您的位置:首页> 科普宣传 > >

【科普】春节期间,肿瘤患者要注意什么?

发布时间:2022-02-18 16:51:25 来源:西藏康城肿瘤医院 阅读:0

图片

春节对所有人来说,一家团聚就是最大的幸福。但是,根据我国各大医院的统计,每年春节过后,都会出现一个肿瘤患者病情恶化的小高峰。春节期间,每一位肿瘤患者都应该做好自我管理,既要开心快乐的过年,也要做好维护疾病的稳定。下面就来为大家介绍一下,春节期间肿瘤患者要注意什么?

དཔྱིད་གསར་དུས་ཆེན་ནི་མི་ཚང་མའི་ངོས་ནས་བརྗོད་ན་ནང་མི་མཉམ་འཛོམས་ནི་བདེ་སྐྱིད་ཆེ་ཤོས་དེ་རེད། འོན་ཀྱང་རང་རྒྱལ་གྱི་སྨན་ཁང་ཆེ་གྲས་ཁག་གི་བསྡོམས་རྩིས་ལ་གཞིགས་ན།ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་རྗེས་སྐྲན་ནད་ཕོག་མཁན་གྱི་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་མཐོ་རླབས་ཤིག་ཐོན་གྱི་ཡོད། དཔྱིད་གསར་དུས་ཆེན་རིང་སྐྲན་ནད་ཕོག་མཁན་ཚང་མས་རང་གིས་རང་ལ་དོ་དམ་ཡག་པོ་བྱས་ཏེ་དགའ་སྤྲོ་དང་སྤྲོ་སྣང་ལྡན་པའི་ངང་ལོ་གསར་གཏོང་དགོས་ལ་ནད་གཞི་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་ཡག་པོ་བྱེད་དགོས།གཤམ་ལ་ཚང་མར་ལོ་སར་སྐབས་སུ་སྐྲན་ནད་ཕོག་མཁན་གྱིས་ཅི་ཞིག་ལ་དོ་སྣང་བྱེད་དགོས་པ་ངོ་སྤྲོད་བྱེད། 


01保持饮食健康规律བཟའ་བཏུང་བདེ་ཐང་གི་ཆོས་ཉིད་རྒྱུན་འཁྱོངས་བྱེད་པ།

对我们中国人来说,春节一定要吃些“好的”,这就使得许多高糖、多油、重盐、重辣的食物,出现在了餐桌上,但是我们要适可而止哦!
无论是肿瘤患者,还是普通人,过多摄入这类食物,都可能引起急性胰腺炎,增加“三高”、胃癌的发生风险。而高糖、高脂带来的肥胖,还可能增加乳腺癌发生、复发的风险,这都是不利于身体健康的。
同时,也应该保持饮食规律,不能因为是过年期间,就打乱了自己的正常生活节奏。

ང་ཚོ་ཀྲུང་གོའི་མིའི་ངོས་ནས་བཤད་ན།དཔྱིད་གསར་དུས་ཆེན་སྐབས་ངེས་པར་དུ་ཟ་མ་ཡག་པོ་ཟ་དགོས།འདིས་མངར་ཆ་མང་བ་དང་།སྣུམ་མང་བ།ཚྭ་མང་བ།ཁ་ཚ་བ་བཅས་ཀྱི་ཟས་རིགས་མང་པོ་ཞིག་སྒྲོག་ཙེའི་ཐོག་ཐོན་ཡོད་མོད།འོན་ཀྱང་ང་ཚོས་འོས་འཚམ་གྱིས་མཚམས་འཇོག་དགོས། 

སྐྲན་ནད་ཕོག་མཁན་ཡིན་ནའང་འདྲ་།ཡང་ན་སྤྱིར་བཏང་གི་མི་ཡིན་ནའང་འདྲ་།ཟས་རིགས་འདི་རིགས་མང་དྲགས་ན་།མྱུར་གཤིས་ཤན་རྨེན་ཚ་ནད་འབྱུང་སྲིད་པ་དང་།"མཐོ་གསུམ་"དང་ཕོ་བའི་སྐྲན་འབྱུང་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད་།མངར་ཆ་མང་བ་དང་ཚིལ་མང་བ་ལས་བྱུང་བའི་ཤ་རྒྱགས་པས་ད་དུང་ནུ་མའི་སྐྲན་འབྱུང་བ་དང་ནད་གཞི་བསྐྱར་ལོག་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།འདི་དག་ཚང་མ་ལུས་ཕུང་བདེ་ཐང་ལ་མི་ཕན།

དུས་མཚུངས་སུ།བཟའ་བཏུང་གི་ཆོས་ཉིད་ཀྱང་རྒྱུན་འཁྱོངས་བྱ་དགོས།ལོ་སར་ཡིན་པའི་རྐྱེན་གྱིས་རང་གི་རྒྱུན་ལྡན་གྱི་འཚོ་བའི་གོམ་སྟབས་དཀྲུག་མི་རུང་། 




02不要抽烟喝酒ཐ་མག་མི་འཐེན་པ་དང་ཆང་རག་མ་འཐུང་། 


身为癌症患者的家属,一定要提醒癌症患者千万不要抽烟喝酒,这是为了他们健康着想。如果癌症患者正在化疗期间,千万不要饮酒,会影响到癌症患者的肝肾功能,会造成肝肾功能损害。如果癌症患者正处于恢复期,已经做完了手术,就更不应该抽烟喝酒了,要在生活中保养好自己,远离这些影响健康的坏习惯。

སྐྲན་ནད་ཕོག་མཁན་ཞིག་གི་ནང་མི་ཡིན་པའི་ངོས་ནས་ངེས་པར་དུ་སྐྲན་ནད་ཕོག་མཁན་ལ་ཐ་མག་དང་ཆང་རག་གཏན་ནས་འཐུང་མི་རུང་བའི་དྲན་སྐུལ་བྱེད་དགོས་པ་དེ་ནི་ཁོ་ཚོའི་བདེ་ཐང་ལ་བསམ་བློ་གཏོང་ཆེད་ཡིན། གལ་ཏེ་སྐྲན་ནད་བྱུང་མཁན་གྱིས་རྫས་འགྱུར་གསོ་བཅོས་བྱེད་བཞིན་པའི་སྐབས་སུ།ཆང་གཏན་ནས་འཐུང་མི་རུང་སྟེ།སྐྲན་ནད་ཕོག་མཁན་གྱི་མཆིན་པ་དང་མཁལ་མའི་ནུས་པར་ཤུགས་རྐྱེན་ཐེབས་ཏེ།མཆིན་པ་དང་མཁལ་མའི་ནུས་པར་གནོད་འཚེ་ཐེབས་ངེས་ཡིན། གལ་ཏེ་སྐྲན་ནད་ཕོག་མཁན་གྱི་ནད་གཞི་དྲག་སྐྱེད་འབྱུང་བཞིན་པའི་སྒང་ཡིན་ན།གཤགས་བཅོས་བྱས་ཟིན་པས།ཐ་མག་འཐེན་རྒྱུ་མེད་ཅིང་།འཚོ་བའི་ཁྲོད་དུ་རང་ཉིད་ལ་བདག་སྐྱོང་ཡག་པོ་བྱས་ཏེ།བདེ་ཐང་ལ་གནོད་པའི་གོམས་གཤིས་ངན་པ་དེ་དང་བར་ཐག་རིང་དུ་གྱེས་དགོས། 

图片

03生活上一定要节制འཚོ་བའི་ཐད་ངེས་པར་དུ་ཚོད་འཛིན་བྱེད་དགོས།


肿瘤患者免疫功能相对低下,容易诱发感染。应劳逸结合避免紧张劳累,少去人多空气不流通的场所。作息要规律,避免通宵达旦探亲访友,喝酒娱乐,预防体力透支诱发感染。过年期间,气候寒冷,早晚温差大,应及时添减衣服避免受凉诱发感染。

སྐྲན་ནད་ཕོག་པའི་ནད་པའི་རིམས་འགོག་ནུས་པ་དམའ་བས་འགོས་ནད་འབྱུང་སླ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱས་ནས་བྲེལ་འཚུབ་དང་ངལ་དུབ་མི་ཡོང་བ་བྱས་ཏེ།མི་མང་བ་དང་མཁའ་རླུང་འགྲོ་རྒྱུག་མི་བྱེད་པའི་གནས་སུ་ཉུང་ཙམ་བསྐྱོད་དགོས། ངལ་གསོ་ལ་ཆོས་ཉིད་ཡོད་དགོས།ནམ་ལངས་རེག་བར་དུ་གཉེན་ཉེ་ལ་འཚམས་འདྲི་བྱེད་པ་དང་།ཆང་འཐུང་བ།རོལ་རྩེད་རྩེ་བ།ལུས་ཤུགས་ཚད་ལས་བརྒལ་ནས་འགོས་ནད་འབྱུང་བར་སྔོན་འགོག་བྱེད་དགོས། ལོ་སར་སྐབས།གནམ་གཤིས་གྲང་མོ་ཡིན་པ་དང་།སྔ་ཕྱི་གཉིས་ཀྱི་དྲོད་ཚད་ཧེ་བག་ཆེ་བས་དུས་ཐོག་ཏུ་གོན་ཆས་གྱོན་ནས་འཁྱག་པའི་དབང་གིས་འགོས་ནད་འབྱུང་བར་སྔོན་འགོག་བྱེད་དགོས། 


图片

04春节期间务必按时服药དཔྱིད་གསར་དུས་ཆེན་རིང་ངེས་པར་དུ་དུས་ཐོག་ཏུ་སྨན་འཐུང་དགོས།


传统观念认为,“过年吃药不吉利”的观念在很多人脑子里根深蒂固,于是每到此时就自行停药,给治疗放个“小假”。这是一种缺乏科学依据的陈腐观念。节日期间病魔是不休息的,刚结束手术、化放疗的肿瘤患者,不论病情如何,春节期间都不宜中断吃药。治疗要坚持。
对所有肿瘤患者来说,春节期间都不能掉以轻心,切不可随意停药、减药。特别是那些正在进行治疗的病人,随意中断治疗,极易使残余肿瘤细胞死灰复燃。

སྲོལ་རྒྱུན་གྱི་འདུ་ཤེས་ལསལོ་གསར་སྐབས་སྨན་ཟ་བར་བཀྲ་མི་ཤེས་པའིལྟ་བ་དེ་མི་མང་པོ་ཞིག་གི་སེམས་ནང་བརྟན་པོར་གནས་ཡོད་པས་སྐབས་དེར་སྨན་མཚམས་བཞག་ནས་སྨན་བཅོས་ལ་ངལ་གསོ་ཆུང་ཆུང་ཞིག་གཏོང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཚན་རིག་གི་གཞི་འཛིན་ས་མེད་པའི་བསམ་བློ་ཪྙིང་པ་ཞིག་རེད། དུས་ཆེན་རིང་ནད་གདོན་ནི་ངལ་གསོ་རྒྱག་གི་མེད།གཤགས་བཅོས་དང་སྨན་བཅོས་བྱས་མ་ཐག་པའི་སྐྲན་ནད་ཕོག་པའི་ནད་པར་ནད་གཞི་གང་འདྲ་ཞིག་ཡིན་རུང་དཔྱིད་གསར་དུས་ཆེན་རིང་སྨན་འཐུང་མཚམས་འཇོག་རྒྱུ་མེད། སྨན་བཅོས་རྒྱུན་འཁྱོངས་བྱེད་དགོས། སྐྲན་ནད་ཕོག་མཁན་གྱི་ངོས་ནས་བརྗོད་ན།དཔྱིད་གསར་དུས་ཆེན་རིང་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་དང་།གང་འདོད་ལྟར་སྨན་མཚམས་འཇོག་པ་དང་སྨན་ཉུང་དུ་གཏན་ནས་གཏོང་མི་རུང་། ལྷག་པར་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ་དག་གིས་གང་འདོད་དུ་སྨན་བཅོས་བྱེད་མཚམས་བཞག་ན།སྐྲན་ནད་ལྷག་མའི་ཕྲ་ཕུང་སླར་གསོ་བྱེད་སླ། 

图片