您的位置:首页> 科普宣传 > >

化疗时要注意哪些?

发布时间:2022-03-29 18:13:56 来源:西藏康城肿瘤医院 阅读:0

化疗时要注意哪些?

图片

1.饮食:每日三餐中必须有蔬菜和水果,禁食辛辣、刺激、油腻、甜食,如:辣椒、甜面包、蛋糕等,尽量进食清淡易消化食物,如早餐可以选择牛奶一袋或者鱼汤、肉汤一小碗(250ml)、鸡蛋一个、小馒头一个;午餐可进食面条或米饭一小碗,进食新鲜的蔬菜(菠菜、芹菜、白菜、胡萝卜、茄子、土豆、西红柿等),加少量肉类,可选择鸡肉、鱼肉、羊肉、牛肉;晚餐要少吃,可进食稀饭或汤面条,进食新鲜的蔬菜(紫甘蓝、香菜、黄花菜、西兰花),保持大便通畅。进食量以十个网球(比自己拳头小一点)原则剂量,每天不超过一个网球大小的肉类,相当于两个网球大小的主食,要保证三个网球大小的水果,不少于四个网球大小的蔬菜。


2.运动:活动量应循序渐进逐渐加强,以自身能适应为宜。例如进行一些适当的散步、骑自行车、打太极等有氧运动,行患肢的内收外展、扩胸、肩关节外旋等运动,以促进机体更好恢复。活动时间最好安排在晨起、睡前或餐后半小时。


3.睡眠:不要躺着进食,饭后不要马上平卧,可适当散步,约30分钟后睡觉。每天按时休息,保证充足的睡眠,中午适当休息(建议休息30分钟),晚间睡眠保持6小时以上,充足的睡眠可以促进机体的恢复。每晚用热水烫脚,促进血液循环,或饮用热牛奶,以利于睡眠。


4.心理:肿瘤化疗的病人由于社会环境的不同,文化程度的不同,加上化疗时间长,化疗后的毒副作用,担心化疗的效果,化疗费用等,病人往往出现恐惧、焦虑、怀疑、失望的心理。不良的情绪会增加化疗的副毒发应影响化疗的顺利完成。所以化疗前病人要保持良好的心理状态,要正视现实,树立战胜疾病的信心。多和家人和责任护士沟通,良好的心态会加快病情康复的进程。


5.安全:在住院期间请您注意安全,起床、走路小心滑倒,贵重物品随身携带,打开水时小心烫伤。请您晚间休息时拉起床两边的床挡,以防止发生坠床,给您的身心带来痛苦。


6.专科指导:住院期间我们会根据医嘱为您输注药品,同时会遵医嘱为您发放口服药,请您按时服用。有些药物会有一些不良反应,我们会为您详细讲解注意事项,避免患肢提过重物品。用药期间外出需戴口罩,避免到人群聚集的地方,预防感冒,保持口腔清洁。


རྫས་འགྱུར་སྨན་བཅོས་བྱེད་སྐབས་གང་དག་ལ་དོ་སྣང་བྱེད་དགོས།

གཅིག།བཟའ་བཅའི་ཐད།ཉིན་རེའི་ལྟོ་དུས་གསུམ་པོའི་ནང་ངེས་པར་དུ་སྔོ་ཚལ་དང་ཤིང་འབྲས་དགོས།ཁ་ཚ་བ་དང།ཕོག་ཐུག་རང་བཞིན་གྱི་ཟས་རིགས།སྣུམ་མང་བའི་ཟས་རིགས།མངར་མོའི་ཟས་རིགས་སོགས་འཛེམ་དགོས། དཔེར་ན་སུར་པན་དང།བག་ལེབ་མངར་མོ།སྒོ་ངའི་བག་ལེབ་སོགས། བཟའ་བཅའ་སྐྱ་དྭགས་རིགས་དང་འཇུ་སླ་བ་ཟ་དགོས།དཔེར་ན་ཞོགས་ཟས་འོ་མ་གཅིག་གམ་ཡང་ན་ཉ་ཁུ་དང་ཤ་ཁུ་དཀར་ཡོལ་ཆུང་བ་གཅིག་250mlསྒོ་ང་གཅིག་གམ་མོག་མོག་ཆུང་བ་གཅིག་བཅས་ཟ་ཆོག་ལ།སྔོ་ཚལ་སོས་པ་ཟ་དགོས།དཔེར་ན་པོ་ཚལ་དང་།ཆིན་ཚལ།པད་ཚལ།ལ་ཕུག་སེར་པོ་དང།ཆེ་ཙེ།ཞོག་ཁོག།ཀྲོ་མ་ཀྲུ་སོགས་།ཤ་ཉུང་ཙམ་སྐྱོན་ཆོག་སྟེ།བྱ་ཤ་དང་།ཉ་ཤ།ལུག་ཤ།ཚགས་ཤ་སོགས་འདེམ་དགོས། དགོང་ཟས་ཉུང་ཙམ་ཟ་དགོས་ཏེ།འབྲས་ཐུག་དང་ཐུག་པ་འཐུང་དགོས།སྔོ་ཚལ་སོས་པ་ཟ་དགོས། དཔེར་ན་ཙི་ཀན་ལན།བསོད་ནམས་དཔལ་འཛོམས།ཞི་ལན་མེ་ཏོག་སོགས་ཟ་དགོས་པ་དང་བཙོག་པ་མི་འགག་པ་བྱེད་དགོས།ཟ་མ་ཟ་བའི་ཚད་ནི་ཝང་ཆིའུ་སྤོ་ལོའི་བཅུ་ཡིན་རང་ཉིད་ཀྱི་ཁུ་ཚུར་ལས་ཅུང་ཆུང་བ་ཡོད་རྩ་དོན་གྱི་སྦྱོར་ཚད།ཉིན་ལྟར་ཝང་ཆིའུ་སྤོ་ལོའི་ཆེ་ཆུང་གཅིག་ལས་མི་བརྒལ་བའི་ཤ་རིགས་ནི་ཝང་ཆིའུ་སྤོ་ལོའི་ཆེ་ཆུང་གཉིས་ཀྱི་ཟ་མ་གཙོ་བོ་དང་མཚུངས་པས་ཝང་ཆིའུ་སྤོ་ལོ་ཆེ་ཆུང་གསུམ་གྱི་ཤིང་འབྲས་འགན་ལེན་བྱེད་དགོས་པ་དང་ཝང་ཆིའུ་སྤོ་ལོ་ཆེ་ཆུང་བཞི་ལས་མི་ཉུང་བའི་སྔོ་ཚལ་འགན་ལེན་བྱེད་དགོས།


གཉིས།ལུས་རྩལ་ཐད།ལུས་རྩལ་བྱེད་ཚད་དེ་རིམ་བཞིན་ཤུགས་ཆེ་རུ་བཏང་ནས་རང་ཉིད་འཕྲོད་ཐུབ་དེ་འཚམ་པར་ཡོང་བ་བྱེད་དགོས། དཔེར་ན།འོས་འཚམ་གྱི་འཆམ་འཆམ་དུ་འགྲོ་བ་དང་རྐང་འཁོར་ཞོན་པ།ཐའེ་ཅི་ཆོན་རྒྱག་པ་སོགས་དབྱང་རླུང་ཡོད་པའི་ལུས་རྩལ་བྱེད་པ་དང་།ནད་པའི་རྐང་ལག་ཕྱི་ནང་ལ་བརྐྱངས་ནས་བྲང་བསྐྱེད་པ།དཔུང་ཚིགས་ཕྱི་རུ་འགུལ་བ་སོགས་ཀྱི་ལུས་རྩལ་བྱས་ཏེ།ལུས་ཁམས་སྔར་བས་བདེ་ཐང་ཡོང་བར་སྐུལ་འདེད་བྱེད་དགོས། ལུས་རྩལ་དུས་ཚོད་རབ་ཡིན་ན་ཞོགས་པ་ལངས་རྗེས་དང་མ་ཉལ་གོང་དང་ཟ་མ་ཟས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀ་བཀོད་སྒྲིག་བྱེད་དགོས།

 

གསུམ།གཉིད་ཀྱི་ཐད།ཉལ་ནས་ཟ་མ་མི་ཟ་བ་དང་ཟ་མ་ཟས་རྗེས་ལམ་སེང་ཉལ་མི་རུང་འོས་འཚམས་ཀྱིས་འཆམ་འཆམ་བྱེད་པ་དང་ཕལ་ཆེར་སྐར་མ་༣༠རྗེས་གཉིད་ཉལ་དགོས། ཉིན་རེར་དུས་ལྟར་ངལ་གསོ་བྱས་ཏེ།གཉིད་འདང་བར་བྱེད་དགོས།ཉིན་གུང་ངལ་གསོ་འོས་འཚམ་བྱེད་དགོས།ཡག་ཤོས་བྱུང་ན་ངལ་གསོ་སྐར་མ་༣༠བྱེད་དགོས།དགོང་མོར་གཉིད་དུས་ཚོད་ཆུ་ཚོད་༦ཡན་ལ་རྒྱུན་འཁྱོངས་བྱེད་དགོས།གཉིད་འདང་ན་ལུས་ཕུང་སླར་གསོ་བྱེད་ཐུབ། དགོང་མོ་རེར་ཆུ་ཚ་པོས་རྐང་པ་ཚ་པོ་བཟོས་ནས་ཁྲག་གི་འཁོར་སྐྱོད་ལ་སྐུལ་འདེད་བྱེད་པ་དང་ཡང་ན་འོ་མ་ཚ་པོ་འཐུང་ན་གཉིད་ལ་ཕན་པ་ཡོད།

 

བཞི།སེམས་ཁམས་ཐད།སྐྲན་ནད་རྫས་འགྱུར་སྨན་བཅོས་ཀྱི་ནད་པ་སྤྱི་ཚོགས་ཁོར་ཡུག་མི་འདྲ་བ་དང་།རིག་གནས་ཆུ་ཚད་མི་འདྲ་བ་།དེའི་ཁར་རྫས་འགྱུར་སྨན་བཅོས་ཀྱི་དུས་ཚོད་རིང་བ་།རྫས་འགྱུར་སྨན་བཅོས་བྱས་རྗེས་ཀྱི་དུག་གི་ཞོར་སྐྱོན་དང་།རྫས་འགྱུར་སྨན་བཅོས་ཀྱི་ཕན་འབྲས་ལ་སེམས་ཁྲལ་དང་རྫས་འགྱུར་གྱི་འགྲོ་གྲོན་སོགས་ཀྱི་དབང་གིས་ནད་པར་རྒྱུན་དུ་འཇིགས་སྣང་དང་།སེམས་ཁྲལ་།དོགས་པ་།རེ་ཐག་ཆད་པ་བཅས་ཀྱི་སེམས་ཁམས་འབྱུང་བཞིན་ཡོད། མི་ལེགས་པའི་སེམས་ཁམས་ཀྱིས་རྫས་འགྱུར་སྨན་བཅོས་ཀྱི་དུག་ཕལ་བར་ཤུགས་སྣོན་བྱེད་པས་རྫས་འགྱུར་སྨན་བཅོས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཤུགས་རྐྱེན་ཐེབས་སྲིད། དེའི་ཕྱིར་རྫས་འགྱུར་སྨན་བཅོས་སྔོན་གྱི་ནད་པས་སེམས་ཁམས་ཀྱི་རྣམ་པ་བཟང་བོ་ཞིག་སྲུང་འཛིན་བྱེད་དགོས་པ་དང་།དངོས་ཡོད་ལ་བལྟ་དགོས་ཤིང་།ནད་རིགས་ལས་རྒྱལ་བར་བྱེད་པའི་ཡིད་ཆེས་ཡོད་དགོས། ནང་མི་དང་།རང་གི་འགན་འཁྲིའི་ནད་གཡོག་བཅས་དང་འབྲེལ་གཏུག་མང་ཙམ་བྱས་ཚེ་སེམས་ཁམས་བཟང་པོས་ནད་གཞིའི་དྲག་སྐྱེད་ཀྱི་འཕེལ་རིམ་མགྱོགས་སུ་འགྲོ་སྲིད།

 

ལྔ།བདེ་འཇགས་ཐད།སྨན་ཁང་དུ་སྡོད་པའི་སྐབས་སུ་ཁྱོད་ཀྱིས་བདེ་འཇགས་ལ་དོ་སྣང་བྱས་ཏེ།མལ་ལས་ལངས་སྐབས་དང།འགྲོ་དུས་གཟབ་གཟབ་བྱེད་དགོས།དངོས་པོ་རྩ་ཆེན་ལུས་དང་མ་བྲལ་བར་ཁྱེར་དགོས།ཆུ་ཕྱེ་དུས་འཚིག་རྨས་ལ་གཟབ་གཟབ་བྱེད་དགོས། ཁྱེད་ཀྱིས་དགོང་མོ་ངལ་གསོའི་སྐབས་ཕྱོགས་གཉིས་ཀྱི་ཉལ་ཁྲིའི་བཀག་འཐེན་ནས་ཉལ་ཁྲིའི་ཐོག་ནས་ཐང་ལ་མི་ལྷུང་བའི་སྔོན་འགོག་བྱས་ནས་ཁྱེད་ཀྱི་ལུས་སེམས་ལ་སྡུག་བསྔལ་མི་ཡོང་བ་བྱ་དགོས།


དྲུག།ཆེད་ལས་ཚན་ཁག་གི་མཛུབ་སྟོན།སྨན་ཁང་དུ་སྡོད་པའི་སྐབས་སུ་ང་ཚོས་སྨན་པའི་ཁ་ཏ་ལྟར་ཁྱེད་ལ་སྨན་ཁབ་རྒྱག་པ་དང་།དུས་མཚུངས་སུ་སྨན་པའི་ཁ་ལ་ཉན་ནས་ཁྱེད་ལ་སྨན་སྟེར་ངེས།ཁྱེད་ཀྱིས་དུས་ལྟར་འཐུང་རོགས། སྨན་ཁ་ཤས་ལ་མི་འཕྲོད་པའི་སྣང་ཚུལ་ཡོད་པས།ང་ཚོས་ཁྱེད་རང་ལ་དོ་སྣང་བྱེད་དགོས་པའི་དོན་དག་གསལ་བཤད་ཞིབ་ཕྲ་བྱེད་ཀྱི་རེད།ནད་པའི་ཡན་ལག་ཀྱི་དངོས་པོ་ལྕི་དྲགས་པ་མི་འཁྱེར་བ་སྔོན་འགོག་བྱེད་དགོས། སྨན་བསྟེན་པའི་དུས་སུ་ཕྱི་ལ་འགྲོ་ན་ཁ་རས་བརྒྱབ་ནས་མི་ཚོགས་འདུ་སར་མི་འགྲོ་བ་དང་ཆམ་ནད་མི་ཕོག་པ་བྱས་ཏེ་ཁ་ནང་གི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས།