་པ་གཏན་འཁེལ་བྱས། ཉི་མར་ལྡེ་རྒྱུ་མང་དྲགས་ན་པགས་པ་རྒས་འགྲོ་བ་མ་ཟད།པགས་སྐྲན་ཕོག་པའི་ཉེན་ཁའང་ཆེ་རུ་འགྲོ་གི་རེད།
.རྒྱུན་དུ་ཤིང་ཏོག་སོས་པ་དང་།སྔོ་ཚལ།དེ་བཞིན་ཚི་སྣའི་འདུས་ཚད་མང་བའི་ཟས་རིགས་མང་ཙམ་ཟ་དགོས།
.ལུས་པོའི་ལྗིད་ཚད་ཚོད་འཛིན་བྱས་ནས་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་མི་རུང་། སྲོག་ཆགས་ཀྱི་ཚིལ་ཚུད་གི་ཟས་རིགས་ཉུང་་ཙམ་ཟ་དགོས་།དཔེར་ན་ནོར་སྣུམ་དང་།འོ་སྣུམ་།ཤ་ཚོན་པོ་སོགས། 


02  规范的防癌体检能够早期发现癌症

.ཚད་ལྡན་གྱི་སྐྲན་ནད་སྔོན་འགོག་བརྟག་དཔྱད་ཀྱིས་སྔ་ཙམ་ནས་སྐྲན་ནད་ཕོག་པ་ཤེས་རྟོགས་ཐུབ། 



防癌体检是在癌症风险评估的基础上,针对常见癌症进行的身体检查,其目的是让群众知晓自身患癌风险,发现早期癌症或癌前病变,进行早期干预。

目前的技术手段可以早期发现大部分的常见癌症。使用胸部低剂量螺旋CT可以检查肺癌,超声结合钼靶可以检查乳腺癌,胃肠镜可以检查消化道癌等。

要根据个体年龄、既往检查结果等选择合适的体检间隔时间。

防癌体检专业性强,讲究个体化和有效性,应选择专业的体检机构进行。
སྐྲན་ནད་སྔོན་འགོག་གི་གཟུགས་པོར་བརྟག་དཔྱད་ནི་སྐྲན་ནད་ཀྱི་ཉེན་ཁ་དཔྱད་དཔོག་བྱེད་པའི་རྨང་གཞིའི་ཐོག་རྒྱུན་མཐོང་གི་སྐྲན་ནད་ལ་དམིགས་ནས་གཟུགས་པོར་བརྟག་དཔྱད་བྱེད་པ་ཞིག་ཡིན།དེའི་དམིགས་ཡུལ་ནི་མང་ཚོགས་ཀྱིས་རང་ཉིད་ལ་སྐྲན་ནད་ཕོག་དོགས་ཀྱི་ཉེན་ཁ་ཤེས་རྟོགས་ཐུབ་པ་དང་།སྔ་དུས་ཀྱི་སྐྲན་ནད་དམ་སྐྲན་ནད་མ་ཕོག་གོང་གི་ནད་འགྱུར་ཤེས་རྟོགས་ཐུབ་ནས་དུས་ཐོག་ཏུ་ཐེ་ཇུས་ཐུབ་པ་བྱ་རྒྱུ་དེ་རེད།
 
མིག་སྔའི་ལག་རྩལ་བྱེད་ཐབས་ཀྱིས་སྔ་མོ་ནས་རྒྱུན་མཐོང་གི་སྐྲན་ནད་མང་ཆེ་བ་རྟོགས་ཐུབ། བྲང་གནས་ཀྱི་ཚད་དམའCTསྤྱད་ན་གློ་སྐྲན་ལ་བརྟག་དཔྱད་བྱེད་ཐུབ།སྒྲ་འདས་དང་མུའུ་པའ་ཟུང་འབྲེལ་བྱས་ན་ནུ་སྐྲན་ལ་བརྟག་དཔྱད་བྱེད་ཐུབ།ཕོ་རྒྱུ་ཤེལ་གྱིས་འཇུ་ལམ་སྐྲན་ལ་བརྟག་དཔྱད་བྱེད་ཐུབ།
 
མི་སྒེར་གྱི་ལོ་ཚོད་དང་སྔོན་ཆད་ཀྱི་ཞིབ་བཤེར་མཇུག་འབྲས་ལ་གཞིགས་ནས་འོས་འཚམ་གྱི་བརྟག་དཔྱད་བར་ཐག་གི་དུས་ཚོད་འདེམས་དགོས།
 
སྐྲན་ནད་སྔོན་འགོག་གི་ཞིབ་བཤེར་ཆེད་ལས་རང་བཞིན་ཆེ་བས།མི་སྒེར་གྱི་ཁྱད་ཆོས་དང་ཕན་ནུས་རང་བཞིན་ལ་དོ་སྣང་བྱེད་དགོས་ལ།ཆེད་ལས་ཀྱི་ཞིབ་བཤེར་སྡེ་ཁག་གདམ་དགོས། 

          03 早诊早治是提高癌症生存率的关键

༣.སྔ་ཙམ་བརྟག་དཔྱད་སྔ་ཙམ་སྨན་བཅོས་བྱེད་པ་ནི་སྐྲན་ནད་འཚོ་གནས་བྱེད་ཚད་མཐོ་རུ་གཏོང་བའི་གནད་འགག་ཡིན།



癌症的治疗效果和生存时间与癌症发现的早晚密切相关,发现越早,治疗效果越好,生存时间越长。
关注身体出现的癌症危险信号,出现以下症状应及时到医院进行诊治。
སྐྲན་ནད་ཀྱི་གསོ་བཅོས་ཕན་འབྲས་དང་གསོན་པའི་དུས་ཚོད་ནི་སྐྲན་ནད་ཤེས་རྟོགས་བྱུང་བའི་སྔ་ཕྱི་དང་འབྲེལ་བ་དམ་པོ་ཡོད།ཤེས་རྟོགས་བྱུང་བ་ཇི་ལྟར་སྔ་ན་གསོ་བཅོས་ཕན་འབྲས་དེ་ལྟར་བཟང་།གསོན་པའི་དུས་ཚོད་དེ་ལྟར་རིང་།
ལུས་ཕུང་ལ་བྱུང་བའི་སྐྲན་ནད་ཉེན་ཁའི་བརྡ་རྟགས་ལ་དོ་སྣང་བྱས་ཏེ།གཤམ་གྱི་ནད་རྟགས་དག་བྱུང་ན་དུས་ལྟར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས། 

图片

1.身体浅表部位出现的异常肿块。

2.体表黑痣和疣等在短期内色泽加深或迅速增大。

3.身体出现的异常感觉:哽咽感、疼痛等。

4.皮肤或粘膜经久不愈的溃疡。

5.持续性消化不良和食欲减退。

6.大便习惯及性状改变或带血。

7.持久性声音嘶哑,干咳,痰中带血。

8.听力异常,鼻血,头痛。 

9.阴道异常出血,特别是接触性出血。

10.无痛性血尿,排尿不畅。

11.不明原因的发热、乏力、进行性体重减轻。

གཅིག།ལུས་པོའི་སྟེང་གི་ཕྱི་ངོས་སུ་ཐོན་པའི་རྒྱུན་ལྡན་མིན་པའི་སྐྲངས་རྡོག་བྱུང་བ།

གཉིས།ལུས་ངོས་ཀྱི་སྨེ་བ་ནག་པོ་དང་མཛེར་བ་སོགས་དུས་ཡུན་ཐུང་ངུའི་ནང་ཁ་དོག་ཟབ་ཏུ་འགྲོ་བའམ་མགྱོགས་མྱུར་ངང་ཇེ་ཆེར་འགྲོ་བ།

གསུམ།ལུས་ཕུང་ལ་རྒྱུན་ལྡན་མིན་པའི་ཚོར་བ་བྱུང་བ།མིད་པ་འགག་པ་དང་ན་ཟུག་སོགས་ཀྱི་ཚོར་སྣང་འབྱུང་བ།

བཞི།པགས་པ་དང་འབྱར་སྐྱི་ཡུན་རིང་མི་སོས་པའི་རུལ་ནད་འབྱུང་བ།

ལྔ།རྒྱུན་མཐུད་རང་བཞིན་གྱི་ཟས་འཇུ་དཀའ་བ་དང་ཡི་ག་ཇེ་ཞན་དུ་འགྲོ་བ།

དྲུག།བཤང་བའི་གོམས་གཤིས་དང་ངོ་བོ་དང་དབྱིབས་འགྱུར་བའམ་ཁྲག་འདྲེས་པ།

བདུན།ཡུན་རིང་རང་བཞིན་གྱི་སྐད་འགག་པ་དང་།སྐམ་ལུ་རྒྱག་པ།ཁ་ལུད་ནང་ཁྲག་འདྲེས་པ།

བརྒྱད།ཉན་ནུས་རྒྱུན་ལྡན་མིན་པ་དང་།སྣ་ཁྲག་ཐོན་པ།མགོ་ན་བ།

དགུ།སྐྱེ་ལམ་ནས་རྒྱུན་ལྡན་མིན་པའི་ཁྲག་ཐོན་པ།ལྷག་པར་དུ་འཕྲད་འབྲེལ་རང་བཞིན་གྱི་ཁྲག་ཐོན་པ།

བཅུ།ན་ཟུག་མེད་པའི་ཁྲག་གཅིན་དང་གཅིན་གཏོང་མི་བདེ་བ།

བཅུ་གཅིག།རྒྱུ་རྐྱེན་མི་གསལ་བའི་ཚ་བ་རྒྱས་པ།ཤུགས་མེད་པ།རང་བཞིན་གྱི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ།


04  发现癌症要选择正规医院接受规范化治疗

.སྐྲན་ནད་ཤེས་ན་ཚད་ལྡན་གྱི་སྨན་ཁང་འདེམས་ནས་ཚད་ལྡན་ཅན་གྱི་སྨན་བཅོས་དང་ལེན་བྱེད་དགོས།



癌症的治疗方法包括手术治疗和非手术治疗两大类,非手术治疗包括放射治疗、化学治疗、靶向治疗、免疫治疗、内分泌治疗、中医治疗等。
规范化治疗是长期临床治疗工作的科学总结,根据癌症种类和疾病分期来决定综合治疗方案,是治愈癌症的基本保障。
癌症患者要到正规医院进行规范化治疗,不要轻信偏方或虚假广告,以免贻误治疗时机。
སྐྲན་ནད་སྨན་བཅོས་བྱེད་ཐབས་ལ་གཤགས་བཅོས་དང་གཤགས་བཅོས་མ་ཡིན་པའི་སྨན་བཅོས་རིགས་གཉིས་ཡོད།གཤགས་བཅོས་མ་ཡིན་པའི་སྨན་བཅོས་ལ་འགྱེད་འཕྲོ་སྨན་བཅོས་དང་།རྫས་འགྱུར་གསོ་བཅོས།འབེན་ལ་ཕོག་པའི་སྨན་བཅོས།རིམས་འགོག་སྨན་བཅོས།གསང་རྒྱུད་ཟགས་གཤེར་གསོ་བཅོས།ཀྲུང་ལུགས་གསོ་རིག་སྨན་བཅོས་སོགས་ཡོད།
ཚད་ལྡན་ཅན་གྱི་སྨན་བཅོས་ནི་ཡུན་རིང་ནད་ཐོག་སྨན་བཅོས་ལས་དོན་གྱི་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་ཞིག་ཡིན་པ་དང་སྐྲན་ནད་ཀྱི་རིགས་དང་ནད་རིགས་ལ་གཞིགས་ནས་དུས་མཚམས་དབྱེ་སྟེ་ཕྱོགས་བསྡུས་སྨན་བཅོས་ཇུས་གཞི་གཏན་འཁེལ་བྱ་རྒྱུ་ནི་སྐྲན་ནད་དྲག་སྐྱེད་ཡོང་བའི་གཞི་རྩའི་འགན་ལེན་ཞིག་རེད།
སྐྲན་ནད་ཕོག་མཁན་ཚད་ལྡན་སྨན་ཁང་དུ་སོང་ནས་ཚད་ལྡན་ཅན་གྱི་སྨན་བཅོས་བྱེད་དགོས་པ་ལས་ཕྱོགས་རིས་སམ་བརྡ་ཁྱབ་རྫུན་མར་ཡིད་ཆེས་བྱེད་མི་རུང་།སྨན་བཅོས་ཀྱི་གོ་སྐབས་ཤོར་བར་སྔོན་འགོག་བྱེད་དགོས།

05  癌症康复治疗可以有效提高患者的生存时间和生活质量

.སྐྲན་ནད་དྲག་སྐྱེད་གསོ་བཅོས་ནུས་ལྡན་གྱིས་ནད་པའི་འཚོ་གནས་ཀྱི་དུས་ཚོད་དང་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་ཐུབ། 



癌症康复治疗包括心理康复和生理康复两大部分,是临床治疗必要的延续和完善。
癌症患者的康复要做到:乐观的心态、平衡的膳食、适当的锻炼、合理的用药、定期的复查。
疼痛是癌症患者最常见、最主要的症状。要在医生帮助下通过科学的止痛方法积极处理疼痛,不要忍受痛苦。
要正视癌症,积极调整身体免疫力,保持良好身心状态,达到病情长期稳定,与癌症“和平共处”。
སྐྲན་ནད་དྲག་སྐྱེད་སྨན་བཅོས་ལ་སེམས་ཁམས་བདེ་ཐང་དང་ལུས་ཁམས་བདེ་ཐང་གི་ཁག་ཆེན་པོ་གཉིས་འདུས།དེ་ནི་ནད་ཐོག་སྨན་བཅོས་ཀྱི་དགོས་ངེས་ཀྱི་རྒྱུན་མཐུད་དང་འཐུས་ཚང་ཡིན།
སྐྲན་ནད་ཕོག་མཁན་གྱི་ནད་དྲག་པར་སྤྲོ་སྣང་གི་བསམ་པ་དང་།དོ་མཉམ་པའི་བཟའ་བཅའ།འོས་འཚམ་གྱི་སྦྱོང་བརྡར།ལུགས་མཐུན་གྱི་སྨན་བསྟེན་པ།དུས་བཅད་ལྟར་བསྐྱར་ཞིབ་བཅས་བྱེད་དགོས།
ན་ཟུག་ནི་སྐྲན་ནད་ཕོག་མཁན་གྱི་ཆེས་རྒྱུན་མཐོང་དང་ཆེས་གཙོ་བོའི་ནད་རྟགས་ཡིན། སྨན་པའི་རོགས་རམ་འོག་ཚན་རིག་དང་མཐུན་པའི་ན་ཟུག་འཇོག་པའི་ཐབས་ལ་བརྟེན་ནས་ན་ཟུག་ཐག་གཅོད་ཧུར་ཐག་བྱ་དགོས་པ་ལས་ན་ཟུག་བཟོད་བསྲན་བྱེད་མི་རུང་།
འབྲས་སྐྲན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་།གཟུགས་པོའི་ནད་འགོག་ནུས་པ་ལེགས་སྒྲིག་ཧུར་ཐག་བྱེད་པ།ལུས་སེམས་བཟང་པོ་རྒྱུན་འཁྱོངས་བཅས་བྱས་ནས་ནད་གཞི་ཡུན་རིང་བརྟན་པོ་ཡོང་བ་དང་སྐྲན་ནད་དང་མཉམ་དུཞི་མཐུནཡོང་བ་བྱེད་དགོས། 

图片



早发现、早诊断、早治疗

保持乐观  适当锻炼

科学抗癌  关爱生命

癌症并不可怕

སྔ་མོ་ནས་ཤེས་རྟོགས་དང་།སྔ་མོ་ནས་བརྟག་དཔྱད།སྔ་མོ་ནས་སྨན་བཅོས་བཅས་བྱས་ཏེ་།

སྤྲོ་སྣང་རྒྱུན་འཁྱོངས་དང་སྦྱོང་བརྡར་འོས་འཚམ་།

ཚན་རིག་དང་མཐུན་པའི་འབྲས་སྐྲན་འགོག་པ་དང་ཚེ་སྲོག་ལ་གཅེས་སྐྱོང་།

སྐྲན་ནད་ནི་འཇིགས་སུ་རུང་བ་ཞིག་མིན།



图片