您的位置:首页> 科普宣传 > >

肿瘤最怕这5件事儿!赶快行动,有效对抗癌细胞

发布时间:2022-03-29 18:12:38 来源:西藏康城肿瘤医院 阅读:0
尽管人类对肿瘤的认识有了一些深入,也有了一些治疗手段,部分癌症甚至还取得了良好的治疗效果,但癌症依旧是威胁人类生命健康的重大杀手。在这样的局面下很多人谈癌色变。

མིའི་རིགས་ཀྱིས་སྐྲན་ནད་ལ་ངོས་འཛིན་ཟབ་མོ་བྱུང་ཡོད་ལ།སྨན་བཅོས་བྱེད་ཐབས་ཁ་ཤས་ཀྱང་བྱུང་ཡོད་ཅིང་།སྐྲན་ནད་ཁ་ཤས་ལ་ཐ་ན་སྨན་བཅོས་ཀྱི་ཕན་འབྲས་ལེགས་པོ་ཐོབ་ཡོད་མོད།འོན་ཀྱང་སྐྲན་ནད་ནི་སྔར་བཞིན་མིའི་རིགས་ཀྱི་ཚེ་སྲོག་བདེ་ཐང་ལ་འཇིགས་སྐུལ་བྱེད་པའི་ལག་དམར་གལ་ཆེན་ཞིག་རེད། རྣམ་པ་འདི་འདྲའི་འོག་ཏུ་མི་མང་པོ་ཞིག་གིས་སྐྲན་ནད་གླེང་སྐབས་མདོག་འགྱུར་བཞིན་ཡོད།


图片

但你知道吗?肿瘤并不是“无所畏惧”,生活中如果我们处理好这5件小事,癌细胞也会“认怂”,赶快试试吧!

འོན་ཀྱང་ཁྱོད་ཀྱིས་ཤེས་སམ། སྐྲན་ནད་ནི་"གང་ལའང་མི་སྐྲག་པ་"ཞིག་མ་ཡིན་པར་འཚོ་བའི་ཁྲོད་གལ་ཏེ་ང་ཚོས་དོན་ཆུང་༥པོ་དེ་ཐག་གཅོད་ཡག་པོ་བྱས་ཚེ་འབྲས་སྐྲན་ཕྲ་ཕུང་ཡང་"ཤོར་བའི་ཁས་ལེན་"བྱེད་སྲིད་པས་མགྱོགས་མྱུར་ཚོད་ལྟ་ཞིག་གྱིས་དང་།


怕你有好情绪

ཁྱོད་ལ་སེམས་ཁམས་བཟང་བོ་ཡོད་པར་སྐྲག།



你知道吗?心情的好坏与肿瘤的发生、发展、转移以及预后都有着密不可分的联系。

不良情绪引起的多种应激激素变化,如儿茶酚胺、糖皮质激素和其他应激激素,能够促进肿瘤细胞生长,迁移以及侵袭能力;应激激素还可以激活致癌病毒并改变免疫功能。

相应的,心情愉悦时,人的中枢神经系统中的“快乐因子”多巴胺的浓度会受到影响,进而会促进人体的免疫系统提高应对肿瘤的能力。

ཁྱོད་ཀྱིས་ཤེས་སམ། སེམས་ཁམས་ཀྱི་བཟང་ངན་ནི་སྐྲན་ནད་བྱུང་བ་དང་།འཕེལ་རྒྱས།སྤོ་སྒྱུར།སྔོན་དཔག་བཅས་དང་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཡོད།སེམས་ཁམས་མི་ལེགས་པ་ལས་བྱུང་བའི་སྐུལ་རྒྱུའི་འགྱུར་ལྡོག་མང་པོ་དཔེར་ན་ཇའི་ཧྥུན་ཨན་དང་མངར་ཤུན་རྫས་སྐུལ་རྒྱུ་དང་སྐུལ་བསྟུན་སྐུལ་རྒྱུ་གཞན་དག་གི་སྐྲན་ནད་ཕྲ་ཕུང་སྐྱེ་འཚར་ལ་སྐུལ་འདེད་དང་གནས་སྤོ་དེ་བཞིན་འཇབ་རྒོལ་ནུས་པ་ཡོད།སྐུལ་བསྟུན་སྐུལ་རྒྱུ་ཡིས་འབྲས་སྐྲན་སློང་བའི་ནད་དུག་སློང་ཐུབ་པ་མ་ཟད།རིམས་འགོག་གི་ནུས་པའང་བསྒྱུར་ཐུབ།

དེ་དང་བསྟུན་ནས།སེམས་ཁམས་སྐྱིད་པའི་སྐབས་སུ།མིའི་ལྟེ་བའི་དབང་རྩའི་མ་ལག་ཁྲོད་ཀྱི་"དགའ་སྤྲོའི་རྒྱུ་རྐྱེན་"ཏོ་པ་ཨན་གྱི་གར་ཚད་ལ་ཤུགས་རྐྱེན་ཐེབས་སྲིད།དེ་ནས་མིའི་ལུས་ཕུང་གི་རིམས་འགོག་མ་ལག་གིས་སྐྲན་ནད་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་ཐུབ།


图片

无论如何,不能忽视积极情绪的重要作用。我们需要做到的是,保持良好的心情以及身心放松,进行情绪的合理宣泄和调节。

གང་ལྟར་ཀྱང་དགེ་མཚན་ལྡན་པའི་བསམ་ཚུལ་གྱི་ནུས་པ་གལ་ཆེན་སྣང་མེད་དུ་འཇོག་མི་རུང་། ང་ཚོས་སྒྲུབ་དགོས་པ་ནི་སེམས་ཁམས་བཟང་བོ་དང་ལུས་སེམས་ལྷོད་ལ་བབས་ནས་སེམས་ཁམས་ཕྱིར་འདོན་དང་སྙོམས་སྒྲིག་བྱེད་དགོས།


       怕你饮食健康

ཁྱོད་ཀྱི་བཟའ་བཏུང་བདེ་ཐང་ཡིན་པ་ལ་སྐྲག།


肿瘤的发生、转移与不良饮食习惯息息相关。很多患者在疾病恢复期总想“吃点好的”来补一补,殊不知,大鱼大肉背后的高脂、高糖竟能成为肿瘤转移的“帮凶”!研究显示:高糖饮食可能提高罹患乳腺癌的风险和乳腺癌向肺部扩散的可能性[1]

高脂肪、高胆固醇、高糖食物的摄入可加速癌细胞的扩散;相反,健康饮食则能在一定程度上降低癌细胞扩散的风险!日常生活中,要注意各类膳食摄入的平衡,不要为健康埋下隐患。

སྐྲན་ནད་འབྱུང་བ་དང་།སྤོ་བསྒྱུར་བྱེད་པ་དེ་བཟའ་བཏུང་གི་གོམས་གཤིས་ངན་པ་དང་འབྲེལ་བ་དམ་པོ་ཡོད། ནད་པ་མང་པོ་ཞིག་གིས་ནད་གཞི་དྲག་སྐྱེད་བྱུང་བའི་དུས་སུ་ཟ་མ་ཡག་པོ་འགའ་ཟ་འདོད་ནས་ཁ་གསབ་བྱེད་བསམ་གྱི་ཡོད་མོད།འོན་ཀྱང་ཉ་ཆེན་ཤ་ཆེན་པོ་རྒྱབ་ཀྱི་ཚིལ་མཐོ་དང་མངར་ཆ་མཐོན་པོ་དེ་སྐྲན་ནད་སྤོ་བསྒྱུར་བྱེད་པའི་ངན་རོགསསུ་འགྱུར་སྲིད་པ་ཤེས་ཀྱི་མེད། ཞིབ་འཇུག་ལས་མངོན་པ་ལྟར་ན།མངར་ཆ་མང་བའི་བཟའ་བཏུང་ལ་ནུ་མའི་འབྲས་སྐྲན་ཕོག་པའི་ཉེན་ཁ་དང་ནུ་མའི་འབྲས་སྐྲན་དེ་གློ་བར་ཁྱབ་པའི་ཉེན་ཁ་མཐོ་རུ་འགྲོ་སྲིད།

ཚིལ་ཞག་མཐོ་བ་དང་མཁྲིས་རྒྱུ་གཤེར་རྩི་མཐོ་བ།མངར་ཆ་མང་བ་བཅས་ཀྱི་ཟས་རིགས་ཀྱིས་སྐྲན་ནད་ཕྲ་ཕུང་ཁྱབ་པ་ཇེ་མགྱོགས་སུ་གཏོང་ཐུབ། དེ་ལས་ལྡོག་སྟེ།བདེ་ཐང་བཟའ་བཏུང་གིས་ཚད་ངེས་ཅན་ཞིག་གི་སྟེང་ནས་སྐྲན་ཕྲ་ཕུང་ཁྱབ་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་བཟའ་བཅའ་སྣ་ཚོགས་ཀྱི་སྤྱོད་ཚད་དོ་སྙོམས་ཡོང་རྒྱུར་དོ་སྣང་བྱེད་དགོས་པ་ལས་བདེ་ཐང་ལ་མངོན་མེད་རྐྱེན་ངན་མི་ཡོང་བ་བྱེད་དགོས། 


图片

如何做到健康饮食?

ཇི་ལྟར་བྱས་ནས་བདེ་ཐང་གི་བཟའ་བཏུང་སྤྱོད་དགོས། 


  • 在正常体重范围内尽可能减轻体重;
  • 适度运动,减少久坐行为;
  • 限制高能量食品和含糖饮料的摄入;
  • 保证植物性食物的摄入,每天至少吃400克蔬菜或水果),选择粗粮和豆类食品来替代精制谷物;
  • 红肉一周摄取量不超过500克,少吃或不吃加工肉类食物;
  • 限制酒精摄入,男性每日酒精摄入量不超过20-30克,女性每日不超过10-15克;
  • 限制腌制食品,控制每日盐的摄入量不超过6克。
  • རྒྱུན་ལྡན་གྱི་ལུས་པོའི་ལྗིད་ཚད་ཀྱི་ཁྱབ་ཁོངས་ནང་དུ་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་དགོས།

  • འོས་འཚམས་ཀྱིས་ལུས་རྩལ་སྦྱོང་བརྡར་བྱས་ནས་ཡུན་རིང་དུ་སྡོད་པའི་བྱ་སྤྱོད་ཉུང་དུ་གཏོང་དགོས།

  • ནུས་ཚད་མཐོ་བའི་བཟའ་བཅའ་དང་མངར་ཆ་འདུས་པའི་འཐུང་བྱའི་རིགས་ཚོད་འཛིན་བྱ་དགོས།

  • རྩི་ཤིང་རང་བཞིན་གྱི་བཟའ་བཅའ་བསྡུ་ལེན་བྱ་རྒྱུར་འགན་ལེན་བྱས་ཏེ་ཉིན་རེར་ཉུང་མཐར་ཡང་སྔོ་ཚལ་ཁེ་400འམ་ཡང་ན་ཤིང་འབྲས་ཟ་རྒྱུ་)འབྲུ་དཀྱུས་དང་སྲན་རིགས་བཟའ་བཅའ་བདམས་ནས་སྤུས་དག་འབྲུ་རིགས་ཀྱི་ཚབ་བྱེད་དགོས།

  • ཤ་དམར་ནི་གཟའ་འཁོར་རེར་ཁེ་500ལས་མི་བརྒལ་ཞིང་།ཤ་རིགས་ལས་སྣོན་བྱས་པའི་བཟའ་བཅའ་ཉུང་ཙམ་ཟ་བའམ་མི་ཟ་བ།

  • ཆང་བཏུང་བར་ཚོད་འཛིན་བྱེད་པ་དང་།སྐྱེས་པ་ཕོ་ཉིན་རེར་ཁེ་20ནས་30བར་ལས་མི་བརྒལ་བ་དང་བུད་མེད་ལ་ཁེ་10ནས་15བར་ལས་མི་བརྒལ་བ།

  • བསྙལ་བཟོས་ཟས་རིགས་ལ་ཚོད་འཛིན་བྱས་ཏེ།ཉིན་རེར་ཚྭ་སྤྱོད་ཚད་ཁེ་6ལས་མི་བརྒལ་བར་བྱེད་དགོས། 


怕你爱运动
ཁྱོད་ལུས་རྩལ་ལ་དགའ་བར་སྐྲག།

体育锻炼不仅有助于减肥或保持体形,而且对癌症也有预防作用。

图片

有研究表明,每天至少进行30~60分钟的中等到高强度体育锻炼的人患癌症的风险会降低。

ལུས་རྩལ་སྦྱོང་བརྡར་བྱས་ན་ཤ་སྐམ་པ་དང་གཟུགས་བྱད་རྒྱུན་འཁྱོངས་ཐུབ་པ་མ་ཟད།སྐྲན་ནད་ཀྱང་འགོག་ཐུབ།


ཞིབ་འཇུག་བྱས་པ་ལྟར་ན།ཉིན་རེར་ཆེས་ཉུང་ནའང་སྐར་མ་30-60ཡི་ནང་དུ་ལུས་རྩལ་སྦྱོང་བརྡར་ཚད་མཐོ་བའི་མི་ལ་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་རེད། 


怕你定期复查

ཁྱོད་ཀྱིས་དུས་ལྟར་བསྐྱར་ཞིབ་བྱེད་པར་སྐྲག།


很多患者在肿瘤治疗后自我感觉良好,被治疗之后的“安静”所欺骗,就忽略了医生当初要求的定期复查,但其实癌细胞在体内并没有完全消失,稍不留神就可能“卷土重来”!

严格定期进行复查,能够早期、及时发现肿瘤局部复发转移的迹象,复发或转移灶若能及时处理,大多数仍可望收到良好的疗效。所以,望广大患者能够定期进行复查,不要给肿瘤再次攻击的机会!

ནད་པ་མང་པོ་ཞིག་ལ་སྐྲན་ནད་སྨན་བཅོས་བྱས་རྗེས་རང་ཉིད་ལ་ཚོར་བ་བཟང་པོ་ཡོད་པ་དང་།སྨན་བཅོས་བྱས་རྗེས་ཀྱི་ཁ་ཁུ་སིམ་གྱིས་མགོ་སྐོར་ཐེབས་པའི་རྐྱེན་གྱིས།སྨན་པས་དང་ཐོག་དུས་བཅད་ལྟར་བསྐྱར་བཤེར་བྱེད་པ་སྣང་མེད་དུ་བཞག་མོད།འོན་ཀྱང་དོན་དངོས་སུ་སྐྲན་ནད་ཕྲ་ཕུང་དེ་ལུས་སྟེང་དུ་ཡོངས་སུ་མེད་པར་གྱུར་མེད་པས།ཅུང་ཙམ་དོ་སྣང་མ་བྱས་ནབསྐྱར་དུ་འབྱུང་སྲིད།

དུས་བཅད་ལྟར་ཡང་བསྐྱར་བརྟག་དཔྱད་བྱས་ན།སྔ་ཙམ་དང་དུས་ཐོག་ཏུ་སྐྲན་ནད་བསྐྱར་འཕར་བྱུང་བའི་སྣང་ཚུལ་མཐོང་ཐུབ།ཡང་བསྐྱར་བྱུང་བའམ་ཡང་ན་ཐབ་སྤོ་བྱས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་ཐུབ་ན།མང་ཆེ་བར་སྔར་བཞིན་ཕན་ནུས་ལེགས་པོ་ཐོན་རེ་ཡོད། དེར་བརྟེན།རྒྱ་ཆེའི་ནད་པ་རྣམས་ཀྱིས་དུས་བཅད་ལྟར་བསྐྱར་ཞིབ་བྱས་ཏེ།སྐྲན་ནད་ལ་ཡང་བསྐྱར་ཕར་རྒོལ་བྱེད་པའི་གོ་སྐབས་མི་སྟེར་བར་སྨོན། 




怕你不熬夜
ཁྱོད་ཀྱིས་མཚན་འཁྱོངས་མི་བྱེད་པར་སྐྲག།

我们每个人体内都有一个特殊的生物钟管理着体内的昼夜节律,如果总是熬夜,身体的昼夜节律被打乱,进而导致复发转移!所以,停止熬夜刻不容缓!

但我们都清楚,肿瘤患者由于药物不良反应、疼痛、负面情绪等原因很难保持正常的睡眠生物钟,这个时候可以通过运动、呼吸冥想、戒咖啡茶、吃助眠药物等方法帮助入睡,提高睡眠质量。

但需要注意,镇静催眠药需要在医生的指导下应用,不可擅自加量。

ང་ཚོ་མི་རེ་རེའི་ལུས་སྟེང་དུ་ཁྱད་པར་ཅན་གྱི་སྐྱེ་དངོས་དུས་ཚོད་ཀྱིས་ལུས་སྟེང་གི་ཉིན་མཚན་ཚིགས་འགྲོས་ལ་དོ་དམ་བྱེད་བཞིན་ཡོད།གལ་ཏེ་རྒྱུན་དུ་མཚན་འཁྱོངས་བྱས་ན།ལུས་ཕུང་གི་ཉིན་མཚན་ཚིགས་འགྲོས་ལ་གཏོར་བརླག་ཐེབས་པ་དང་།དེ་ནས་ཡང་བསྐྱར་སྤོ་སྒྱུར་བྱེད་པ་།དེར་བརྟེན་མཚན་འཁྱོངས་བྱེད་རྒྱུ་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་།

འོན་ཀྱང་ང་ཚོས་ཤེས་གསལ་ལྟར།སྐྲན་ནད་ཕོག་པའི་ནད་པས་སྨན་མི་འཕྲོད་པའམ་ན་ཟུག་གཏོང་བ།ལྡོག་ཕྱོགས་ཀྱི་སེམས་ཁམས་སོགས་ཀྱིས་རྐྱེན་པས་རྒྱུན་ལྡན་གྱི་གཉིད་ལོག་པའི་སྐྱེ་དངོས་ཆུ་ཚོད་རྒྱུན་འཁྱོངས་བྱེད་དཀའ་བས།དུས་ཚོད་འདིར་ལུས་རྩལ་བྱེད་པ་དང་།དབུགས་རྔུབ་ལེན་བྱེད་པ།འཚིག་ཇའི་ཇ་མི་འཐུང་བ།གཉིད་ལ་ཕན་པའི་སྨན་ཟ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་གཉིད་ཁུག་ཏུ་བཅུག་ནས་གཉིད་ཀྱི་སྤུས་ཚད་ཇེ་བཟང་དུ་གཏོང་ཐུབ།

འོན་ཀྱང་མཉམ་འཇོག་དགོས་པ་ཞིག་ནི།གཉིད་སྨན་དེ་སྨན་པའི་མཛུབ་སྟོན་འོག་ཏུ་བཀོལ་དགོས་པ་ལས་གང་འདོད་དུ་འཐུང་མི་རུང་།