您的位置:首页> 科普宣传 > >

癌症早期到底有没有先兆?肿瘤医生:实不相瞒,身体这15个表现要尤为注意!

发布时间:2022-03-29 18:05:30 来源:西藏康城肿瘤医院 阅读:0

很多人总说自己在不知不觉中就患癌了,到了医院一查就是癌症晚期,痛不欲生。


其实,癌症并不是一蹴而就的。很多癌症发生发展过程包括癌前病变、原位癌和浸润癌,从正常细胞发展到癌细胞需十几年的时间,只是你没能及早发现,把癌症扼杀在摇篮里。


很多肿瘤医生都提到过,一大部分的癌症,早期都会有征兆,但很多人往往忽视或者并未联想到癌症,忽视了身体给你发出的警告。对付癌症最好的方法就是在癌症早期就发现它,越早进行治疗和控制,疗效越好。

མི་མང་པོ་ཞིག་གིས་རང་ཉིད་ལ་ཚོར་སྣང་ཅི་ཡང་མེད་པའི་ངང་ནས་སྐྲན་ནད་ཕོག་སོང་ཅེས་བཤད་ཀྱི་ཡོད།སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་མ་ཐག་སྐྲན་ནད་ཀྱི་དུས་མཇུག་ཏུ་སླེབས་པས་སྐབས་འདི་དུས་སྡུ་བསྔལ་ཚལ་མེད་སྐྱེས་ཀྱི་ཡོད་།

 

དོན་དངོས་སུ་སྐྲན་ནད་ནི་ན་ཐེངས་གཅིག་ལ་འགྲུབ་པ་ཞིག་མིན་། འབྲས་སྐྲན་མང་པོ་ཞིག་བྱུང་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འབྲས་སྐྲན་སྔོན་གྱི་ནད་འགྱུར་ཡང་འདུས།ཐོག་མའི་འབྲས་སྐྲན་དང་སིམ་པའི་འབྲས་སྐྲན་བཅས་ཚུད་ཡོད་པ་དང་།རྒྱུན་ལྡན་གྱི་ཕྲ་ཕུང་འཕེལ་རྒྱས་བྱུང་བ་ནས་འབྲས་སྐྲན་ཕྲ་ཕུང་བར་ལོ་བཅུ་གྲངས་ཀྱི་དུས་ཚོད་དགོས།འོན་ཀྱང་ཁྱོད་ཀྱིས་སྔ་ཙམ་ཤེས་མ་ཐུབ་པའི་རྐྱེན་སྐྲན་ནད་འགུལ་སླེ་ནང་བསད་པ་རེད།

 

སྐྲན་གྱི་སྨན་པ་མང་པོ་ཞིག་གིས་སྐྲན་ནད་མང་ཆེ་བ་ཞིག་ལ་སྔ་དུས་སུ་སྔ་ལྟས་ཡོད་མོད།འོན་ཀྱང་མི་མང་པོ་ཞིག་གིས་སྣང་ཆུང་བྱེད་པའམ་ཡང་ན་སྐྲན་ནད་ཡིན་པ་དྲན་ཡང་མེད་པས།ལུས་ཕུང་གིས་ཁྱོད་ལ་བཏང་བའི་ཉེན་བརྡ་སྣང་མེད་དུ་བཞག་པ་རེད་ཅེས་བཤད་མྱོང་། སྐྲན་ནད་ལ་ཁ་གཏད་འཇལ་བའི་ཆེས་བཟང་བའི་ཐབས་ནི་སྐྲན་ནད་སྔ་མོ་ནས་ཤེས་རྟོགས་བྱུང་འདི་ཡིན་།ཇི་ལྟར་སྔ་མོ་ནས་སྨན་བཅོས་དང་ཚོད་འཛིན་བྱས་ན།སྨན་བཅོས་ཀྱི་ཕན་ནུས་དེ་ལྟར་བཟང་།



肿瘤医生:这15个身体表现请牢记在心!སྐྲན་ནད་སྨན་པས་བཤད་པ་ལྟར་ན།ལུས་ཕུང་གི་མངོན་ཚུལ་བཅོ་ལྔ་འདི་སེམས་ལ་བརྟན་པོ་ངེས་དགོས། 


患上癌症后,身体会有哪些表现?2021年8月厦门大学附属中山医院肿瘤科副主任医师潘战和在其微信公号上发文提醒,提醒,身体出现这15个表现要引起注意了,一定牢记在心!

སྐྲན་ནད་བྱུང་རྗེས་ལུས་ཕུང་ལ་མངོན་ཚུལ་གང་དག་ཡོད། ༢༠༢༡ལོའི་ཟླ་༨པར་ཞ་མོན་སློབ་ཆེན་ཁོངས་གཏོགས་ཀྱི་ཀྲུང་ཧྲན་སྨན་ཁང་སྐྲན་ནད་ཚན་ཁག་གི་སྨན་རམས་པ་གཞོན་པ་ཕན་ཀྲན་ཁོང་གི་དེའི་སྐད་འཕྲིན་སྤྱི་ཨང་གི་ཐོག་ཡིག་ཆ་བཏང་ནས་དྲན་སྐུལ་བྱས་པ་།གཟུགས་པོར་མཚོན་ཚུལ་༡༥དེ་དག་ཐོན་པར་དོ་སྣང་བྱེད་དགོས་པ་དང་ངེས་པར་དུ་སེམས་ལ་བརྟན་པོར་ངེས་དགོས་པའི་དྲན་སྐུལ་བྱས་པ་རེད།


1. 身体出现肿块、结节——三招可以初判断

གཅིག། ལུས་ཕུང་ལ་སྐྲངས་རྡོག་བྱུང་བ་དང་མདུད་འབུར་བྱུང་བ།   བྱེད་ཐབས་གསུམ་ལ་དམིགས་ནས་ཐོག་མའི་བརྡར་ཤ་གཅོད་ཐུབ།


身体某部位出现肿块结节,第一个可能会想到的就是肿瘤。但也不必恐慌,肿块结节不一定就是癌症,它可以是非肿瘤性的(比如炎性包块),也可能是良性肿瘤。对于肿块结节,我们可以对它做一个初步的判断:


一、看大小。越小的结节概率上越倾向良性,当然也并非绝对,因此要注意随访复查;如果结节超过1cm则更要重视。除了大小本身,大小的变化趋势和速度也有重要参考价值,持续增大特别是增大迅速的结节倾向恶性可能,要特别重视。


二、看质地。质软或囊性肿块,倾向于良性,质硬、固定或实性肿块,倾向恶性可能,但淋巴瘤的肿大淋巴结摸起来质韧。


三、看边界和活动度。良性肿瘤通常边界清,活动度较好;恶性肿瘤多数边界不清,与周围组织往往粘连或融合,活动度较差。

ལུས་པོའི་ཆ་ཤས་ག་གེ་མོ་ཞིག་ལ་སྐྲངས་འབུར་བྱུང་བ་དང།ཐོག་མར་དྲན་སྲིད་པ་ནི་སྐྲན་ནད་རེད།འོན་ཀྱང་སྐྲག་དགོས་དོན་མེད།སྐྲངས་འབུར་ནི་སྐྲན་ནད་ཡིན་པའི་ངེས་པ་མེད།དེ་ནི་སྐྲན་ནད་རང་བཞིན་མིན་པའི་(དཔེར་ན་གཉན་ཚད་རང་བཞིན་གྱི་ཁུག་མ་)ཡང་ཕལ་ཆེར་སྐྲན་ནད་བཟང་པོ་ཡིན་སྲིད།སྐྲངས་འབུར་ལ་ཞིག་ན་ང་ཚོས་འདི་ལ་ཐོག་མའི་བརྡར་ཤ་གཅོད་ཐུབ།

དང་པོ། ཆེ་ཆུང་ལ་བལྟ་བ། མདུད་པ་ཇི་ལྟར་ཆུང་ན་དེ་ལྟར་བཟང་ལ།དེ་ནི་བལྟོས་མེད་མིན་པས།དེ་བས་བཅར་འདྲི་དང་བསྐྱར་ཞིབ་བྱེད་པར་དོ་སྣང་བྱེད་དགོས། གལ་ཏེ་མདུད་འབུར་ལི་སྨི་༡ལས་བརྒལ་ན་ལྷག་པར་ཏུ་མཐོང་ཆེན་བྱེད་དགོས། ཆེ་ཆུང་མ་གཏོགས་ཆེ་ཆུང་གི་འགྱུར་ལྡོག་དང་མྱུར་ཚད་ལ་ཡང་དཔྱད་གཞིའི་རིན་ཐང་གལ་ཆེན་ཡོད།མུ་མཐུད་དུ་ཇེ་ཆེར་འགྲོ་བ་དང་ལྷག་པར་དུ་མགྱོགས་མྱུར་གྱི་མདུད་པ་ཇེ་མཐོར་འགྲོ་ཉེན་ཆེ་བས།དམིགས་སུ་བཀར་ནས་མཐོང་ཆེན་བྱེད་དགོས།

གཉིས་པ། སྤུས་ཚད་ལ་བལྟ་དགོས། གཉེན་པོའམ་སྣོད་གཤིས་སྐྲངས་པ་ནི་བཟང་བ་ཡིན་སྲིད།མཁྲེགས་པ།བརྟན་པ།དངོས་ཡོད་རང་བཞིན་གྱི་སྐྲངས་རྡོག་སོགས་འབྱུང་ན་ཕལ་ཆེར་ཚབས་ཆེ་བ་ཡིན་སྲིད།འོན་ཀྱང་རྨེན་བུའི་སྐྲན་གྱི་སྐྲངས་པའི་རྨེན་མདུད་ལ་རེག་ན་སྲ་ཞིང་བརྟན་པ་ཡིན།

གསུམ། མཐའ་མཚམས་དང་འགུལ་སྐྱོད་ཀྱི་ཚད་ལ་བལྟ་དགོས། བཟང་གཤིས་སྐྲན་ནད་ནི་རྒྱུན་དུ་མཐའ་མཚམས་གསལ་བ་དང་འགུལ་སྐྱོད་ཚད་ཅུང་བཟང་བ་ཡིན། སྐྲན་ནད་ཚབས་ཆེན་མང་ཆེ་བ་མཐའ་མཚམས་མི་གསལ་བ་དང་།མཐའ་འཁོར་གྱི་ཕུང་གྲུབ་དང་འབྱར་འབྲེལ་བྱུང་བའམ་འདྲེས་ནས་འགུལ་སྐྱོད་བྱེད་ཚད་ཅུང་ཞན།

2. 身体持续非外伤疼痛——切忌滥用止痛药

གཉིས། ལུས་ཕུང་རྒྱུན་མཐུད་ཕྱི་རྨས་མིན་པའི་ན་ཟུག་བྱུང་བ།    ན་ཟུག་འཇོག་པའི་སྨན་གང་བྱུང་དུ་སྤྱོད་མི་རུང།


多数人都经历过疼痛,出现疼痛大家的第一个反应往往是用止痛药,这其实会掩盖病情,应该先想一想可能是什么原因引起的。如果身体某个部位出现非外伤导致的、原因不明的持续疼痛,应去医院查明原因。

མི་མང་ཆེ་བར་ན་ཟུག་གཏོང་མྱོང་བ་དང་།ཚང་མར་ན་ཟུག་གཏོང་བའི་ཚོར་སྣང་དང་པོ་དེ་རྟག་ཏུ་ན་ཟུག་འཇོག་པའི་སྨན་ཡིན་པས།འདིས་དོན་དངོས་ཐོག་ནད་གཞི་བཀབ་སྲིད་པས།སྔོན་ལ་བསམ་བློ་གཏོང་དགོས་པ་ནི་རྒྱུ་མཚན་གང་ཞིག་ལས་ན་ཟུག་བྱུང་བ་རེད། གལ་ཏེ་ལུས་པོའི་ཁག་ག་གེ་མོར་རྨ་ཁ་མེད་པར་མུ་མཐུད་དུ་ན་བ་ཡིན་ན།སྨན་ཁང་དུ་སོང་ནས་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་དགོས།


3. 出现长治不愈的咳嗽——关键要查咳嗽因

གསུམ། ཡུན་རིང་སྨན་བཅོས་བྱས་ཀྱང་མི་སོས་པའི་གློ་རྒྱག་པ་འབྱུང་བ།   འགག་རྩ་ནི་གློ་རྒྱག་པའི་ནད་ལ་ཞིབ་བཤེར་བྱེད་དགོས།


大家对咳嗽见怪不怪,也不会太重视。有的人遇到咳嗽就止咳,其实更重要的是要弄清楚咳嗽的病因。对于久治不愈的咳嗽或痰中带血,尤其是长期吸烟者,应警惕肺癌等的可能。

ཚང་མས་གློ་རྒྱག་པ་ལ་ཡ་མཚན་མི་བྱེད་པ་དང། དེ་ལ་མཐོང་ཆེན་མི་བྱེད། མི་ལ་ལས་གློ་རྒྱག་སྐབས་གློ་འགོག་པའི་ཐབས་ལམ་སྤྱད་ཀྱི་ཡོད།དོན་དངོས་སུ་དེ་ལས་ཀྱང་གལ་ཆེ་བ་ནི་གློ་རྒྱག་པའི་ནད་ཀྱི་འབྱུང་རྐྱེན་གསལ་པོ་ཤེས་དགོས། ཡུན་རིང་སྨན་བཅོས་བྱས་ཀྱང་མི་སོས་པའི་གློ་རྒྱག་པའམ་ཁ་ལུད་ཀྱི་ནང་དུ་ཁྲག་འདྲེས་པ།ལྷག་པར་དུ་ཡུན་རིང་ཐ་མག་འཐེན་མཁན་ལ་གློ་སྐྲན་སོགས་འབྱུང་བར་དོགས་ཟོན་བྱ་དགོས། 


4. 出现不明原因总发烧——可能是癌症元凶

བཞི། རྒྱུ་རྐྱེན་མི་གསལ་བར་རྒྱུན་དུ་ཚ་བ་རྒྱག་པ།    ཕལ་ཆེར་འབྲས་སྐྲན་གྱི་ལག་དམར་ཡིན་སྲིད།


出现发烧,我们首先要想的是什么原因导致的发烧,如果发烧原因不明,且持续存在,要警惕癌症可能,尽早进行相关检查。

ཚ་བ་རྒྱས་ན།ང་ཚོས་ཐོག་མར་རྒྱུ་རྐྱེན་ཅི་ཞིག་གིས་ཚ་བ་རྒྱག་པར་བསམ་བློ་གཏོང་དགོས།གལ་ཏེ་ཚ་བ་རྒྱག་རྐྱེན་མི་གསལ་ཞིང་མུ་མཐུད་དུ་གནས་པ་ཡིན་ན།སྐྲན་ནད་ལ་དོགས་ཟོན་བྱེད་དགོས་ལ།སྔ་མོ་ནས་འབྲེལ་ཡོད་ཀྱི་ཞིབ་བཤེར་བྱེད་དགོས། 


5. 莫名出现消瘦和疲乏——原因或许在癌症

ལྔ། རྒྱུ་རྐྱེན་མེད་པར་ཤ་སྐམ་པ་དང་ཐང་ཆད་པ།   རྒྱུ་རྐྱེན་ནི་སྐྲན་ནད་ཡིན་ཤས་ཆེ། 


如果没有主动进行减重煅炼,也没有刻意节食,体重却不明原因下降或进行性消瘦,或伴厌食、乏力、易疲劳等,要查明原因,消瘦和疲乏也可能是癌症的表现之一。

གལ་ཏེ་རང་འགུལ་གྱིས་ལྗིད་ཚད་ཇེ་ཡང་དུ་གཏོང་བའི་སྦྱོང་བརྡར་མ་བྱས་པ་དང་།རང་གཉིས་ཀྱི་ཟ་མ་མི་ཟ་བའི་གནས་ཚུལ་མེད་ཀྱང་།ལུས་པོའི་ལྗིད་ཚད་རྒྱུ་རྐྱེན་མི་ཤེས་པར་མར་ཆག་པའམ་ཡང་ན་རང་བཞིན་གྱིས་སྐམ་པོར་གྱུར་བ།ཡང་ན་ཟས་ལ་ཞེན་པ་ལོག་པ།ལུས་ཤུགས་ཟད་པ།ངལ་དུབ་སླ་བ་སོགས་ཀྱི་རྒྱུ་རྐྱེན་ལ་ཞིབ་བཤེར་བྱ་དགོས་ལ།ཤ་སྐམ་པ་དང་ཐང་ཆད་པའི་སྣང་ཚུལ་ཡང་སྐྲན་ནད་ཀྱི་མངོན་ཚུལ་ཞིག་ཡིན་སྲིད།  


6. 明明没有外伤却出血——警惕癌症找上门

དྲུག། རྨ་ཁ་མེད་ཀྱང་ཁྲག་ཐོན་པ།   སྐྲན་ནད་ལ་དོགས་ཟོན་བྱེད་དགོས། 


非外伤性异常出血,比如,便血或呕血,要注意排除肠癌、胃癌可能;咳血、痰中带血要警惕肺癌;不规律阴道出血或非月经期出血,可能与子宫内膜癌、卵巢癌等妇科肿瘤有关;无痛性血尿或伴排尿困难,小心泌尿系肿瘤;非外伤鼻出血注意排除鼻咽癌可能。

ཕྱི་དམས་རང་བཞིན་མིན་པའི་རྒྱུན་ལྡན་མིན་པར་ཁྲག་ཐོན་པ་སྟེ།དཔེར་ན།ཁྲག་བཤལ་བའམ་ཁྲག་སྐྱུག་པ།རྒྱུ་མའི་སྐྲན་ནད་དང་ཕོ་བའི་སྐྲན་ནད་སེལ་བར་དོ་སྣང་བྱ་དགོས། གློ་ཁྲག་དང་ཁ་ལུད་ནང་དུ་ཁྲག་འདྲེས་ཡོད་ན་གློ་སྐྲན་ལ་དོགས་ཟོན་བྱེད་དགོས། སྐྱེ་ལམ་ནས་ཁྲག་ཐོན་པ་དང་ཟླ་མཚན་མ་བབས་པར་ཁྲག་ཐོན་པ་སོགས་ནི་བུ་སྣོད་ནང་སྐྱིའི་སྐྲན་དང་བསམ་བསེའུ་སྐྲན་སོགས་དང་འབྲེལ་བ་ཡོད། གཟེར་མེད་རང་བཞིན་གྱི་ཁྲག་གཅིན་དང་མཉམ་དུ་གཅིན་གཏོང་དཀའ་བས་གཅིན་ལམ་གྱི་སྐྲན་ནད་ལ་གཟབ་གཟབ་བྱེད་དགོས། ཕྱི་རྨས་མིན་པའི་སྣ་ནས་ཁྲག་ཐོན་པ་ཡིན་ན་སྣ་མིད་སྐྲན་ནད་ལ་དོགས་ཟོན་བྱེད་དགོས། 


7. 持续出现的消化异常——莫要大意当胃病

བདུན། རྟག་དུ་འཇུ་བྱེད་རྒྱུན་ལྡན་མིན་པ་བྱུང་བ།   ཕོ་བའི་ནད་ཡིན་པར་མ་འདོད།


消化不良、食欲不振多数人只是短暂一过性的,如果消化不良持续存在,或伴反酸烧心,上腹闷痛不适,不要想当然认为是一般的“胃病”,要警惕胃癌或食管癌等的可能。

ཟས་འཇུ་དཀའ་བ་དང་ཡི་ག་མེད་པ།མི་མང་ཆེ་བ་ནི་དུས་ཐུང་ཐུང་ཞིག་གི་ནང་མྱོང་ཙམ་ཡིན་པས།གལ་ཏེ་ཟས་འཇུ་དཀའ་བ་མུ་མཐུད་དུ་གནས་པའམ་སྐྱུར་ལྡོག་གིས་སེམས་སྲེག་པ།གྲོད་སྟོད་ན་བ་དང་མི་བདེ་བ།སྤྱིར་བཏང་གི་ཕོ་བའི་ནད་ཡིན་པར་སྙམ་མི་རུང་སྟེ།ཕོ་བའི་འབྲས་སྐྲན་དང་མིད་སྐྲན་སོགས་འབྱུང་སྲིད་པར་དོགས་ཟོན་བྱ་དགོས། 


8. 吞咽食物出现梗阻感——尽早就医找原因

བརྒྱད། ཟས་རིགས་མིད་པའི་སྐབས་འགག་པའི་ཚོར་བ་འབྱུང་བ།   སྔ་ཙམ་ནས་སྨན་པ་བསྟེན་ནས་ནད་བཅོས་པའི་རྒྱུ་རྐྱེན་འཚོལ་བ། 


如果进食时有胸骨后闷胀感或胸骨后面的烧灼感,胸骨后疼痛,或者感觉食管内异物感,尤其是进行性加重的吞咽食物梗阻感,要警惕食管癌、喉癌等的可能。

གལ་ཏེ་ཟ་མ་ཟ་བའི་སྐབས་སུ་བྲང་རྒྱབ་ཏུ་འཚང་སྦོས་ཐེབས་པའམ་བྲང་རྒྱབ་ཏུ་ཚ་ཤར་བྱུང་བ།བྲང་རྒྱབ་ཏུ་ན་ཟུག་གཏོང་བ།ཡང་ན་མིད་པར་དངོས་པོ་མི་འདྲ་བའི་ཚོར་བ་འབྱུང་བ།ལྷག་པར་དུ་ཇེ་ཆེར་འགྲོ་བའི་ཟས་རིགས་ཀྱི་མིད་པ་འགག་པའི་ཚོར་བ་འབྱུང་ན།མིད་སྦུག་འབྲས་སྐྲན་དང་ཨོལ་སྐྲན་སོགས་འབྱུང་བར་དོ་སྣང་བྱེད་དགོས།


9. 声音嘶哑持续难恢复——喉返神经受侵压

དགུ། སྐད་འགག་པ་དང་སླར་གསོ་བྱེད་དཀའ་བ།   ཨོལ་ལོག་དབང་རྩའི་གནོན་ཤུགས་།


短暂的声嘶可能很多人都曾有过,但如果声嘶难于恢复持续时间较久,要警惕喉癌、肺癌等侵犯或压迫喉返神经的可能。

དུས་ཡུན་ཐུང་ངུའི་ནང་དུ་མི་མང་པོ་ཞིག་ལ་བྱུང་མྱོང་མོད།འོན་ཀྱང་གལ་ཏེ་སྐད་འགག་པ་ཡུན་རིང་བོར་སླར་གསོ་བྱེད་དཀའ་ན།ཨོལ་སྐྲན་དང་གློ་སྐྲན་སོགས་ཀྱིས་གྲེ་བའི་དབང་རྩ་ལ་གནོད་འཚེ་གཏོང་བའམ་ཡང་ན་གཉའ་གནོན་བྱེད་པར་དོགས་ཟོན་བྱེད་དགོས།


10. 大便习惯、性状状变——小心肠癌已上身

བཅུ། བཤང་བའི་གོམས་གཤིས་དང་ངོ་བོ་དང་གཟུགས་དབྱིབས་འགྱུར་བ།   རྒྱུ་སྐྲན་ལ་དོགས་ཟོན་བྱེད་དགོས།


大便习惯、次数或性状发生改变(大便外形变细、大便带脓、血、粘液等)或便秘与腹泻交替,要警惕大肠癌,尽早到医院检查。

ཤང་བའི་གོམས་གཤིས་དང་ཐེངས་གྲངས་ཡང་ན་ངོ་བོ་དང་གཟུགས་དབྱིབས་ལ་འགྱུར་ལྡོག་འབྱུང་བ།བཤང་བའི་ཕྱི་དབྱིབས་ཕྲ་འགྱུར་དང་བཤང་བའི་ནང་དུ་རྣག་འདྲེས་པ།ཁྲག་དང་འབྱར་གཤེར་སོགས་ཡང་ན་བཤང་འགགས་དང་བཤལ་རེས་བྱས་ན།རྒྱུ་མའི་སྐྲན་ནད་ལ་དོགས་ཟོན་བྱེད་པ་དང་སྔ་ཙམ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས། 


11. 出现白斑或是癌前病——增大灼痒疑癌变

བཅུ་གཅིག། དཀར་ཁྲ་དང་སྐྲན་ནད་སྔོན་གྱི་ནད་འབྱུང་བ།   ཟ་འཕྲུག་ལངས་པའི་འབྲས་སྐྲན་ཇེ་ཆེར་འགྲོ་བ། 


口腔粘膜白斑、女性外阴或男性阴茎龟头白斑迅速扩大伴灼痒感,应注意排除癌变。

ཁའི་འབྱར་སྐྱིའི་དཀར་ཁྲ་དང་བུད་མེད་ཀྱི་མཚན་ཕྱི་དང་ཡང་ན་ཕོ་ཡི་མཇེ་ཁྲ་མགྱོགས་མྱུར་ངང་ཇེ་ཆེར་སོང་བ་དང་མཉམ་དུ་ཟ་འཕྲུག་ལངས་པའི་ཚོར་བ་འབྱུང་སླ་བས་སྐྲན་ནད་སྔོན་འགོག་བྱེད་པར་དོ་སྣང་བྱེད་དགོས། 


12. 黑痣突然增大色改变——可能是黑色素瘤

བཅུ་གཉིས། སྨེ་ནག་གློ་བུར་དུ་མདོག་ཇེ་ཆེར་གྱུར་བའི་འགྱུར་ལྡོག།   མདོག་རྒྱུ་ནག་པོའི་སྐྲན་ཡིན་ཤས་ཆེ། 


黑痣很多人都有,但如果黑痣突然增大、或边缘变得不规则、或颜色发生改变、或出现破溃出血、或灼痒疼痛、痣上原有的毛发脱落,要怀疑黑色素瘤可能。

སྨེ་ནག་མི་མང་པོར་ཡོད་མོད།འོན་ཀྱང་སྨེ་ནག་གློ་བུར་དུ་ཇེ་ཆེར་སོང་བ་དང་།ཡང་ན་མཐའ་ནས་དབྱིབས་ངེས་མེད་དུ་འགྱུར་བ།ཡང་ན་ཁ་དོག་འགྱུར་བ།ཡང་ན་ཁྲག་ཐོན་པ།ཡང་ན་ཟ་འཕྲུག་དང་སྨེ་བ་སོགས་ཀྱི་སྟེང་དུ་སྔར་གྱི་སྤུ་ལྷུང་བ།མདོག་རྒྱུ་ནག་པོའི་སྐྲན་ཡིན་པར་དོགས་པ་སྐྱེ་སྲིད་དགོས། 


13. 出现自发病理性骨折——恶性肿瘤破坏骨

བཅུ་གསུམ། རང་འགུལ་ནད་ལུགས་རང་བཞིན་གྱི་རུས་ཆག་འབྱུང་བ།   སྐྲན་ནག་གིས་རུས་པ་གཏོར་བ་བརླག་པ། 


没有明显外力或仅有轻微外力作用,很容易就发生的骨折,可能是病理性骨折,应警惕骨恶性肿瘤。青少年如果出现非外伤性关节处疼痛肿胀,要注意排查白血病。

ཕྱི་ཤུགས་མངོན་གསལ་མེད་པའམ་ཡང་ན་ཕྱི་ཤུགས་ཀྱི་ནུས་པ་ཕྲན་བུ་ལས་མེད་ན་རུས་ཆག་འབྱུང་སླ་བ་དང་།ཕལ་ཆེར་ནད་ཀྱི་རྗེས་དཔག་རུས་ཆག་ཡིན་པས་རུས་པའི་སྐྲན་ནད་ཚབས་ཆེན་ལ་དོགས་ཟོན་བྱ་དགོས།གཞོན་ནུ་ལོ་ཆུང་ལ་གལ་ཏེ་ཕྱི་རྨས་རང་བཞིན་མིན་པའི་ལྷུ་ཚིགས་ན་ཟུག་དང་སྐྲངས་སྦོས་བྱུང་ན་ཁྲག་རིལ་དཀར་པོའི་ནད་གྲལ་བཤེར་བྱ་རྒྱུར་དོ་སྣང་བྱ་དགོས།


14. 溃疡伤口久久不自愈——或是癌症捣的乱

 བཅུ་བཞི། རལ་ཟགས་ཀྱི་རྨ་ཁ་ཡུན་རིང་ལ་མི་སོས་པ།   ཡང་ན་སྐྲན་ནད་ཀྱིས་རྡུང་བའི་ཟིང་འཁྲུག་རེད། 


如果皮肤伤口或溃疡持续不愈,要警惕皮肤癌可能。口腔溃疡很常见,但如果长时间持续不能愈合,应警惕口腔癌可能。

གལ་ཏེ་སྐྱི་པགས་ལ་རྨ་ཁ་ཡོད་པའམ་རལ་ཟགས་མུ་མཐུད་དུ་མི་སོས་ན་པགས་སྐྲན་འབྱུང་བར་མཉམ་འཇོག་བྱེད་དགོས། གལ་ཏེ་དུས་ཡུན་རིང་བོར་མུ་མཐུད་དུ་སོས་མི་ཐུབ་ན་ཁ་ནད་ཀྱི་སྐྲན་ནད་ལ་མཉམ་འཇོག་བྱེད་དགོས། 


15. 男性乳房的异常变化——莫要羞涩早就医

བཅུ་ལྔ། སྐྱེས་པའི་ནུ་མའི་རྒྱུན་ལྡན་མིན་པའི་འགྱུར་ལྡོག།   ངོ་ཚ་ནས་མི་སྡད་པར་སྔ་ཙམ་ནས་སྨན་བཅོས་བྱེད་དགོས། 


尽管男性乳腺癌极少见,但如果男性乳房异常增生长大或出现其他异常变化,要警惕男性乳腺癌可能,尽早到乳腺专科就诊。

སྐྱེས་པའི་ནུ་མའི་འབྲས་སྐྲན་ཧ་ཅང་ཉུང་མོད།འོན་ཀྱང་གལ་ཏེ་སྐྱེས་པའི་ནུ་མ་རྒྱུན་ལྡན་མིན་པའི་འཕར་སྐྱེ་བྱུང་བའམ་རྒྱུན་ལྡན་མིན་པའི་འགྱུར་ལྡོག་གཞན་དག་བྱུང་ན།སྐྱེས་པའི་ནུ་མའི་འབྲས་སྐྲན་འབྱུང་བར་དོགས་ཟོན་བྱེད་དགོས་ལ།སྔ་ཙམ་ནས་ནུ་རྩའི་ཆེད་ལས་ཚན་ཁག་ཏུ་སོང་ནས་སྨན་པར་སྟོན་དགོས། 


图片
图片
图片