您的位置:首页> 科普宣传 > >

全国肿瘤防治宣传周 | 宫颈癌你了解吗?

发布时间:2022-05-09 12:45:50 来源:西藏康城肿瘤医院 阅读:0

 宫颈癌是最常见的妇科恶性肿瘤,仅次于乳腺癌。我国每年约有13.5万名女性新患上宫颈癌。宫颈癌是所有癌症中唯一病因明确的癌症,人乳头瘤病毒(HPV)的感染是宫颈癌发生的主要病因。大约90%的宫颈上皮內瘤变和99%以上的子宫颈癌组织发现高危型HPV感染,其中约70%与HPV16和18型相关。宫颈癌还与多个性伴侣,性生活过早(年龄小于16岁)、分娩年龄小、分娩次数多,吸烟等因素有关。 

མངལ་སྐེའི་འབྲས་སྐྲན་ནི་རྒྱུན་མཐོང་མོ་ནད་ཀྱི་སྐྲན་ནད་ཅིག་ཡིན་ལ།  ནད་འདི་ཕོག་ཚད་ནི་ཧ་ལམ་ནུ་མའི་སྐྲན་དང་འདྲ་བ་དང་།  རང་རྒྱལ་དུ་ལོ་རེར་བུད་མེད135000ལྷག་ཙམ་ལ་མངལ་སྐེའི་འབྲས་སྐྲན་ནད་ཕོག་གི་ཡོད། མངལ་སྐེའི་འབྲས་སྐྲན་ནི་སྐྲན་ནད་ཡོད་ཚད་ལས་ནད་རྐྱེན་གསལ་པོ་ཡིན་པའི་སྐྲན་ནད་གཅིག་པུ་དེ་ཡིན། མིའི་ནུ་མགོའི་སྐྲན་དབྱིབས་ནད་དུག(HPV)འགོས་པ་ནི་མངལ་སྐེའི་འབྲས་སྐྲན་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན། ཕལ་ཆེར90%ཡི་མངལ་སྐེའི་ཕྱི་སྐྱིའི་ཕྲ་ཕུང་གི་སྐྲན་འགྱུར་དང99%ཡན་གྱི་མངལ་སྐེའི་འབྲས་སྐྲན་གྱི་ཕུང་གྲུབ་ནང་ཉེན་ཁ་ཆེའི་བའི་མིའི་ནུ་མགོའི་སྐྲན་དབྱིབས་ནད་དུག(HPV)འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད། དེའི་ནང་ནས70%ནི(HPV16)དང(HPV18)དང་འབྲེལ་བ་ཡོད།  མངལ་སྐེའི་འབྲས་སྐྲན་ནི་ད་དུང་མི་མང་པོ་དང་མཉམ་དུ་འཁྲིག་སྤྱོད་དམ་ལུས་འབྲེལ་བྱེད་པ། འཁྲིག་སྤྱོད་བྱེད་སྔ་བ་སྟེ་ལོ་བཅུ་དྲུག་མ་ཟིན་གོང་།  ཕྲུ་གུ་བཙའ་བའི་ལོ་ཚོད་ཆུང་བ།  ཕྲུ་གུ་མང་པོ་བཙའ་བ། ཐ་མག་འཐེན་པ་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད།


图片


发生原因བྱུང་བའི་རྒྱུ་རྐྱེན།

目前已经明确,宫颈癌主要是由人乳头瘤病毒( HPV )感染引起的。大部分情况下, HPV 感染不需要治疗便能够自行消失,但是一些感染能够在细胞内存在很长时间先引起宫颈癌前病变,部分癌前病变进一步发展,最终引起宫颈癌。

མིག་སྔར་ཁ་གསལ་བྱུང་ཡོད་པ་ཞིག་ལ།མངལ་སྐེའི་འབྲས་སྐྲན་ནི་གཙོ་བོ་མིའི་ནུ་མགོའི་སྐྲན་དབྱིབས་ནད་དུགHPVལས་འགོས་པ་ཡིན། གནས་ཚུལ་མང་ཆེ་བའི་འོག་HPVའགོས་ནད་ལ་སྨན་བཅོས་བྱེད་མི་དགོས་པར་རང་བཞིན་གྱིས་མེད་པར་འགྱུར་སྲིད།འོན་ཀྱང་འགོས་ནད་ཁ་ཤས་ཕྲ་ཕུང་ནང་དུ་དུས་ཡུན་རིང་བོར་གནས་པས་མངལ་སྐེའི་འབྲས་སྐྲན་སྔོན་གྱི་ནད་འགྱུར་འབྱུང་སྲིད།སྐྲན་ནད་ཁ་ཤས་སྔོན་གྱི་ནད་འགྱུར་སྔར་ལས་འཕེལ་རྒྱས་བྱུང་བ་དང་།མཇུག་མཐར་མངལ་སྐེའི་འབྲས་སྐྲན་བྱུང་བ་རེད

检测方法ཞིབ་དཔྱད་ཚད་ལེན་བྱེདཐབས།

TCT+HPV+电子阴道镜+子宫颈活组织检查

TCT+HPV+གློག་རྡུལ་གསང་ལམ་ཤེལ་+མངལ་སྐེའི་ཕུང་གྲུབ་གསོན་བཤེར་

高危人群ཉེན་ཆེའི་མི་ཚོགས།

◆ 吸烟、吸毒、营养不良的女性 

◆ 曾患人乳头瘤病毒、单纯疱疹病毒、艾滋病毒感染或其它性病的女性 

◆ 有宫颈病变(长期慢性宫颈炎、宫颈癌前病变等)的女性 

◆ 家族中有多人患有宫颈癌的女性

ཐ་མག་འཐེན་པ་དང་།དུག་འཐེན་པ།འཚོ་བཅུད་མི་འདང་བ་བཅས་ཀྱི་བུད་མེད་།

མིའི་ནུ་མགོའི་སྐྲན་དབྱིབས་ནད་དུག་དང་ཆུ་བུར་ནད་དུག་ཨེ་ཙི་ནད་དུག་འགོས་པའམ་ཡང་ན་རེག་ནད་གཞན་དག་འགོས་པའི་བུད་མེད་།

མངལ་སྐེའི་ནད་འགྱུར་ཡུན་རིང་དལ་གཤིས་མངལ་སྐེའི་གཉན་ཚད་་དང་མངལ་སྐེའི་འབྲས་སྐྲན་སྔོན་གྱི་ནད་འགྱུར་སོགས་ཡོད་མཁན་བུད་མེད་།

ཁྱིམ་རྒྱུད་ནང་དུ་མི་མང་པོར་མངལ་སྐེའི་འབྲས་སྐྲན་ཕོག་མཁན་གྱི་བུད་མེད་། 

预防措施སྔོན་འགོག་བྱེད་ཐབས།

◆每年要做好宫颈癌的筛查。宫颈癌的筛查主要包括定期的妇科检查,宫颈薄层液基细胞的检查(TCT),人乳头状瘤病毒(HPV)的检测。必要的时候,还要通过阴道镜、宫颈活检来排除一些早期的宫颈癌。

◆ 注射HPV疫苗,增强免疫力

◆ 禁烟限酒,保持外阴及贴身衣物的清洁

ལོ་རེར་མངལ་སྐེའི་འབྲས་སྐྲན་ཡོད་མེད་ལ་བརྟག་དཔྱད་ཡག་པོ་བྱེད་དགོས། མངལ་སྐེའི་འབྲས་སྐྲན་གྱི་བརྟག་དཔྱད་ལ་གཙོ་བོ་དུས་བཅད་ལྟར་མོ་ནད་ཚན་ཁག་གི་བརྟག་དཔྱད་དང་།མངལ་སྐེའི་སྲབ་རིམ་གཤེར་རྨང་ཕྲ་ཕུང་གི་བརྟག་དཔྱད།མིའི་ནུ་མགོའི་དབྱིབས་སྐྲན་གྱི་ནད་དུག་HPVཀྱི་བཤེར་འཇལ་བཅས་ཡོད། དགོས་ངེས་ཀྱི་དུས་སུ་ད་དུང་གསང་ལམ་ཤེལ་དང་མངལ་སྐེའི་ཕུང་གྲུབ་གསོན་བཤེར་ལ་བརྟག་དཔྱད་བྱས་ཏེ་སྔ་དུས་ཀྱི་མངལ་སྐེའི་འབྲས་སྐྲན་མེད་པར་བཟོ་དགོས།

HPVསྨན་ཁབ་རྒྱག་པ་དང་།རིམས་འགོག་གི་ནུས་པ་ཤུགས་ཆེར་གཏོང་བ་།

ཐ་མག་འཐེན་མི་ཆོག་པ་དང་ཆང་ཚོད་འཛིན་བྱེད་དགོས།མཚན་ཕྱི་དང་དེ་བཞིན་ལུས་ལ་འབྱར་བའི་གྱོན་གོས་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས།