您的位置:首页> 科普宣传 > >

早发现、早诊断、早治疗是提高癌症治疗效果的关键

发布时间:2022-02-18 16:55:22 来源:西藏阜康肿瘤医院 阅读:0
图片



     早发现、早诊断、早治疗是提高癌症治疗效果的关键。重视癌症的早期征兆,出现异常情况及时就医。

    སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བྱེད་རྒྱུ་ནི་འབྲས་སྐྲན་སྨན་བཅོས་ཀྱི་གནད་འགག་རེད། འབྲས་སྐྲན་གྱི་སྔ་རྟགས་ལ་མཐོང་ཆེན་བྱས་ཏེ་གནས་ཚུལ་རྒྱུན་ལྡན་མིན་པ་མཐོང་ན་དུས་ཐོག་བརྟག་དཔྱད་སྨན་བཅོས་བྱ་དགོས།


图片



坚持健康生活方式

བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱེད་དགོས། 

很多人习以为常的久坐、高脂饮食、熬夜等不良生活方式,正在“偷走”我们的健康,这些都是患癌的风险因素。专家建议人们要保持作息规律,增加粗纤维、新鲜水果摄入,避免高脂、高糖饮食,减少食用生冷、辛辣、过热、过硬及熏制、腌制等高盐食物,坚持规律运动,保持健康体重,戒烟、少喝烈性酒等。

མི་མང་པོ་ཞིག་ཡུན་རིང་སྡོད་རྒྱུ་དང་།ཚིལ་མང་བའི་བཟའ་བཅའ།མཚན་སྐྱོང་སོགས་འཚོ་བ་སྐྱེལ་སྟངས་མི་ལེགས་པ་གོམས་གཤིས་སུ་གྱུར་ཅིང་།འདི་དག་ཚང་མ་ནི་ང་ཚོའི་བདེ་ཐང་རྐུ་མཁན་ཡིན་ལ་།སྐྲན་ནད་ཕོག་པའི་ཉེན་ཁའི་རྒྱུ་རྐྱེན་གཅོ་བོ་རེད། རིགས་གཅིག་མཁས་ཅན་གྱིས་མི་རྣམས་ལ་ངལ་གསོའི་ཆོས་ཉིད་རྒྱུན་འཁྱོངས་བྱས་ནས་ཚི་སྣ་དཀྱུས་མ་དང་ཤིང་འབྲས་སོས་པ་མང་དུ་བཏང་སྟེ་ཚིལ་མང་བ་དང་མངར་ཆ་མང་བའི་བཟའ་བཏུང་མི་སྤྱོད་པ་དང་།གྲང་པའི་ཟས་རིགས་དང་།ཁ་ཚ་བ།ཚ་དྲགས་པ།མཁྲེགས་དྲགས་པ་།དེ་བཞིན་སྐྱུར་ཟས་།བསྙལ་ཟས་སོགས་ཚྭ་མང་བའི་བཟའ་བཅའ་ཉུང་དུ་གཏོང་བ།ཆོས་ཉིད་མཐའ་འཁྱོངས་བྱེད་པ།བདེ་ཐང་གི་ལྗིད་ཚད་རྒྱུན་འཁྱོངས།ཐ་མག་གཅོད་པ་དང་ཆང་ཉུང་ཙམ་འཐུང་བ་སོགས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། 



早诊早筛是关键

སྔ་ཙམ་བརྟག་དཔྱད་དང་སྔ་ཙམ་འཚག་བཤེར་ནི་འགག་རྩ་ཡིན། 

大家都害怕得恶性肿瘤,但每年去做体检和癌症筛查的人却很少,即使是免费,也不愿意做。因此,全民都要提高防癌筛查意识,每年做体检可以在无症状时发现早期肿瘤,获得治愈机会,尤其是有癌症家族史的人更要提早筛查。35岁以上女性要做乳腺癌筛查,40岁以上人群要做胃镜检查,50岁以上人群要做便隐血或肠镜检查,重度吸烟者要做胸部CT检查,做到早发现、早诊断、早治疗。

ཚང་མ་སྐྲན་ནད་ཕོག་པར་སྐྲག་མོད།འོན་ཀྱང་ལོ་རེར་གཟུགས་པོར་བརྟག་དཔྱད་དང་སྐྲན་ནད་བརྟག་དཔྱད་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་ཞིང་།སྨན་རིན་མི་དགོས་ཀྱང་བྱེད་འདོད་མེད། དེ་བརྟེན།མི་དམངས་ཡོངས་ཀྱིས་སྐྲན་ནད་འགོག་པའི་བརྟག་དཔྱད་ཀྱི་འདུ་ཤེས་མཐོ་རུ་གཏོང་དགོས།ལོ་ལྟར་གཟུགས་པོར་བརྟག་དཔྱད་བྱས་ཚེ་ནད་རྟགས་མེད་པའི་སྐབས་སུ་སྔ་དུས་ཀྱི་སྐྲན་ནད་ཤེས་རྟོགས་ཐུབ་པ་དང་སྨན་བཅོས་ཀྱི་གོ་སྐབས་ཐོབ་པ་དང་ལྷག་པར་དུ་སྐྲན་ནད་ཁྱིམ་རྒྱུད་ལོ་རྒྱུས་ཡོད་པའི་མི་དེ་བས་སྔ་ཙམ་འདེམས་བཤེར་བྱེད་དགོས། ལོ་35ཡན་གྱི་བུད་མེད་ལ་ནུ་མའི་འབྲས་སྐྲན་བརྟག་དཔྱད་བྱེད་དགོས་ཤིང་།ལོ་40ཡན་གྱི་མི་ཚོགས་ལ་ཕོ་ཤེལ་བརྟག་དཔྱད་བྱེད་དགོས་པ་དང་།ལོ་50ཡན་གྱི་མི་ཚོགས་ལ་བཙོག་པའི་ནང་གི་ཁྲག་དང་རྒྱུ་མའི་བརྟག་དཔྱད་བྱེད་དགོས།ཐ་མག་ཚབས་ཆེན་འཐེན་མཁན་ལ་བྲང་ཁོག་CTབརྟག་དཔྱད་བྱས་ནས་སྔ་ཙམ་ཤེས་རྟོགས་དང་།སྔ་ཙམ་བརྟག་དཔྱད།སྔ་ཙམ་སྨན་བཅོས་བཅས་བྱེད་དགོས། 




重视癌症规范化治疗

སྐྲན་ནད་ཚད་ལྡན་ཅན་གྱི་སྨན་བཅོས་ལ་མཐོང་ཆེན་བྱེད་དགོས་།

癌症的规范化治疗对于恶性肿瘤的预后至关重要。患者和家属急切的心情可以理解,但不能“有病乱投医”,更不要偏信民间秘方、偏方或者保健品的“奇效”,应到正规医院,接受多学科团队的综合治疗,这是保证治疗效果、改善患者生存质量、提高治愈率的基本。

སྐྲན་ནད་ཀྱི་ཚད་ལྡན་རང་བཞིན་གྱི་སྨན་བཅོས་ནི་སྐྲན་ནད་ཀྱི་སྔོན་དཔག་ལ་ཤིན་ཏུ་གལ་ཆེ། ནད་པ་དང་ཁྱིམ་མིའི་བྲེལ་འཚུབ་ཀྱི་སེམས་ཁམས་ལ་རྒྱུས་ལོན་བྱེད་ཐུབ་མོད་།འོན་ཀྱང་"ནད་ཡོད་ན་གང་འདོད་དུ་སྨན་བཅོས་བྱེད་མི་རུང་།"དམངས་ཁྲོད་ཀྱི་གསང་བའི་སྨན་དང་།ཡོ་ཕན་སྨན་པ།ལུས་ཁམས་བདེ་སྲུང་ཐོན་རྫས་བཅས་ལ་ཕྱོགས་རིས་བྱེད་མི་རུང་བར།ཚད་ལྡན་སྨན་ཁང་དུ་ཕྱིན་ནས་རིག་ཚན་མང་པོའི་ཚོགས་པས་ཕྱོགས་བསྡུས་ཀྱིས་སྨན་བཅོས་བྱ་དགོས།འདི་ནི་སྨན་བཅོས་ཀྱི་ཕན་འབྲས་ལ་ཁག་ཐེག་དང་།ནད་པའི་འཚོ་གནས་སྤུས་ཚད་ལེགས་བཅོས།སྨན་བཅོས་ཀྱི་ཕན་འབྲས་མཐོར་འདེགས་བཅས་བྱེད་པའི་གཞི་རྩ་ཡིན། 



心态积极,乐观面对

སེམས་ཁམས་ཡག་པོ་དང་སྤྲོ་སྣང་གིས་གདོང་གཏད་པ།

要正确认识癌症,不要恐惧癌症,尤其是癌症患者。情绪低落会导致免疫力迅速下降,反而不利于对抗疾病。专家表示,随着新药的开发、治疗越来越规范,我国癌症治疗可以达到国际先进水平,与欧美发达国家的差距越来越小,在早期预防和筛查方面的差距也在缩小,大部分癌症患者都能活过5年,甚至被治愈。因此,患者一定要树立信心,管理好身体的同时,也管理好情绪,配合治疗,努力回归美好生活。

སྐྲན་ནད་ལ་ངོས་འཛིན་ཡང་དག་བྱེད་དགོས།སྐྲན་ནད་ལ་སྐྲག་མི་དགོས།ལྷག་པར་དུ་སྐྲན་ནད་ཕོག་མཁན་གྱི་ནད་པ། སེམས་ཁམས་མི་སྐྱིད་ན་རིམས་འགོག་གི་ནུས་པ་མྱུར་དུ་མར་ཆགས་པ་དང།དེ་ལས་ལྡོག་སྟེ་ནད་ལ་ངོ་རྒོལ་བྱེད་པར་མི་ཕན། རིགས་གཅིག་མཁས་ཅན་གྱིས་སྨན་གསར་པ་གསར་སྤེལ་དང་སྨན་བཅོས་བྱ་རྒྱུ་སྔར་བས་ཚད་ལྡན་དུ་སོང་བ་དང་ཆབས་ཅིག་རང་རྒྱལ་གྱི་སྐྲན་ནད་སྨན་བཅོས་བྱ་རྒྱུ་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་།ཡོ་རོབ་དང་ཨ་རིའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་གྱི་ཧེ་བག་ཇེ་ཆུང་དུ་འགྲོ་བ།སྔ་དུས་ཀྱི་སྔོན་འགོག་དང་གདམ་གསེས་ཞིབ་བཤེར་ཐད་ཀྱི་ཧེ་བག་ཡང་ཇེ་ཆུང་དུ་འགྲོ་བ།སྐྲན་ནད་ཕོག་མཁན་མང་ཆེ་བ་ལོ་5འཚོ་ཐུབ་པ་མ་ཟད།ཐ་ན་དྲག་སྐྱེད་ཀྱང་ཐུབ་ཡོད་ཅེས་བཤད་པ་རེད། དེར་བརྟེན་ནད་པས་ངེས་པར་དུ་ཡིད་ཆེས་བརྟན་པོ་བཙུགས་ནས་གཟུགས་པོར་དོ་དམ་ཡག་པོ་བྱེད་པ་དང་ཆབས་ཅིག་སེམས་ཁམས་ལའང་དོ་དམ་ཡག་པོ་བྱས་ཏེ་སྨན་བཅོས་ལ་གཞོགས་འདེགས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱིར་ལོག་ཧུར་ཐག་བྱེད་དགོས།