您的位置:首页> 科普宣传 > >

PICC导管的维护(患者篇)PICCའདྲེན་སྦུག་གི་སྲུང་སྐྱོབ།ནད་པའི་སྐོར།

发布时间:2021-12-17 10:30:50 来源:西藏康城肿瘤医院 阅读:0

NO.PICC置管后功能锻炼 PICCསྦུ་གུ་བཞག་རྗེས་ལས་པོའི་སྦྱོང་བརྡར་།


1、置管后观察穿刺点出血情况。

2、置管侧上肢轻轻做握拳、旋腕及上肢抬高运动,每次最少50下,每次间隔3小时,一天最少5次,中间还要屈肘、旋腕、数手指数5分钟,输液时也要捏球活动,避免长时间下垂。

3、置管侧肢体可进行日常活动,避免过度外展、旋转及屈肘,勿提重物。

.སྦུ་གུ་བཞག་རྗེས་གཙགས་རྟོལ་གནས་སུ་ཁྲག་དོན་པའི་གནས་ཚུལ་ལ་བརྟག་དཔྱད་བྱ་དགོས།

.སྦུག་གཞོགས་ཀྱི་ཡན་ལག་ཡང་མོར་ཁུ་ཚུར་དང་མཁྲིག་མ།ལག་པ་སོགས་ཡར་འདེགས་པའི་ལུས་རྩལ་སྦྱོང་བརྡར་བྱེད་དགོས།ཆེས་ཉུང་ན་ཐེངས་རེར་༥༠དང་ཐེངས་རེར་དུས་ཚོད་གསུམ་གྱི་བར་འཚམ་ཞག་དགོས་།ཉིན་གཅིག་ལ་ཆེས་ཉུང་ན་ཐེངས་ལྔ་བྱེད་དགོས།བར་དུ་གྲུ་གུག་དང་མཁྲིག་འཁྱོགས།ལག་གྲངས་བཅས་ཀྱི་ལག་རྩིས་སྟོན་གྲངས་སྐར་མ་ལྔ་དགོས།སྨན་ཆུ་བླུགས་སྐབས་ཀྱང་སྤོ་ལོ་བཙིར་ནས་འགུལ་སྐྱོད་བྱས་ཏེ་དུས་ཡུན་རིང་བོར་ཐུར་དུ་འཕྱང་བར་འཛེམ་དགོས།

.སྦུ་གུའི་གཞོགས་སུ་བཞག་པའི་ཡན་ལག་གིས་ཉིན་རྒྱུན་གྱི་འགུལ་སྐྱོད་བྱས་ཆོག་སྟེ།ཚད་ལས་བརྒལ་བའི་བརྐྱངས་བ་དང་།འཁོར་སྐྱོད་བྱེད་པ།གྲུ་མོ་གུག་པ།དངོས་པོ་ལྗིད་མོ་མི་ལེན་པ་བཅས་བྱེད་དགོས།

图片


No.PICC置管后自我护理 PICCསྦུ་གུ་བཞག་རྗེས་ཀྱི་རང་ཉིད་བདག་སྐྱོང།


1、保持局部清洁、干燥,勿擅自撕下贴膜。

2、多饮水(每日至少2000mL),以避免血栓的形成。

3、淋浴前使用保鲜膜或其他防水保护用品将PICC贴膜及贴膜上下10cm严密包裹,淋浴后及时取下,勿浸湿PICC贴膜。

.གཙང་སྦྲ་རྒྱུན་འཁྱོངས་དང་སྐམ་ཤས་ཆེ་སྐབས་རང་འཚམས་ཀྱིས་སྦྱར་སྐྱི་བཀོག་མི་རུང་།

.ཁྲག་རྡོག་ཆགས་པར་སྔོན་འགོག་བྱེད་ཆེད་།ཆུ་མང་ཙམ་འཐུང་དགོས་།ཉིན་རེར་མ་མཐར་ཡང་༢༠༠༠mLའཐུང་དགོས་།

.གཟུགས་པོ་འཁྲུ་མ་ཁྲུས་གོང་གསར་སྲུང་སྐྱི་པགས་ཡང་ན་ཆུ་འགོག་སྲུང་སྐྱོང་མཁོ་ཆས་གཞན་དག་གིས་PICCསྦྱར་སྐྱི་དང་སྦྱར་སྐྱིའི་གོང་འོག་༡༠cmཐུམ་སྒྲིལ་དམ་པོ་བྱས་ནས་གཟུགས་པོ་འཁྲུ་རྗེས་དུས་ཐོག་ཏུ་ལེན་དགོས་པ་ལས།PICCསྦྱར་སྐྱི་སྦངས་མི་ཆོག་། 


图片

4、治疗间歇期或出院后根据敷料性质定时到医院更换贴膜和外露接头并冲管,保持导管功能状态良好。如出现常情况,即时更换。

5、PICC导管留置时间不得超过1年,治疗间歇期或出院后至少每周到医院维护1次,每次维护必须带维护手册。

6、输液时置管侧肢体自由摆放,适当抬高。睡眠时保持舒适体位尽量避免压迫置管侧肢体。

7、置管侧肢体可进行洗脸、刷牙、洗衣等日常活动,勿提5kg以上重物,避免用力外展、旋转,勿参加羽毛球、跳绳、游泳等剧烈运动。

.སྨན་བཅོས་ཀྱི་བར་མཚམས་དང་སྨན་ཁང་ནས་དོན་རྗེས་རས་རྒྱུའི་རང་བཞིན་ལ་གཞིགས་ནས་དུས་ཚོད་གཏན་འཁེལ་བྱས་ཏེ་སྨན་ཁང་དུ་སྦྱར་སྐྱི་བརྗེ་དགོས་པ་དང་ཕྱི་སྟོན་མཐུད་མཚམས་བརྗེ་དགོས་པ་མ་ཟད།    འདྲེན་སྦུག་གི་བྱེད་ནུས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།     གལ་ཏེ་རྒྱུན་ལྡན་གྱི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་བརྗེ་དགོས།     

 .PICCའདྲེན་སྦུག་ཉར་འཇོག་གི་དུས་ཚོད་ལོ་གཅིག་ལས་བརྒལ་མི་ཆོག་པ་དང་།   གསོ་བཅོས་བར་མཚམས་དང་ཡང་ན་སྨན་ཁང་ནས་ཕྱིར་བུད་རྗེས་ཉུང་མཐར་ཡང་གཟའ་འཁོར་རེར་སྨན་ཁང་དུ་ཐེངས་གཅིག་འགྲོ་དགོས།ཐེངས་རེར་སྲུང་སྐྱོང་བྱེད་པར་ངེས་པར་དུ་སྲུང་སྐྱོང་ལག་དེབ་འཁྱེར་དགོས།     

.སྨན་ཆུ་བླུགས་ཁབ་རྩེ་རྒྱག་སྐབས་སྦུག་གཞོགས་ཀྱི་ཡན་ལག་རང་དགར་འཇོག་པ།འོས་འཚམ་ངང་ཡར་འདེགས་དགོས།གཉིད་ཉལ་པའི་དུས་སུ་ལུས་པོའི་སྡོད་སྟངས་བདེ་མོ་ཞིག་རྒྱུན་འཁྱོངས་བྱས་ཏེ་སྦུག་ཕྱོགས་ཡོད་པའི་ཡན་ལག་ལ་གནོན་ཤུགས་ཐེབས་སུ་འཇུག་མི་རུང་།     

.སྦུ་གུའི་གཞོགས་སུ་བཞག་པའི་ཡན་ལག་གིས་གདོང་བཀྲུ་བ་དང་། སོ་བཀྲུ་བ། གོས་འཁྲུད་པ་སོགས་ཉིན་རྒྱུན་གྱི་བྱ་འགུལ་སྤེལ་ཆོག་པ་ལས། སྤྱི་རྒྱ་༥ཡན་ཆད་ཀྱི་དངོས་པོ་ལྗིད་མོ་འདེགས་མི་ཉན་ལ། ཤུགས་ཀྱིས་ཕྱི་ལ་བཏོན་མི་ཆོག་དེ་བཞིན་བསྐོར་མི་ཆོག་པ་དང་བྱ་སྒྲོའི་སྤོ་ལོ་། ཐག་མཆོང་། ཆུ་རྐྱལ་སོགས་ཀྱི་འགུལ་སྐྱོད་དྲག་པོ་བྱེད་མི་རུང་།

图片

8、穿容易穿脱、袖口宽松的衣服,更衣时避免将PICC导管勾出或拔出。

9、置管后若出现贴膜卷曲、松动、潮湿、污染,穿刺点及周围发红、肿胀、疼痛、渗血,导管外露刻度变化等情况,请及时与护士联系。

.གྱོན་སླ་བ་དང་ཕུ་ཐུང་གུ་ཡངས་པའི་གྱོན་ཆས་གྱོན་པ་དང་།དེ་བས་གོས་བརྗེ་བའི་སྐབས་སུ་PICCའདྲེན་སྦུག་ཕྱིར་འཐེན་པའམ་ཡང་ན་བཏོན་པར་སྔོན་འགོག་བྱ་དགོས།

.སྦུ་གུ་བཞག་རྗེས་གལ་ཏེ་འབྱར་སྐྱིའི་འཁྱིལ་འགུལ་དང་འགུལ་བ།བརླན་བཤེར་ཆེ་བ།འབག་བཙོག་ཐེབས་པ།གཙགས་རྟོལ་གནས་དང་མཐའ་འཁོར་དམར་པོར་གྱུར་བ།སྐྲངས་པ།ན་བ།ཁྲག་སིམ་བ།འདྲེན་སྦུག་ཕྱིར་བུད་པའི་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་ནད་གཡོག་དང་འབྲེལ་གཏུག་བྱེད་དགོས།

图片