您的位置:首页> 科普宣传 > >

化疗患者看过来,关于化疗的六个常见问题答疑

发布时间:2022-03-29 18:06:32 来源:西藏康城肿瘤医院 阅读:0

01手术切除肿瘤后为何还需化疗?གཤགས་བཅོས་བྱས་ནས་སྐྲན་ནད་གཅོད་རྗེས་ད་དུང་རྫས་འགྱུར་སྨན་བཅོས་བྱེད་དགོས་དོན་ཅི་ཡིན།


很多患者在确诊癌症后,可通过正规的手术,切除肿块、周围少许正常组织、甚至区域引流的淋巴结。然而,恶性程度较高的肿瘤细胞往往善于侵袭到更远的地方,甚至转移到远处脏器例如肺脏、肝脏、骨骼、和脑。为了更彻底地杀灭这些到处跑的癌细胞,全身性的化疗就极为重要了。多项临床研究已经充分显示:合适的化疗可以减少复发率和肿瘤转移率、提高治愈率。

ནད་པ་མང་པོ་ཞིག་གིས་སྐྲན་ནད་ཡིན་པ་གཏན་འཁེལ་བྱས་རྗེས།ཚད་ལྡན་གྱི་གཤགས་བཅོས་བྱས་ནས་སྐྲན་རྡོག་གཅོད་ལེན་དང་མཐའ་འཁོར་གྱི་རྒྱུན་ལྡན་གྱི་ཕུང་གྲུབ་ཉུང་ཤས་དང་ཐ་ན་ཁུལ་ཁོངས་སུ་བཞུར་འདྲེན་བྱེད་པའི་རྨེན་མདུད་གཅོད་པ། འོན་ཀྱང་།ངན་ཚད་ཅུང་མཐོ་བའི་སྐྲན་ནད་ཕྲ་ཕུང་གིས་ལྷག་པར་ཏུ་རྒྱང་རིང་གི་གནས་ལ་རྒོལ་བར་མཁས་པ་མ་ཟད།ཐ་ན་རྒྱང་རིང་གི་ནང་ཁྲོལ་དུ་སྤོ་སྒྱུར་བྱས་ཏེ་དཔེར་ན་གློ་བ་དང་མཆིན་པ།རུས་པ།ཀླད་པ་སོགས། དེ་ལས་ལྷག་པའི་སྒོ་ནས་གང་སར་རྒྱུགས་པའི་སྐྲན་ཕྲ་ཕུང་དེ་དག་གསོད་ཆེད།ལུས་ཡོངས་རང་བཞིན་གྱི་རྫས་འགྱུར་གསོ་བཅོས་ནི་ཧ་ཅང་གལ་ཆེན་ཞིག་ཡིན། ནད་ཐོག་ཞིབ་འཇུག་མང་པོ་ལས་གསལ་པོར་མངོན་པར།རྫས་འགྱུར་གསོ་བཅོས་འོས་འཚམ་བྱས་ན་ཡང་བསྐྱར་བྱུང་ཚད་དང་སྐྲན་ནད་སྤོར་སྒྱུར་ཚད་ཇེ་ཉུང་དུ་གཏོང་ཐུབ་ལ།དྲག་སྐྱེད་བྱུང་ཚད་ཆེ་རུ་གཏོང་ཐུབ།


02化疗不良反应是越大越好吗?རྫས་འགྱུར་སྨན་བཅོས་ཀྱི་ཚུར་སྣང་མི་ལེགས་པ་ནི་ཇི་ལྟར་ཆེ་ན་དེ་ལྟར་བཟང་ངམ།


化疗的不良反应与化疗疗效之间并无必然联系。化疗不良反应的轻重程度与患者体质、耐受能力以及所用的药物相关。某些患者可能对化疗药物较为敏感,导致化疗不良反应比较严重。如果患者对化疗药物并不敏感,不良反应会相对较少。

རྫས་འགྱུར་སྨན་བཅོས་ཀྱི་ཚུར་སྣང་མི་ལེགས་པ་དང་རྫས་འགྱུར་སྨན་བཅོས་ཀྱི་ཕན་ནུས་བར་དུ་ལྡོག་ཏུ་མེད་པའི་འབྲེལ་བ་མེད། རྫས་འགྱུར་སྨན་བཅོས་ཀྱི་ཚུར་སྣང་མི་ལེགས་པའི་ལྕི་ཡང་གི་ཚད་ནི་ནད་པའི་གཟུགས་གཞི་དང་།བཟོད་སྲན་ནུས་པ།དེ་བཞིན་དུ་སྤྱོད་པའི་སྨན་དང་འབྲེལ་བ་ཡོད། ནད་པ་ལ་ལ་ཞིག་རྫས་འགྱུར་སྨན་རྫས་ལ་ཚོར་བ་སྐྱེན་པོ་ཡིན་པས།རྫས་འགྱུར་སྨན་བཅོས་ཀྱི་ཚུར་སྣང་མི་ལེགས་པ་ཅུང་ཚབས་ཆེན་ཡིན། གལ་ཏེ་ནད་པར་རྫས་འགྱུར་སྨན་བཅོས་ཀྱི་སྨན་ལ་ཚོར་བ་དེ་འདྲ་མེད་ན།ཚུར་སྣང་མི་ལེགས་པ་ཅུང་ཉུང།


03怎么评判化疗的效果?རྫས་འགྱུར་སྨན་བཅོས་ཀྱི་ཕན་འབྲས་ལ་ཤན་འབྱེད་ཇི་ལྟརབྱེད་དགོས།


针对不同的癌种,所需要的化疗方案、化疗的周期数目都不尽相同。医生往往会在2-3个周期之后进行各种评估,例如使用CT或MRI去分析肿瘤的大小、部位、正常组织的情况。有时候也会抽血检查各种生物学指标。化疗疗效可通过以下方面进行评估:完全缓解:症状和体征基本消失,并且持续4周以上。部分缓解:肿块大小缩小50%以上,症状和体征部分消失。病情好转:肿块可缩小达25%以上,相关的症状和体征明显减少。病情稳定:肿块缩小或增大都不超过25%,而且没有新的肿物出现。病情进展:肿块增生超过25%,或出现了新的肿块。

སྐྲན་ནད་རིགས་མི་འདྲ་བར་དམིགས་ནས།འདིར་དགོས་པའི་རྫས་འགྱུར་སྨན་བཅོས་ཀྱི་ཇུས་གཞི་དང་རྫས་འགྱུར་སྨན་བཅོས་ཀྱི་དུས་འཁོར་གྲངས་ཀ་མི་འདྲ། སྨན་པས་རྒྱུན་དུ་དུས་འཁོར་གཉིས་ནས་གསུམ་གྱི་རྗེས་ནས་དཔྱད་དཔོག་སྣ་ཚོགས་བྱེད་སྲིད་དེ།དཔེར་ནCTདང་MRIེད་སྤྱད་ནས་སྐྲན་ནད་ཀྱི་ཆེ་ཆུང་དང་གནས་ས།རྒྱུན་ལྡན་གྱི་ཕུང་གྲུབ་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང། སྐབས་འགར་ཁྲག་འཐེན་ནས་སྐྱེ་དངོས་རིག་པའི་དམིགས་ཚད་སྣ་ཚོགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། རྫས་འགྱུར་གསོ་བཅོས་ཀྱི་ཕན་ནུས་ལ་གཤམ་གྱི་ཕྱོགས་འགའ་ནས་དཔྱད་་དཔོག་བྱེད་ཆོག་སྟེ།ཡོངས་སུ་ནས་ཞི་ལྷོད་དུ་གཏོང་བ།ནད་རྟགས་དང་ཁྱད་ཆོས་ཕལ་ཆེར་མེད་པར་འགྱུར་བ།ད་དུང་གཟའ་འཁོར་བཞི་ཡན་ལ་རྒྱུན་འཁྱོངས་བྱེད་པ། ཆ་ཤས་ཞི་ལྷོད་དུ་གཏོང་བ།སྐྲན་རྡོག་གི་ཆེ་ཆུང་50%ཡན་ཇེ་ཆུང་དུ་སོང་བ་དང་ནད་རྟགས་དང་ཁྱད་ཆོས་ཀྱི་ཆ་ཤས་མེད་པར་འགྱུར། ནད་ཇེ་བཟང་དུ་འགྲོ་བ།སྐྲན་རྡོག་གིས་25%ཡི་ཡན་ཇེ་ཆུང་དུ་འགྲོ་བ་དང་།འབྲེལ་ཡོད་ཀྱི་ནད་རྟགས་དང་ཁྱད་ཆོས་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བ་རེད། ནད་གཞི་བརྟན་པོ།སྐྲན་རྡོག་ཆུང་དུ་འགྲོ་བའམ་ཆེ་རུ་འགྲོ་བ་ཚང་མ་25%ལས་མི་བརྒལ་བ་མ་ཟད།ད་དུང་སྐྲན་དངོས་གསར་པ་མི་ཐོན་པ་རེད། ནད་ཀྱི་འཕེལ་རིམ།སྐྲན་རྡོག་འཕར་སྐྱེ་དེ་25%ལས་བརྒལ་བའམ་ཡང་ན་སྐྲན་རྡོག་གསར་བ་བྱུང་བ།


04化疗期间可擅自减量或停药吗?རྫས་འགྱུར་སྨན་བཅོས་བྱེད་པའི་སྐབས་སུ་རང་འགུལ་གྱིས་ཇེ་ཉུང་དུ་གཏོང་བའམ་སྨན་མཚམས་བཞག་ན་ཆོག་གམ།


化疗期间一些患者因难以耐受严重的不良反应或自觉身体状况好转,便擅自将药物减量,甚至停用,这种做法并不可取。主诊医生是根据患者的自身情况来制定用药方案。患者擅自减量会破坏血药浓度,达不到治疗的峰值,肿瘤可能会伺机“卷土重来”,让之前的治疗功亏一篑。如在用药过程中出现严重的不良反应,医生在评估之后会调整用药剂量甚至更换药物,但不宜由患者自行减量或停药

རྫས་འགྱུར་སྨན་བཅོས་ཀྱི་སྐབས་སུ་ནད་པ་ལ་ལས་སྨན་མི་འཕྲོད་པའམ་ཡང་ན་ལུས་ཁམས་ཀྱི་གནས་ཚུལ་ཇེ་བཟང་དུ་འགྲོ་དཀའ་བས་གང་འདོད་ཀྱིས་སྨན་ཉུང་དུ་བཏང་བ་དང་ཐ་ན་སྤྱོད་མཚམས་འཇོག་ཏུ་བཅུག་པས།བྱེད་ཐབས་དེ་རིགས་ནི་མི་ལེགས། སྨན་པ་གཙོ་བོས་ནད་པའི་རང་སྟེང་གི་གནས་ཚུལ་ལ་གཞིགས་ནས་སྨན་སྤྱོད་པའི་ཇུས་གཞི་གཏན་འཁེལ་བྱས་པ་ཞིག་ཡིན། ནད་པས་རང་དགར་ཉུང་དུ་བཏང་ན་དེས་ཁྲག་གི་སྨན་གྱི་གར་ཚད་ལ་གཏོར་བཤིག་ཕོག་ནས་སྨན་བཅོས་ཀྱི་ཡང་རྩེར་སླེབས་ཀྱི་མེད།སྐྲན་ནད་ཀྱིས་གོ་སྐབས་དང་བསྟུན་ནས་བསྐྱར་ལོག་བྱེད་སྲིད།སྔོན་ལ་སྨན་བཅོས་བྱེད་པ་འདི་མཐའ་མ་འཁྱོལ་འགྲུབ་ཁར་ཕམ། གལ་ཏེ་སྨན་སྤྱོད་པའི་གོ་རིམ་ཁྲོད་དུ་མི་འཕྲོད་པའི་སྣང་ཚུལ་ཚབས་ཆེན་བྱུང་ན།སྨན་པས་དཔྱད་དཔོག་བྱས་རྗེས་སྨན་གྱི་སྦྱོར་ཚད་ལེགས་སྒྲིག་དང་ཐ་ན་སྨན་བརྗེ་སྲིད་མོད།འོན་ཀྱང་ནད་པ་རང་ཉིད་ཀྱིས་སྨན་ཇེ་ཉུང་དུ་བཏང་བའམ་མཚམས་འཇོག་མི་འོས།


05何种情况下要停止化疗?གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་རྫས་འགྱུར་སྨན་བཅོས་བྱེད་མཚམས་འཇོག་དགོས།


患者对化疗药物有严重的过敏反应。患者的重要脏器有较严重的功能障碍;或有严重心血管疾病。怀孕或哺乳期的女性患者,一般不建议进行化疗。患者骨髓造血功能低下,表现为白细胞计数明显降低,或有全身感染的表现。患者年纪较大、身体虚弱、或身体有恶病质表现。

ནད་པས་རྫས་འགྱུར་སྨན་རྫས་ལ་མི་འཕྲོད་པའི་སྣང་ཚུལ་ཚབས་ཆེན་ཡོད་པ། ནད་པའི་གལ་ཆེའི་ནང་ཁྲོལ་ལ་ཅུང་ཚབས་ཆེ་བའི་ནུས་པའི་འགོག་རྐྱེན་ཡོད་པ།ཡང་ན་སྙིང་ཁམས་ཁྲག་རྩའི་ནད་ཚབས་ཆེན་ཡོད་པ།མངལ་ཆགས་པའམ་འོ་དུས་ཀྱི་བུད་མེད།སྤྱིར་བཏང་དུ་རྫས་འགྱུར་སྨན་བཅོས་བྱེད་པའི་བསམ་འཆར་མི་འདོན།ནད་པའི་རུས་རྐང་ཁྲག་བཟོ་ནུས་པ་ཞན་པ་དང།ཕྲ་ཕུང་དཀར་པོའི་གྲངས་ཀ་མངོན་གསལ་གྱིས་ཇེ་དམའ་རུ་སོང་བ།ཡང་ན་ལུས་ཡོངས་ལ་འགོས་པའི་མངོན་ཚུལ་ཡོད་པ།ནད་པ་ལོ་ན་ཅུང་ཆེ་བ་དང།ལུས་ཕུང་ཞན་པ།ཡང་ན་ལུས་ཕུང་ལ་ནད་ངན་གྱི་མངོན་ཚུལ་ཡོད་པ།


06化疗期间适宜吃什么?རྫས་འགྱུར་སྨན་བཅོས་བྱེད་པའི་སྐབས་སུ་ཅི་ཞིག་ཟ་ན་འཚམ།


化疗期间及化疗后半个月内,患者应少食多餐,以清淡、少渣、易消化和低刺激性的食物为主。可适当选食富含蛋白质的鸡蛋、鱼肉、炖烂的鸡肉或猪肉。应避免进食油腻、粗糙、带刺、辛辣的食物。发生口腔溃疡时,患者应以半流食为主,如牛奶、菜粥、豆浆、面条等。

患者食用的食物要蒸熟、煮沸,或经微波炉消毒后食用。水果需削皮后再食用,以减少微生物经破损的黏膜入侵体内、引起感染。

རྫས་འགྱུར་སྨན་བཅོས་བྱེད་རིང་དང་རྫས་འགྱུར་སྨན་བཅོས་རྗེས་ཀྱི་ཟླ་ཕྱེད་ཀྱི་ནང་དུ་ནད་པས་ཟས་ཟ་ཐེངས་མང་ཙམ་ཟ་བ་དང་ཟ་སྐབས་ཉུང་ཙམ་ཟ་དགོས། ཞག་ཚི་ཉུང་བ་དང་སྙིགས་རོ་ཉུང་བ།འཇུ་སླ་བ་དང་ཟུག་གཟེར་རང་བཞིན་དམའ་བའི་ཟས་རིགས་གཙོ་བོར་འཛིན་པ།སྤྲི་དཀར་མང་བའི་སྒོ་ང་དང་།ཉ་ཤ།བཙོས་པའི་བྱ་ཤའམ་ཕག་ཤ་འོས་འཚམ་འདེམས་དགོས། སྣུམ་མང་ཞིང་རྩུབ་པ།ཚེར་མ་ཡོད་པ།ཁ་ཚ་བའི་ཟས་རིགས་སོགས་ལ་སྔོན་འགོག་བྱ་དགོས། ཁའི་རུལ་ཐེད་ནད་བྱུང་སྐབས་ནད་པས་ཕྱེད་བཞུར་ཟས་རིགས་གཙོ་བོར་འཛིན་དགོས་པ་།དཔེར་ན་འོ་མ་དང་ཚལ་ཐུག་།སྲན་ཁུ།ཕྱེ་ཐུག་སོགས་ཟ་ལདགོས། 

ནད་པས་་ཟ་བའི་ཟས་རིགས་བཙོས་ནས་ཚོས་སུ་འཇུག་པའམ།ཡང་ན་རླབས་ཕྲན་ཐབ་ཡིས་དུག་སེལ་བྱས་རྗེས་ཟ་དགོས། ཤིང་ཏོག་གི་པགས་པ་བཤུས་རྗེས་གཞི་ནས་ཟ་དགོས།དེ་ལྟར་མི་བྱས་ན་སྐྱེ་དངོས་ཕྲ་རབ་སྐྱོན་ཤོར་ནས་འབྱར་སྐྱིའི་ནང་དུ་འཛུལ་ནས་འགོས་ནད་བྱུང་སླ་བ།