您的位置:首页> 科普宣传 > >

【科普宣传】怎样才能远离癌症?

发布时间:2022-01-27 16:05:43 来源:西藏康城肿瘤医院 阅读:0
图片

世界卫生组织(WHO)宣称,根据现在已经获得的科学知识,有近50%的癌症是可以预防的。而这些可预防的癌症中,80%都与生活方式有关。


要降低癌症风险,关键在于改变生活方式,避免和减少癌症危险因素的暴露。

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་WHOཀྱིས་ད་ལྟ་ཐོབ་ཟིན་པའི་ཚན་རིག་ཤེས་བྱ་ལྟར་ན།ཕལ་ཆེར་50%ཡི་སྐྲན་ནད་ནི་སྔོན་འགོག་བྱེད་ཐུབ་ཅེས་བཤད། སྔོན་འགོག་བྱེད་ཐུབ་པའི་སྐྲན་ནད་འདི་དག་ལས་80%ནི་འཚོ་བ་རོལ་སྟངས་དང་འབྲེལ་བ་ཡོད།

སྐྲན་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས་ན།གཙོ་བོ་འཚོ་བའི་རོལ་སྟངས་ལ་འགྱུར་བ་བཏང་སྟེ།སྐྲན་ནད་ཉེན་ཁ་ཅན་གྱི་རྒྱུ་རྐྱེན་ཕྱིར་མངོན་པར་སྔོན་འགོག་དང་ཇེ་ཉུང་དུ་གཏོང་དགོས། 


癌症与生活方式息息相关སྐྲན་ནད་དང་འཚོ་བའི་རོལ་སྟངས་གཉིས་འབྲེལ་བ་དམ་ཟབ་ཡོད། 

大量科学研究证实,癌症是一种多因素的疾病,与遗传、环境、生活方式等许多危险因素有关。每个个体的情况不同,患癌的风险也就有相当大的差异。


有些与癌症密切相关的因素是人们的行为造成的,由于有了这些行为,人的癌症风险会显著上升;而改变这些行为后,癌症的风险明显下降。因此,科学家把这些与癌症相关的因素称作生活方式危险因素,也叫可预防的因素。这些因素是可以改变的,从而会使个体的癌症风险上升或下降,因而显得非常重要。


按照目前科学研究进展,最重要的癌症相关的生活方式危险因素,分别是吸烟、饮酒、膳食和营养、体力活动。这些因素与人的日常生活息息相关,通过改善这些行为就可以降低个体癌症的风险。

ཚན་རིག་གི་ཞིབ་འཇུག་མང་པོ་ལས་སྐྲན་ནད་ནི་རྒྱུ་རྐྱེན་མང་བའི་ནད་རིགས་ཤིག་ཡིན་པ་བདེན་དཔང་བྱས་ཡོད།དེ་ནི་རྒྱུད་འཛིན་དང་ཁོར་ཡུག་འཚོ་བ་རོལ་སྟངས་སོགས་ཉེན་ཁའི་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད། མི་སྒེར་སོ་སོའི་གནས་ཚུལ་མི་འདྲ་བས།སྐྲན་ནད་ཕོག་པའི་ཉེན་ཁ་ལའང་ཁྱད་པར་ཆེན་པོ་ཡོད།

 

སྐྲན་ནད་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་རྐྱེན་ཁ་ཤས་ནི་མི་རྣམས་ཀྱི་བྱ་སྤྱོད་ལས་བྱུང་བ་ཡིན་ཞིང་།བྱ་སྤྱོད་དེ་དག་ཡོད་སྟབས་མིའི་སྐྲན་ནད་ཀྱི་ཉེན་ཁ་མངོན་གསལ་གྱིས་ཆེ་རུ་འགྲོ་གི་ཡོད། བྱ་སྤྱོད་དེ་དག་ལ་འགྱུར་ལྡོག་བཏང་རྗེས་སྐྲན་ནད་གྱི་ཉེན་ཁ་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད། དེར་བརྟེན།ཚན་རིག་པས་སྐྲན་ནད་དང་འབྲེལ་བའི་རྒྱུ་རྐྱེན་འདི་དག་ལ་འཚོ་བ་རོལ་སྟངས་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཟེར།སྔོན་འགོག་ཐུབ་པའི་རྒྱུ་རྐྱེན་ཡང་ཟེར། རྒྱུ་རྐྱེན་འདི་དག་ནི་འགྱུར་ལྡོག་འབྱུང་སྲིད་པས།མི་སྒེར་གྱི་སྐྲན་ནད་ཉེན་ཁ་ཇེ་མཐོར་འགྲོ་བའམ་ཇེ་དམའ་རུ་འགྲོ་སྲིད་པས།དེ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།

 

མིག་སྔའི་ཚན་རིག་ཞིབ་འཇུག་གི་འཕེལ་རིམ་ལ་གཞིགས་ན།སྐྲན་ནད་དང་འབྲེལ་བའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ནི་ཐ་མག་འཐེན་པ་དང་།ཆང་རག་འཐུང་བ།བཟའ་བཅའ་དང་འཚོ་བཅུད།ལུས་པོའི་འགུལ་སྐྱོད་བཅས་རེད། རྒྱུ་རྐྱེན་འདི་དག་མིའི་ཉིན་རྒྱུན་གྱི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད།བྱ་སྤྱོད་འདི་དག་ལེགས་བཅོས་བྱས་པ་བརྒྱུད་མི་སྒེར་གྱི་སྐྲན་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། 

图片

吸烟ཐ་མག་འཐེན་པ།

吸烟是研究最透彻的生活方式因素。吸烟,以及使用任何形式的烟草制品,比如水烟、雪茄、咀嚼烟草等,都会增加癌症的风险。


大量人群研究证实,吸烟直接导致了22%的癌症死亡,其中包括肺癌、食管癌、喉癌、口腔癌、口咽癌、肾癌、膀胱癌、胰腺癌、胃癌和宫颈癌等。吸烟使人体细胞DNA发生突变,而细胞DNA 突变导致基因损伤,这正是癌症发生的基础。


与不吸烟的人相比,吸烟者死于肺癌的风险高20倍左右,如果戒烟的话,死于肺癌的风险就会大幅降低,随着戒烟时间延长,风险几乎与不吸烟者相等。此外,被动吸烟也会升高癌症的风险。二手烟也会和一手烟一样,危害人体细胞,启动致癌机制。

ཐ་མག་འཐེན་པ་ནི་ཞིབ་འཇུག་གཏིང་ཟབ་ཤོས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱི་རྒྱུ་རྐྱེན་ཞིག་རེད། ཐ་མག་འཐེན་པ་དང་དེ་བཞིན་རྣམ་པ་སྣ་ཚོགས་ཀྱི་རྡོ་ཐའི་ཐོན་རྫས་སྤྱོད་པ་དཔེར་ན།ཆུ་དུད་དང་།ཐ་མག་ཞུའེ་ཅའོ།ཐ་མག་ལྡད་པ་་སོགས་ཚང་མས་སྐྲན་ནད་ཀྱི་ཉེན་ཁ་ཆེ་རུ་གཏོང་གི་ཡོད་ཅེས་བཤད་པ་རེད།

 

མི་ཚོགས་མང་པོ་ཞིག་གིས་ཞིབ་འཇུག་བྱས་ནས་ར་སྤྲོད་བྱས་པ་ལྟར་ན།ཐ་མག་འཐེན་ན་ཐད་ཀར་22%ཀྱི་སྐྲན་ནད་ཕོག་ཅིང་།དེའི་ནང་གློ་སྐྲན་དང་།མིད་སྐྲན།ཨོལ་སྐྲན།ཁ་གྲེ་སྐྲན།མཁལ་མའི་འབྲས་སྐྲན།ལྒང་སྐྲན།ཤན་རྨེན་སྐྲན།ཕོ་བའི་འབྲས་སྐྲན།མངལ་སྐེའི་འབྲས་སྐྲན་སོགས་ཚུད་ཡོད། ཐ་མག་འཐེན་པ་ལས་མི་ལུས་ཀྱི་ཕྲ་ཕུང་DNAལ་གློ་བུར་དུ་འཕོ་འགྱུར་བྱུང་བ་དང་།ཕྲ་ཕུང་DNAའཕོ་འགྱུར་གྱིས་རྒྱུད་རྒྱུ་ལ་གནོད་འཚེ་ཐེབས་པ་དེ་ནི་སྐྲན་ནད་འབྱུང་བའི་རྨང་གཞི་ཡིན།

 

ཐ་མག་མི་འཐེན་པའི་མི་དང་བསྡུར་ན།ཐ་མག་འཐེན་མཁན་གློ་སྐྲན་གྱིས་ཤི་བའི་ཉེན་ཁ་ལྡབ20ཡས་མས་ཡིན།གལ་ཏེ་ཐ་མག་བཅད་ན་གློ་སྐྲན་གྱིས་ཤི་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ།ཐ་མག་གཅོད་པའི་དུས་ཡུན་ཇེ་རིང་དུ་གཏོང་བ་དང་བསྟུན་ནས།ཉེན་ཁ་ནི་ཐ་མག་མི་འཐེན་མཁན་དང་གཅིག་མཚུངས་ཡིན། གཞན་ཡང་གཞན་གྱིས་ཐ་མག་འཐེན་ཚེ་སྐྲན་ནད་ཕོག་ཉེན་ཆེན་པོ་ཡོད། ཐ་མག་མི་འཐེན་མཁན་གྱི་དུ་བ་ཡང་ཐ་མག་གཅིག་དང་འདྲ་བར་མིའི་ལུས་པོའི་ཕྲ་ཕུང་ལ་གནོད་འཚེ་ཕོག་ནས་འབྲས་སྐྲན་སློང་བའི་ལམ་སྲོལ་ལག་ལེན་བསྟར་གྱི་ཡོད། 


饮酒ཆང་རག་འཐུང་བ།


大量饮酒是许多癌症的危险因素,包括口腔癌、喉癌、口咽癌、食管癌、肝癌、结直肠癌和乳腺癌等。饮酒越多,癌症的风险越高。俗话说,烟酒不分家,如果饮酒的同时还重度吸烟,上述癌症的风险成倍增加。有研究表明,少量饮酒和偶尔一次性大量饮酒也会导致女性最常见的乳腺癌风险明显增加。

ཆང་རག་མང་པོ་འཐུང་བ་ནི་སྐྲན་ནད་མང་པོ་ཞིག་གི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན་ཞིང་།དེའི་ནང་དུ་ཁ་ནད་གི་སྐྲན་དང་།ཨོལ་སྐྲན།ཁ་གྲེ་བའི་འབྲས་སྐྲན།མིད་པའི་སྐྲན།མཆིན་པའི་སྐྲན།རྒྱུ་མའི་སྐྲན།ནུ་མའི་སྐྲན་སོགས་ཚུད་ཡོད། ཆང་ཇི་ལྟར་འཐུང་ན་སྐྲན་ནད་ཀྱི་ཉེན་ཁ་དེ་ལྟར་ཆེ། ཁ་རྒྱུན་དུ་ཐ་མག་དང་ཆང་རག་གིས་ཁྱིམ་ཚང་སོ་སོར་མི་གྱེས་པར།གལ་ཏེ་ཆང་རག་འཐུང་བ་དང་ཆབས་ཅིག་ཏུ་ད་དུང་ཐ་མག་ཆེན་པོ་འཐེན་པ་ཡིན་ན།གོང་གསལ་སྐྲན་ནད་ཀྱི་ཉེན་ཁ་ལྡབ་འཕར་ཡོང་གི་རེད། ཞིབ་འཇུག་ལས་མངོན་པ་ལྟར་ན།ཆང་ཉུང་ཙམ་འཐུང་བ་དང་མཚམས་རེར་ཐེངས་གཅིག་ལ་ཆང་མང་པོ་འཐུང་བ་དེས་བུད་མེད་ལ་ཆེས་རྒྱུན་མཐོང་གི་ནུ་མའི་འབྲས་སྐྲན་འབྱུང་ཉེན་ཆེ།


肥胖རྒྱགས་པ་ཆགས་པ།


世界卫生组织国际癌症研究机构在2014年宣布肥胖是癌症的独立危险因素,每年全球约48万例的新发癌症可归因于超重和肥胖,肥胖导致结直肠癌、乳腺癌、肾癌、子宫内膜癌等的风险显著增加。

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་སྒྲིག་གཞིས་2014ལོར་རྒྱགས་པ་ཆགས་པ་ནི་སྐྲན་ནད་ཀྱི་རང་ཚུགས་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་ལོ་ལྟར་གོ་ལ་ཧྲིལ་པོར་འབྲས་སྐྲན་གསར་པ་ཁྲི་48ཐོན་པའི་རྒྱུ་རྐྱེན་ནི་ལྗིད་ཚད་ལས་བརྒལ་བ་དང་རྒྱགས་པ་ཡིན་པའི་དབང་གིས་རྒྱུ་སྐྲན་དང་།ནུ་མའི་འབྲས་སྐྲན།མཁལ་མའི་འབྲས་སྐྲན།བུ་སྣོད་སྐྲན་སོགས་ཀྱི་ཉེན་ཁ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

营养འཚོ་བཅུད།


而更为复杂的是膳食营养与癌症,由于涉及到食物种类繁多,加上食物处理和烹调的方法、食物搭配、营养结构、膳食习惯等,乃至食品污染物等因素,所以需要非常多的研究提供证据。


据世界癌症研究基金会估计,选择健康的食物和膳食结构可以预防30%~40%的癌症。对不同的食物选择、膳食结构、营养状况与癌症风险研究,主要结论是:不健康的膳食结构,特别是高热量、高脂肪、高蛋白、低蔬果的饮食增加结直肠癌的风险;高盐的饮食、多吃烧烤和腌制增加胃癌的风险;长期食用霉变的食物会导致肝癌的发生等。


而新鲜的蔬菜、水果、富含食物纤维素的粗粮可以降低癌症的风险。可以明确的是,膳食营养与癌症的确有关,“癌从口入”是真的,而通过改善饮食来防癌也是可以做到的。

དེ་ལས་ཀྱང་རྙོག་འཛིང་ཆེ་བ་ནི་བཟའ་བཅའི་འཚོ་བཅུད་དང་སྐྲན་ནད་ཡིན།བཟའ་བཅའི་རིགས་མང་བ་དང་།བཟའ་བཅའ་བཀོད་སྒྲིག་དང་གཡོས་སྦྱོར་གྱི་ཐབས་ཤེས་དང་།བཟའ་བཅའ་སྡེབ་སྦྱོར།འཚོ་བཅུད་ཀྱི་གྲུབ་ཆ།བཟའ་བཅའི་གོམས་གཤིས་སོགས་དང་འབྲེལ་བ་ཡོད་པ་མ་ཟད།བཟའ་བཅའི་སྦགས་བཙོག་དངོས་པོ་སོགས་ཀྱི་རྐྱེན་པས་ཞིབ་འཇུག་མང་པོ་བྱས་ནས་དཔང་རྟགས་མཁོ་འདོན་བྱེད་དགོས།

 

འཛམ་གླིང་སྐྲན་ནད་ཞིབ་འཇུག་ཐེབས་རྩ་ཚོགས་པས་ཚོད་དཔག་བྱས་པར་གཞིགས་ན།བདེ་ཐང་གི་ཟས་རིགས་དང་བཟའ་བཅའི་སྒྲིག་གཞིས་30%ནས་40%ཡི་སྐྲན་ནད་སྔོན་འགོག་བྱེད་ཐུབ། ཟས་རིགས་མི་འདྲ་བ་འདེམས་པ་དང་།ཟས་རིགས་ཀྱི་གྲུབ་ཚུལ།འཚོ་བཅུད་ཀྱི་གནས་ཚུལ།སྐྲན་ནད་ཀྱི་ཉེན་ཁ་བཅས་ལ་ཞིབ་འཇུག་བྱེད་པའི་མཇུག་བསྡོམས་གཙོ་བོ་ནི།བདེ་ཐང་མིན་པའི་ཟས་རིགས་ཀྱི་གྲུབ་ཚུལ་དང་།ལྷག་པར་དུ་ཚ་ཚད་མཐོ་བ་དང་།ཚིལ་མཐོ་བ།སྤྲི་དཀར་མཐོ་བ།སྔོ་ཚལ་དང་ཤིང་འབྲས་ཉུང་བ་བཅས་ཀྱི་བཟའ་བཏུང་ཐད་རྒྱུ་སྐྲན་གྱི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་། ཚྭ་མང་བའི་བཟའ་བཅའ།བསྲེགས་ཟས་མང་ཙམ་ཟ་བ་དང་བསྙལ་བའི་རིགས་གིས་ཕོ་བའི་སྐྲན་མང་དུ་འགྲོ་བ། དུས་ཡུན་རིང་བོར་ཧམ་སྤུ་རྒྱབ་པའི་ཟས་རིགས་ཟས་ན་མཆིན་སྐྲན་འབྱུང་བ་སོགས་སོ།།


སྔོ་ཚལ་དང་།ཤིང་འབྲས།ཟས་རིགས་ཀྱི་ཚི་སྣ་རྒྱུ་འདུས་པའི་འབྲུ་རིགས་ཀྱི་སྐྲན་ནད་ཉུང་དུ་གཏོང་ཐུབ། དེ་ཡང་གསལ་པོར་བཤད་ན།བཟའ་བཅའི་འཚོ་བཅུད་དང་སྐྲན་ནད་གཉིས་འབྲེལ་བ་ཡོད་དེ།སྐྲན་ནད་ཁ་ནས་འཇུག་པནི་བདེན་པ་ཡིན་མོད།འོན་ཀྱང་བཟའ་བཏུང་ལེགས་བཅོས་བྱས་ནས་སྐྲན་ནད་འགོག་པ་ཡང་སྒྲུབ་ཐུབ་པ་ཡིན། 

活动འགུལ་སྐྱོད།


有规律地进行体育锻炼和体力活动能够降低癌症的风险,降低的程度与运动量和运动时间相关。欧美144万人持续跟踪11年的健康资料,发现坚持锻炼可以降低13种癌症的风险,其中有7种癌症风险降低了20%以上。这些癌症是食管癌、肝癌、肺癌、肾癌、贲门癌、子宫内膜癌与白血病,全球高发的结直肠癌和乳腺癌的风险也分别下降了15%和10%左右。


科学家的结论是:坚持锻炼可以降低7%的癌症风险。

ལུགས་དང་མཐུན་པའི་སྒོ་ནས་ལུས་རྩལ་སྦྱོང་བརྡར་དང་ལུས་ཤུགས་ངལ་རྩོལ་བྱས་ན་སྐྲན་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་།དམའ་ཚད་དང་འགུལ་སྐྱོད་ཀྱི་དུས་ཚོད་ལ་འབྲེལ་བ་ཡོད། ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་མི་ཁྲི་༡༤༤ཡིས་ལོ་༡༡རིང་གི་བདེ་ཐང་དཔྱད་གཞིའི་ཡིག་རིགས་ལ་རྒྱུན་མཐུད་རྗེས་འདེད་བྱས་པ་ལས་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན་སྐྲན་ནད་རིགས་༡༣ཉུང་དུ་གཏོང་ཐུབ་པ་ཤེས་རྟོགས་བྱུང་བའི་ནང་སྐྲན་ནད་རིགས་གྱི་ཉེན་ཁ་༢༠%ཡན་ཉུང་དུ་ཕྱིན་ཡོད་པ་རེད། འབྲས་སྐྲན་དེ་དག་ནི་མིད་པའི་འབྲས་སྐྲན་དང་།མཆིན་པའི་འབྲས་སྐྲན།གློ་སྐྲན་།མཁལ་མའི་འབྲས་སྐྲན།ཕོ་བའི་གཉན་ཚད།བུ་སྣོད་ནང་སྐྱི་འབྲས་སྐྲན།ཁྲག་རིལ་དཀར་པོའི་ནད་བཅས་ཡིན་པ་དང་།གོ་ལ་ཧྲིལ་པོར་འབྱུང་མང་བའི་རྒྱུ་སྐྲན་དང་ནུ་མའི་འབྲས་སྐྲན་གྱི་ཉེན་ཁ་ཡང་སོ་སོར་༡༥%དང་༡༠%ཡས་མས་ཆག་པ་རེད། 

ཚན་རིག་པའི་བསྡོམས་ཚིག་ནི་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན་སྐྲན་ནད་ཀྱི་ཉེན་ཁ་%ཇེ་དམའ་རུ་གཏོང་ཐུབ། 

降低癌症风险,要从点滴做起

སྐྲན་ནད་ཉེན་ཁ་ཇེ་དམའ་རུ་གཏོང་བར།བྱ་བ་ཆུང་ངུ་ནས་འགོ་བརྩམས་དགོས། 

对于个人来说,日常生活的点滴改变就可以降低癌症风险!已经被普遍接受的、可以通过改变生活方式来降低癌症风险的方法,总结起来有以下几个方面。

མི་སྒེར་གྱི་ངོས་ནས་བརྗོད་ན་རྒྱུན་གཏན་འཚོ་བའི་འགྱུར་ལྡོག་ཕྲན་བུ་དེས་སྐྲན་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་ཐུབ། ཡོངས་ཁྱབ་ཏུ་དང་ལེན་བྱས་ཤིང་འཚོ་བ་རོལ་སྟངས་བསྒྱུར་ནས་སྐྲན་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་ཐབས་ལ།ཕྱོགས་བསྡོམས་བྱས་ན་གཤམ་གྱི་ཕྱོགས་འགའ་ཡོད།

图片

不吸烟ཐ་མག་མི་འཐེན་པ

与吸烟有关的癌症发生风险与一个人吸烟时间的长短及吸烟的量有密切关系。与吸烟有关的最常见癌症是肺癌,是美国男性和女性癌症死亡的主要凶手。远离烟草可以降低肺癌和其他癌症的发生风险不管以前烟龄有多长。

ཐ་མག་འཐེན་པའི་འབྲེལ་ཡོད་སྐྲན་ནད་བྱུང་བའི་ཉེན་ཁ་དང་མི་ཞིག་གིས་ཐ་མག་འཐེན་པའི་དུས་ཚོད་རིང་ཐུང་དང་ཐ་མག་འཐེན་པའི་གྲངས་ཚད་ལ་འབྲེལ་བ་དམ་ཟབ་ཡོད། ཐ་མག་འཐེན་པ་དང་འབྲེལ་བའི་རྒྱུན་མཐོང་གི་སྐྲན་ནད་ནི་གློ་སྐྲན་རེད།དེ་ནི་ཨ་མེ་རི་ཁའི་སྐྱེས་པ་དང་བུད་མེད་ལ་སྐྲན་ནད་ཕོག་ནས་ཤི་བའི་ལག་དམར་གཙོ་བོ་རེད། དུ་བ་དང་ཐག་རིང་ན་སྔོན་མ་དུ་བའི་ལོ་ག་ཚོད་ཡིན་རུང་གློ་བའི་སྐྲན་ནད་དང་སྐྲན་ནད་གཞན་པ་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

适量饮酒ཆང་འོས་འཚམ་འཐུང་བ།

饮酒可以增加口腔癌、咽癌、喉癌、食道癌、肝癌、结肠癌和直肠癌的发病风险。女性每天饮用含酒精饮料不能超过一瓶,男性不超过两瓶。

ཆང་རག་མང་པོ་འཐུང་བ་ནི་སྐྲན་ནད་མང་པོ་ཞིག་གི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན་ཞིང་།དེའི་ནང་དུ་ཁ་ནད་གི་སྐྲན་དང་།ཨོལ་སྐྲན།ཁ་གྲེ་བའི་འབྲས་སྐྲན།མིད་པའི་སྐྲན།མཆིན་པའི་སྐྲན།རྒྱུ་མའི་སྐྲན།ནུ་མའི་སྐྲན་སོགས་ཚུད་ཡོད།ང་ཇི་ལྟར་འཐུང་ན་སྐྲན་ནད་ཀྱི་ཉེན་ཁ་དེ་ལྟར་ཆེ།བུད་མེད་ཀྱིས་ཉིན་རེར་ཨ་རག་འདྲེས་པའི་བཏུང་བྱ་དམ་བུ་གཅིག་ལས་བརྒལ་མི་ཆོག་པ་དང་།སྐྱེས་པས་ཤེལ་དམ་གཉིས་ལས་བརྒལ་མི་ཆོག།

多吃水果和蔬菜:ཤིང་འབྲས་དང་སྔོ་ཚལ་མང་ཙམ་ཟ་དགོས་པ།

美国癌症协会推荐每天至少吃五种水果和蔬菜,因为它们含有维生素、矿物质、抗氧化物和其他物质,这些都可以降低癌症发生的风险。近年来,一些研究指出食用水果和蔬菜与降低癌症发生的风险之间的关系并不像想象的紧密,不过大多数专家仍旧坚信以植物为主的饮食是保持身体健康的主要方法。

ཨ་མེ་རི་ཁའི་སྐྲན་ནད་མཐུན་ཚོགས་ཀྱིས་ཉིན་རེར་མ་མཐའ་ཡང་ཤིང་ཏོག་དང་སྔོ་ཚལ་རིགས་ལྔ་རེ་ཟ་རྒྱུ་མཚམས་སྦྱོར་བྱེད་བཞིན་ཡོད།རྒྱུ་མཚན་ནི་དེ་དག་གི་ནང་དུ་འཚོ་རྒྱུ་དང་།གཏེར་རྒྱུ།དབྱང་འགྱུར་རྫས་བཅས་དང་དངོས་རྫས་གཞན་དག་འདུས་ཡོད་པས་རེད།འདི་དག་གིས་སྐྲན་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཉེ་བའི་ལོ་འགའི་རིང་ལ།ཞིབ་འཇུག་ཁ་ཤས་ཀྱིས་བཟའ་བྱའི་སིལ་ཏོག་དང་སྔོ་ཚལ་གཉིས་དང་སྐྲན་ནད་འབྱུང་བའི་ཉེན་ཁ་ཆུང་དུ་གཏོང་བའི་བར་གྱི་འབྲེལ་བ་ནི་བསམ་ཚོད་ལྟར་དམ་པོ་ཞིག་མིན་མོད།འོན་ཀྱང་ཆེད་ལས་པ་མང་ཆེ་བས་སྔར་བཞིན་རྩི་ཤིང་གིས་གཙོ་བྱས་པའི་བཟའ་བཏུང་ནི་ལུས་ཕུང་བདེ་ཐང་ཡོང་བའི་ཐབས་ལམ་གཙོ་བོ་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

坚持锻炼,保持健康体重སྦྱོང་བརྡར་རྒྱུན་འཁྱོངས་དང་།བདེ་ཐང་གི་ལྗིད་ཚད་རྒྱུན་འཁྱོངས་། 

经常参加锻炼:越来越多的证据表明,那些参加锻炼的人发生一些癌症的风险比那些喜欢久坐的人要低得多。每周大多数日子的每一天中,45到60分钟适度锻炼可以让精力更充沛,被认为可以降低乳腺癌和结肠癌患病风险。

保持健康的体重:超重和肥胖都可能增加绝经后乳腺癌、结肠癌、子宫内膜癌、食道癌和肾癌的发生。已有事实证明肥胖会增加前列腺癌、肝癌、胆囊癌、胰腺癌、胃癌、卵巢癌和子宫癌的发病风险。一些研究表明,在美国,超重是成人中14%到20%癌症死亡的一个因素。

降低癌症风险并不难,只要你行动起来!

རྒྱུན་དུ་སྦྱོང་བརྡར་ལ་ཞུགས་པ།དཔང་རྟགས་གང་མང་ཞིག་གིས་གསལ་བཤད་བྱས་པར་ཞིགས་ན་སྦྱོང་བརྡར་ལ་ཞུགས་པའི་མི་དེ་དག་ལ་སྐྲན་ནད་བྱུང་བའི་ཉེན་ཁ་ནི་དུས་ཡུན་རིང་བོར་བསྡད་པར་དགའ་བའི་མི་དག་ལས་ཧ་ཅང་ཆུང་། གཟའ་འཁོར་རེར་ཉིན་རེར་དུས་ཚོད་སྐར་མ་༤༥ནས་༦༠བར་སྦྱོང་བརྡར་འོས་འཚམ་བྱས་ཚེ་ལུས་སྟོབས་དེ་བས་རྒྱས་ནས་ནུ་མའི་སྐྲན་དང་རྒྱུ་མའི་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

བདེ་ཐང་གི་ལྗིད་ཚད་རྒྱུན་འཁྱོངས་བྱས་པ།ལྗིད་ཚད་ཚད་ལས་བརྒལ་བ་དང་རྒྱགས་པ་གཉིས་ཀར་ཟླ་མཚན་ཆད་རྗེས་ཀྱི་ནུ་མའི་སྐྲན་དང་།རྒྱུ་མའི་སྐྲན།བུ་སྣོད་ནང་སྐྱི་སྐྲན།མིད་པའི་སྐྲན།མཁལ་མའི་སྐྲན་ནད་སོགས་མང་དུ་འབྱུང་སྲིད། དོན་དངོས་ཀྱི་ཐོག་ནས་རྒྱགས་པ་ཡིན་ན་མདུན་ཆགས་གཤེར་རྨེན་གྱི་སྐྲན།མཆིན་པའི་སྐྲན།མཁྲིས་སྣོད་ཀྱི་སྐྲན།ཤན་རྨེན་གྱི་སྐྲན།ཕོ་བའི་སྐྲན།བསམ་སེའུ་ཡི་སྐྲན།བུ་སྣོད་ཀྱི་སྐྲན་བཅས་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་བདེན་དཔང་བྱས་ཡོད། ཞིབ་འཇུག་བྱས་པ་ལས་ཨ་རིར་ལྗིད་ཚད་ལས་བརྒལ་བ་ནི་དར་མའི་ཁྲོད་༡༤%ནས་༢༠%བར་གྱི་སྐྲན་ནད་ཤི་བའི་རྒྱུ་རྐྱེན་ཞིག་ཡིན་པ་གསལ་བཤད་བྱས་ཡོད། 

སྐྲན་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ནི་དཀའ་མོ་ཞིག་མ་རེད།གལ་ཏེ་ཁྱོད་ཀྱིས་ལག་ལེན་བྱས་ན།