您的位置:首页> 科普宣传 > >

化疗期间该怎么吃?

发布时间:2022-03-29 18:14:49 来源:西藏康城肿瘤医院 阅读:0

化疗期间该怎么吃?


图片


在接受化疗期间,由于化疗药物的作用等因素,会影响患者的进食。食欲减退是化疗最常见的不良反应之一,主要是由于化疗药物的刺激使神经系统对味觉和嗅觉的调节功能产生失调所致。其他因化疗而导致影响进食的不良反应还包括腹部饱胀,进食极少量食物即感腹部闷胀不适。化疗药物还可导致消化液分泌减少,使食物不易被消化吸收等。


图片


1、增加食欲的方法?


图片


①少量多餐,每天6~8餐。

②当有饥饿感时,可以稍微多吃一些。

③与家人和朋友一同进餐,并且尽可能选择平时最喜欢吃的食物。

④在恶心和呕吐明显时,不要强迫进食,尤其避免接触平时最喜欢吃的食物,以免形成条件反射而日后对这些食物有厌恶感。

⑤便秘常常是导致食欲不振的原因。如有便秘情况,尝试多摄入液体食物以软化粪便;或是增加食物中的膳食纤维含量。高膳食纤维含量的食物包括豆类、坚果类、全麦面包、新鲜水果及蔬菜等。可以向专业营养师咨询。必要时,在医生指导下使用缓泻剂或粪便软化药物。

⑥适当运动有助于增加食欲,如饭前慢走等。

⑦必要时,在医生指导下,服用一些有助消化的药物。


2、保持体重



如果因食欲不振而导致体重下降,可以向医师或者专业营养师咨询。同时,还应该每周测量一次体重,并做好记录。

蛋白质是促进伤口愈合及修复创伤的基本原料,可以在饮食中适当增加蛋白质的比例,这些食物包括: 

  •  牛奶、乳类制品。

  • 脱脂全奶粉。

  • 酸奶。

  • 肉类、鱼类、禽类。

  •  豆类或豆类制品(豆腐、豆奶等)。

  • 蛋类。

  • 坚果类,花生酱等。 


3、增加食物中的热量


图片

热量是保证机体日常活动及维持体重的基础,化疗期间,应保证足够的热量摄入,高热量食物包括:

  • 高糖食物及黄油。

  • 坚果。

  •  蜂蜜、果酱。

  • 水果干。

  • 蛋黄酱、色拉酱、酸奶油等。



4、保证足够的液体摄入


图片


每天应至少摄入2~3升不含酒精或咖啡因成分的液体。在某些情况下,可以适当饮用一些含有热量的饮料,如:

  • 水果汁、水果味的软饮料。

  • 高糖软料或运动饮料。

  • 牛奶或者奶昔。

  • 汤类。

  • 冰激凌。


总之,肿瘤患者应该因病施膳,选择健康的烹饪方式,配合适当的体育锻炼,保持乐观的心态。


རྫས་འགྱུར་སྨན་བཅོས་བྱེད་པའི་སྐབས་སུ་ཇི་ལྟར་ཟ་དགོས་།


图片

རྫས་འགྱུར་སྨན་བཅོས་དང་ལེན་བྱེད་པའི་སྐབས་སུ།རྫས་འགྱུར་སྨན་རྫས་ཀྱི་ནུས་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་ནད་པའི་ཟ་མ་ཟ་བར་ཤུགས་རྐྱེན་ཐེབས་སྲིད།ཡི་ག་ཉམས་པ་ནི་རྫས་འགྱུར་སྨན་བཅོས་ཀྱི་ཆེས་རྒྱུན་མཐོང་གི་ཚུར་སྣང་མི་ལེགས་པའི་གྲས་ཤིག་ཡིན་ལ།་གཙོ་བོ་ནི་རྫས་འགྱུར་སྨན་རྫས་ཀྱི་ཟུག་གཟེར་གྱིས་དབང་རྩའི་མ་ལག་གིས་ལྕེ་ཚོར་དང་སྣོམ་ཚོར་གྱི་སྙོམས་སྒྲིག་ནུས་པ་དོ་མི་མཉམ་པ་ལས་བྱུང་བ་ཡིན།རྫས་འགྱུར་སྨན་བཅོས་བྱས་པའི་རྐྱེན་གྱིས་ཟ་མ་ཟ་བར་ཤུགས་རྐྱེན་ཐེབས་པའི་ཚུར་སྣང་མི་ལེགས་པ་གཞན་དག་ད་དུང་གྲོད་པ་རྒྱགས་པ་དང།ཟ་མ་ཉུང་ཉུང་ཙམ་མ་ཟས་ཀྱང་གྲོད་པ་མི་བདེ་བའི་ཚོར་བ་བྱུང་བ་།རྫས་འགྱུར་སྨན་རྫས་ཀྱིས་ད་དུང་འཇུ་བྱེད་གཤེར་ཟགས་ཐོན་ཇེ་ཉུང་དུ་གཏོང་ཐུབ་པ་དང་།ཟས་རིགས་འཇུ་བྱེད་དང་བསྡུ་ལེན་བྱེད་དཀའ་བ་སོགས་ཡིན།


༡.ཡི་ག་ཇེ་ཆེར་གཏོང་བའི་ཐབས་ཤེས།


.ཟ་སྐབས་ཉུང་ཙམ་དང་ཟ་ཐེངས་མང་ཙམ་གྱིས་ཟས་ཟ་ཚུལ་དེ་འཚམ་ཤོས་ཡིན་ལ།།ཉིན་རེར་ཟ་མ་ཐེངས་༦-༨ཟ་དགོས།

.ལྟོགས་པའི་དུས་སུ་མང་ཙམ་ཟས་ན་ཆོག།

.ཁྱིམ་མི་དང་གྲོགས་པོ་ཚོ་དང་མཉམ་དུ་ཟ་མ་ཟ་སྐབས།དུས་རྒྱུན་ཆེས་དགའ་སའི་ཟས་རིགས་འདེམ་ན་ཆོག།

.སྐྱུགས་མེར་ལངས་པ་དང་སྐྱུག་པའི་དུས།བཙན་སྐུལ་གྱིས་ཟ་མ་ཟ་རུ་མི་འཇུག་པ་དང་།ལྷག་པར་དུ་དུས་རྒྱུན་ཆེས་ཟ་བར་དགའ་བའི་ཟས་རིགས་ལ་རེག་པར་སྔོན་འགོག་བྱེད་དགོས།ཆ་རྐྱེན་ལྡོག་འཕྲོ་བྱས་ནས་རྗེས་སུ་ཟས་རིགས་དེ་དག་ལ་ཞེན་པ་མི་ལོག་པའི་ཆེད་དུ་ཡིན།

.བཙོག་པ་འགག་པ་ནི་རྒྱུན་དུ་ཟས་ལ་ཡི་ག་མེད་པའི་རྒྱུ་རྐྱེན་ཡིན། གལ་ཏེ་བཙོག་པ་འགག་པའི་གནས་ཚུལ་ཡོད་ན། གཤེར་གཟུགས་ཟས་རིགས་མང་པོ་བསྡུ་ལེན་བྱས་ནས་སྐྱག་གཅིན་མཉེན་པོར་གཏོང་བར་ཚོད་ལྟ་བྱེད་པ།ཡང་ན་ཟས་རིགས་ཁྲོད་ཀྱི་ཟས་རིགས་ཚི་སྣའི་འདུས་ཚད་ཇེ་མང་དུ་གཏོང་བ།ཚི་སྣའི་འདུས་ཚད་མཐོ་བའི་ཟས་རིགས་ལ་སྲན་རིགས་དང་།ཤུན་མཁྲེགས་ཤིང་ཏོག་རིགས།གྲོ་ཧྲིལ་བོའི་བག་ལེབ་རིགས།ཤིང་འབྲས་སོས་པ་དང་སྔོ་ཚལ་རིགས་སོགས་ཚུད་ཡོད། ཆེད་ལས་ཀྱི་འཚོ་བཅུད་པ་རྣམས་ལ་འདྲི་ཆོག། དགོས་ངེས་ཀྱི་སྐབས་སུ།སྨན་པའི་མཛུབ་སྟོན་འོག་ཏུ་བཤལ་སྨན་དང་སྐྱག་གཅིན་མཉེན་པོར་གཏོང་བའི་སྨན་སྤྱོད་ཆོག།

.འོས་འཚམས་ཀྱི་ལུས་རྩལ་བྱས་ན་ཟས་ཀྱི་ཡི་ག་ཇེ་ཆེར་གཏོང་བར་ཕན།དཔེར་ན་ཟ་མ་མ་ཟས་སྔོན་ལ་དལ་མོར་འགྲོ་བ་སོགས།

.དགོས་ངེས་ཀྱི་སྐབས་སུ་སྨན་པའི་མཛུབ་སྟོན་འོག་འཇུ་བྱེད་ལ་ཕན་པའི་སྨན་འགའ་འཐུང་ཆོག།


༢.ལྗིད་ཚད་རྒྱུན་འཁྱོངས་།


图片

གལ་ཏེ་ཟ་འདོད་མེད་པའི་རྐྱེན་གྱིས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་སོང་ན།སྨན་པའམ་ཆེད་ལས་འཚོ་བཅུད་པ་ལ་བློ་འདྲི་བྱས་ཆོག། དུས་མཚུངས་སུ་ད་དུང་གཟའ་འཁོར་རེར་ལུས་པོའི་ལྗིད་ཚད་ཚད་ལེན་ཐེངས་རེ་བྱ་དགོས་པ་མ་ཟད།ཟིན་ཐོ་ཡང་འགོད་དགོས།

སྤྲི་དཀར་བཅུད་ནི་རྨ་ཁ་སོས་པ་དང་རྨ་ཁ་སླར་གསོ་བྱེད་པའི་གཞི་རྩའི་རྒྱུ་ཆ་ཡིན་པས་བཟའ་བཏུང་ཁྲོད་སྤྲི་དཀར་བཅུད་ཀྱི་བསྡུར་ཚད་འོས་འཚམ་ངང་མང་དུ་གཏོང་ཆོག་པ་།ཟས་རིགས་འདིའི་རིགས་ལ་གཤམ་གྱི་འདི་དག་འདུས་ཡོད།

འོ་མ་དང་འོ་མའི་ཐོན་རྫས།

མར་ཕུད་འོ་རྩམ།

ཞོ།

ཤ་རིགས་དང་།ཉ་རིགས།འདབ་ཆགས་རིགས།

སྲན་མའི་རིགས།

སྒོ་ངའི་རིགས།

ཤིང་འབྲས་ཀྱི་རིགས།བ་དམ་གྱི་ཅང་སོགས།

 

༣.ཟས་རིགས་ཁྲོད་ཀྱི་ཚ་ཚད་ཇེ་མཐོར་གཏོང་བ།


图片

ཚ་ཚད་ནི་ལུས་ཕུང་གི་ཉིན་རྒྱུན་འགུལ་སྐྱོད་དང་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་ཡིན།རྫས་འགྱུར་སྨན་བཅོས་ཀྱི་སྐབས་སུ།ཚ་ཚད་འདང་ངེས་ཤིག་དགོས།ཚ་ཚད་མཐོ་བའི་ཟས་རིགས་ལ་གཤམ་གྱི་འདི་དག་འདུས་ཡོད་པ་ཡིན།

མངར་ཆ་མཐོ་བའི་ཟས་རིགས་དང་སྣུམ་སེར།

ཤུན་མཁྲེགས་ཤིང་ཏོག་

སྦྲང་རྩི།ཤིང་ཏོག་བསྣུར་མ་།

ཤིང་ཏོག་སྐམ་པོ།

སྒོང་སེར་ཅང་དང་།སེ་ལཱ་ཅང་།ཞོ་སྣུམ་སོགས།


༤.གཤེར་གཟུགས་འདང་ངེས་ཤིག་བསྡུ་ལེན་བྱེད་དགོས།


图片

ཉིན་རེར་མ་མཐར་ཡང་ཆང་བཅུད་མི་འདུས་པའམ་ཡང་ན་ཁ་ཧྥེ་ཡི་གྲུབ་ཆའི་གཤེར་གཟུགས་ཧྲེང་2-3བསྡུ་ལེན་བྱེད་དགོས། གནས་ཚུལ་ཁ་ཤས་ཀྱི་འོག་ཏུ།ཚ་ཚད་འདུས་པའི་བཏུང་བྱ་འོས་འཚམ་འཐུང་ཆོག་སྟེ།དཔེར་ན།

ཤིང་ཏོག་ཁུ་བ་དང་ཤིང་ཏོག་གི་བྲོ་བ་ལྡན་པའི་བཏུང་ཆ་།

མངར་ཆ་མཐོ་བའི་མཉེན་རྒྱུ་དང་ཡང་ན་ལུས་རྩལ་བཏུང་བྱ།

འོ་མ།

ཐང་གི་རིགས།

འཁྱགས་ཞོ།