您的位置:首页> 科普宣传 > >

用理性与智慧,打败肿瘤!

发布时间:2022-06-29 09:46:14 来源:西藏康城肿瘤医院 阅读:0

胃肠道肿瘤是吃出来的吗?

ཕོ་བའི་རྒྱུ་མའི་སྐྲན་ནད་ནི་ཟས་ཀྱི་རྐྱེན་པའི་ཡིན་ནམ།


胃肠道包括胃和肠,而肠又包括小肠和大肠(又称为结直肠)。日常生活中的不健康饮食习惯,的确会诱发胃肠道肿瘤,这是毋庸置疑的。


与大肠癌相关的不良饮食习惯主要包括以下几个方面:


第一是高脂肪、高蛋白饮食。长期大量食用蛋白质和脂肪,与大肠癌的发生有关。


第二是长期食用腌制、熏制、发霉、变质的食物。例如发霉的花生含黄曲霉毒素,可导致肝癌的发生。


第三是肥胖。肥胖也与不合理的饮食有关。目前认为肥胖是结肠癌、直肠癌、乳腺癌的发病因素之一。


预防癌症应该平衡饮食,多吃新鲜的蔬菜和水果。很多老年人有一个误区,认为吃素就不会患癌了。其实并非如此。防癌需要健康的体魄,平衡饮食、均衡营养是健康的基础,不能靠吃素来预防癌症的发生。


同时,运动对于健康也非常重要,我们都应该坚持科学运动。不运动肯定不行,但是过度运动同样有损健康。有研究表明,老年人每天运动7500步就可以了,过度运动损伤关节。我们应该根据自身的身体状况,制定科学合理的运动计划,并持之以恒。


ཕོ་བའི་རྒྱུ་མའི་ནང་དུ་ཕོ་བ་དང་རྒྱུ་མ་འདུས་།རྒྱུ་མའི་ནང་དུ་རྒྱུ་མ་ཆུང་ཆུང་དང་རྒྱུ་མ་ཆེན་པོ་འདུས་ཡོད་གཞང་ལོང་ཡང་ཟེར་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་བདེ་ཐང་མིན་པའི་བཟའ་བཏུང་གི་གོམས་གཤིས་ཀྱིས་ཕོ་བའི་རྒྱུ་ལམ་སྐྲན་ནད་ཀྱི་འབྱུང་རྐྱེན་སློང་སྲིད་པ་ནི་ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་རེད།

རྒྱུ་མའི་སྐྲན་དང་འབྲེལ་བའི་བཟའ་བཏུང་གི་གོམས་གཤིས་ངན་པ་ལ་གཤམ་གྱི་ཕྱོགས་འགའ་འདུས་པ་སྟེ།

དང་པོ།ཚིལ་དང་སྤྲི་དཀར་མང་བའི་བཟའ་བཏུང་སྤྱོད་པ། དུས་ཡུན་རིང་བོར་སྤྲི་དཀར་རྫས་དང་ཚིལ་མང་པོ་ཟ་བ་ནི་རྒྱུ་མའི་སྐྲན་ནད་འབྱུང་བ་དང་འབྲེལ་བ་ཡོད།

གཉིས་པ།དུས་ཡུན་རིང་བོར་བསྙལ་བཟོས་དང་།བདུག་བཟོས།ཧམ་སྤུ་བརྒྱབ་པ།རུལ་བཟོ།ངོ་བོ་འགྱུར་བའི་ཟས་རིགས་ཟ་བ། དཔེར་ན།ཧམ་སྤུ་བརྒྱབ་པའི་བ་དམ་ནང་དུ་དུག་རྒྱུ་སེར་པོ་འདུས་པས།མཆིན་སྐྲན་འབྱུང་སྲིད།

གསུམ་པ།རྒྱགས་པ་ཆགས་པ། རྒྱགས་པ་ཆགས་པ་ལ་ཡང་ལུགས་དང་མི་མཐུན་པའི་བཟའ་བཏུང་དང་འབྲེལ་བ་ཡོད། མིག་སྔར་རྒྱགས་པ་ཡིན་པ་ནི་རྒྱུ་མའི་སྐྲན།ནུ་སྐྲན་གྱི་ནད་འབྱུང་བའི་རྒྱུ་རྐྱེན་གཅིག་ཡིན་པར་འདོད།

སྐྲན་ནད་སྔོན་འགོག་བྱེད་པར་བཟའ་བཏུང་དང་སྔོ་ཚོད་དང་སིལ་ཏོག་གསར་པ་མང་ཙམ་ཟ་དགོས། རྒན་རྒོན་མང་པོ་ཞིག་ལ་ནོར་འཁྲུལ་ཞིག་ཡོད་དེ།དཀར་ཟས་ཟ་ན་སྐྲན་ནད་འབྱུང་མི་སྲིད་པར་འདོད། དོན་དངོས་སུ་དེ་འདྲ་གཏན་ནས་མ་རེད། སྐྲན་ནད་འགོག་པ་ལ་བདེ་ཐང་གི་ལུས་སྟོབས་དགོས།བཟའ་བཏུང་དོ་མཉམ་དང་འཚོ་བཅུད་དོ་མཉམ་ཡོང་བ་ནི་བདེ་ཐང་གི་རྨང་གཞི་ཡིན་པས།དཀར་ཟས་ཟ་བར་བརྟེན་ནས་སྐྲན་ནད་འབྱུང་བ་སྔོན་འགོག་བྱེད་མི་རུང་།

དུས་མཚུངས་སུ།ལུས་རྩལ་ནི་བདེ་ཐང་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན་པས།ང་ཚོས་ཚན་རིག་གི་ལུས་རྩལ་རྒྱུན་འཁྱོངས་བྱེད་དགོས། ལུས་རྩལ་མ་བྱས་ན་འགྲིག་གི་མ་རེད།འོན་ཀྱང་ཚད་ལས་བརྒལ་བའི་ལུས་རྩལ་བྱས་ན་བདེ་ཐང་ལ་གནོད་ཀྱི་རེད། ཞིབ་འཇུག་བྱས་པ་ལྟར་ན།རྒན་རྒོན་གི་ཉིན་རེར་ལུས་ཕུང་སྦྱོང་བརྡར་བྱས་ན་ཆོག་སྟེ།ལུས་རྩལ་ཚད་ལས་འདས་ན་རུས་ཚིགས་ལ་གནོད་པ་ཐེབས་སྲིད། ང་ཚོས་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་ལུས་རྩལ་འཆར་གཞི་བཟོ་དགོས་པ་མ་ཟད།རྒྱུན་འཁྱོངས་ལྷོད་མེད་ཀྱང་བྱ་དགོས།


长期便秘会不会患肠癌?

དུས་ཡུན་རིང་བོར་བཤང་འགག་ན་རྒྱུ་མའི་སྐྲན་ནད་ཕོག་སྲིད་དམ།


便秘与肠癌的发生实际上并没有特别直接的关系。便秘很常见,尤其是老年人。很多人认为大便中有很多毒素,不及时排出会导致癌变。针对大家的担忧,很多商家也推出清“宿便”、洗肠等商品和服务。其实这些对健康并无益处。


人体是一套非常精密的系统,排便是很自然的生理现象,不应该受到太多的外界干扰。


要调整便秘,不建议经常使用泻药,以免引发药物不良反应,应该更多地从饮食、生活习惯等方面来入手。大家更没有必要为了预防肠癌而去灌肠


བཤང་འགག་དང་རྒྱུ་མའི་སྐྲན་ནད་བྱུང་བ་གཉིས་དོན་དངོས་སུ་ཐད་ཀར་འབྲེལ་བ་མེད། བཤང་འགག་པ་ནི་རྒྱུན་ལྡན་ཞིག་རེད།ལྷག་པར་དུ་རྒན་རྒོན། མི་མང་པོ་ཞིག་གིས་བཤང་བའི་ནང་དུ་དུག་རྒྱུ་མང་པོ་ཡོད་པས་དུས་ལྟར་ཕྱིར་འབུད་མ་བྱས་ན་སྐྲན་དུ་འགྱུར་འགྲོ་སྙམ། མི་རྣམས་ཀྱི་སེམས་ཁྲལ་ལ་དམིགས་ཏེ་ཚོང་པ་མང་པོ་ཞིག་གིས་ཀྱང་རྒྱུ་མ་བཀྲུ་བ་སོགས་ཀྱི་ཚོང་ཟོག་དང་ཞབས་ཞུ་བཏོན་ཡོད་པ་རེད། དོན་ངོ་མར།འདི་དག་གིས་བདེ་ཐང་ལ་ཕན་པ་ཅི་ཡང་མེད།

མི་ལུས་ནི་ཧ་ཅང་ཞིབ་ཚགས་པའི་མ་ལག་ཅིག་ཡིན་ལ།བཤང་ཕྱིར་ཕུད་པ་ནི་རང་བྱུང་གི་སྐྱེ་ཁམས་སྣང་ཚུལ་ཞིག་ཡིན་པས།ཕྱི་རོལ་གྱི་འགོག་རྐྱེན་མང་པོ་ཐེབས་མི་འོས།

བཙོག་པ་འགག་པ་སྙོམ་སྒྲིག་བྱེད་དགོས་པ།རྒྱུན་དུ་བཤལ་སྨན་སྤྱོད་མི་རུང།སྨན་མི་འཕྲོད་པའི་གནས་ཚུལ་མི་འབྱུང་ཆེད་ངེས་པར་དུ་བཟའ་བཏུང་དང་འཚོ་བའི་གོམས་གཤིས་སོགས་ཀྱི་ཐད་ནས་མགོ་བརྩམ་དགོས། ཚང་མས་རྒྱུ་མའི་སྐྲན་ནད་སྔོན་འགོག་བྱེད་ཆེད་རྒྱུ་མ་ལྡུག་དགོས་དོན་མེད།



图片



熬夜加班会增加肿瘤的患病风险吗?

མཚན་གང་ལས་ཀ་བྱས་ན་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་དམ།


对于熬夜是否会引发肿瘤,目前尚无明确证据。不过可以肯定的是,熬夜会损害健康。熬夜会导致人体的免疫力降低,随之可能引发一系列疾病的发生,包括肿瘤发病率的增加。


མཚན་འཁྱོངས་བྱས་ན་སྐྲན་ནད་འབྱུང་མིན་ཐད་མིག་སྔར་ད་དུང་དཔང་རྟགས་གསལ་པོ་མེད། ཡིན་ནའི་གཏན་འཁེལ་བྱེད་ཐུབ་པ་ཞིག་ནི།མཚན་འཁྱོངས་བྱས་ན་བདེ་ཐང་ལ་གནོད་ཀྱི་རེད། མཚན་འཁྱོངས་བྱས་ན་མིའི་ལུས་ཕུང་གི་ནད་འགོག་ནུས་པ་ཞན་དུ་འགྲོ་ལ།དེ་དང་བསྟུན་ནས་ནད་རིགས་སྣ་ཚོགས་འབྱུང་སྲིད་པ་སྟེ།སྐྲན་ནད་བྱུང་ཚད་ཇེ་མཐོར་འགྲོ་བ་ཚུད་ཡོད།


胃肠道肿瘤遗传吗?

ཕོ་བའི་རྒྱུ་ལམ་སྐྲན་ནད་ལ་རྒྱུད་འཛིན་ཡོད་པའི་ཉེན་ཁ་ཡོད་དམ།


经常有患者家属咨询,父母、兄弟姐妹患了胃肠道肿瘤,那么自己是不是也会患肿瘤?


结直肠癌的一个很重要的致病因素就是遗传因素。两代人中如果有三个及以上的人得肠癌,那么就建议去医院做一下基因检测。如果确实存在肠癌遗传基因,那么就要进行必要的肠镜检查,并遵医嘱进行长期随访。


རྒྱུན་དུ་ནད་པའི་ཁྱིམ་མིར་གནས་ཚུལ་དྲིས་ཚེ།ཕ་མ་དང་གཅེན་གཅུང་གཉིས་ལ་ཕོ་བའི་རྒྱུ་ལམ་སྐྲན་གྱི་ནད་ཕོག་པ་ཡིན་ན།རང་ཉིད་ལ་ཡང་སྐྲན་ནད་ཕོག་སྲིད་དམ།

རྒྱུ་སྐྲན་གྱི་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱུད་འཛིན་གྱི་རྒྱུ་རྐྱེན་ཡིན། མི་རབས་གཉིས་ཀྱི་ཁྲོད་དུ་གལ་ཏེ་མི་གསུམ་ཡན་ལ་རྒྱུ་མའི་སྐྲན་ནད་བྱུང་ན།སྨན་ཁང་དུ་སོང་ནས་རྒྱུ་གཞི་ལ་ཞིབ་བཤེར་བྱ་དགོས་པའི་བསམ་འཆར་བཏོན། གལ་ཏེ་རྒྱུ་མའི་སྐྲན་གྱི་རྒྱུད་འཛིན་རྒྱུད་རྒྱུ་ཡོད་ན།ངེས་བར་དུ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད།སྨན་པའི་བཀའ་བཞིན་དུས་ཡུན་རིང་བོར་འཚམས་འདྲི་བྱེད་དགོས།

肠镜需要从多大年纪开始查?

རྒྱུ་མའི་ཤེལ་ནི་ལོ་ག་ཚོད་ནས་འགོ་བརྩམས་ཏེ་ཞིབ་བཤེར་བྱེད་དགོས།


一般建议45岁以后,即便没有异常也应该做一次肠镜检查。如果害怕疼痛可以选择无痛肠镜,一般10分钟即可完成检查。如果没有条件做肠镜,也可以坚持每年做一次大便潜血检查,对发现早期肠癌很有帮助。


生活节奏快、工作压力大,很多人没时间检查身体。但是我们应该清楚,疾病不会等你!你不爱惜身体,身体也不会替你扛过一切。不要等到有一天疾病暴发了,身体垮了,才幡然悔悟。所以我们一定要坚持健康体检,有任何不适都要尽早就医。


སྤྱིར་བཏང་དུ་ལོ་༤༥ཡི་རྗེས་སུ།རྒྱུན་ལྡན་མིན་པའི་གནས་ཚུལ་མེད་ན་ཡང་རྒྱུ་ཤེལ་བརྟག་དཔྱད་ཐེངས་གཅིག་བྱ་དགོས། གལ་ཏེ་ན་ཟུག་ལ་སྐྲག་ན་ན་ཟུག་མེད་པའི་རྒྱུ་ཤེལ་གདམ་ཆོག་ལ།སྤྱིར་བཏང་དུ་སྐར་མ་བཅུ་ལ་བརྟག་དཔྱད་བྱེད་ཐུབ། གལ་ཏེ་རྒྱུ་ཤེལ་བརྟག་དཔྱད་བྱེད་པའི་ཆ་རྐྱེན་མེད་ན།ལོ་རེར་བཤང་བའི་ནང་ཁྲག་ལ་བརྟག་དཔྱད་ཐེངས་གཅིག་བྱས་ཀྱང་ཆོག།སྔ་དུས་ཀྱི་རྒྱུ་སྐྲན་ལ་རོགས་རམ་ཆེན་པོ་ཡོད། 

འཚོ་བའི་གོམ་སྟབས་མགྱོགས་པ་དང་ལས་ཀའི་གནོན་ཤུགས་ཆེ་བས་མི་མང་པོ་ཞིག་ལ་གཟུགས་པོར་བརྟག་དཔྱད་བྱེད་པའི་དུས་ཚོད་མེད། ཡིན་ཀྱང་ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ནི་ནད་གཞི་ཡི་རང་སྒུག་གི་མ་རེད། ཁྱོད་ཀྱིས་ལུས་ཕུང་ལ་གཅེས་སྤྲས་མ་བྱས་ན།ལུས་ཕུང་གིས་ཀྱང་ཁྱོད་ལ་ཡོད་ཚད་འཁུར་མི་སྲིད། ཉིན་ཞིག་ནད་གཞི་ལངས་ནས་གཟུགས་པོ་ཉམས་རྗེས་གཞི་ནས་འགྱོད་པ་སྐྱེ་མི་རུང། དེ་བས་ང་ཚོས་ངེས་པར་དུ་ལུས་ཕུང་བདེ་ཐང་ལ་བརྟག་དཔྱད་བྱེད་དགོས་པ་དང་།མི་བདེ་བ་ཅི་ཞིག་ཡོད་ཀྱང་སྔ་མོ་ནས་སྨན་བཅོས་བྱེད་དགོས།


万一不幸罹患肿瘤该如何面对?

གལ་ཏེ་སྟབས་མ་ལེགས་པར་སྐྲན་ནད་ཕོག་ན་ཅི་ལྟར་གདོང་གཏོད་དགོས།


身患肿瘤绝对是人生的悲剧,同样也是家庭的灾难,但是我们要知道,任何一个人一生中都有25%的患肿瘤的概率因为我们每个人身体中都有原癌基因、抑癌基因,所以大家都有身患肿瘤“潜质”。患者也不必抱怨命运的不公。


如今,罹患肿瘤也绝非世界末日。随着医学的发展,目前1/3的肿瘤可以通过治疗实现彻底治愈,1/3可通过治疗来改善症状。目前对于肿瘤的治疗,临床上有非常多的方法与技术手段,包括手术、放疗、化疗、靶向治疗、免疫治疗等。因此得了肿瘤不要害怕,也不要逃避,坚信科学,理性面对,积极配合医生的治疗。


ལུས་ལ་སྐྲན་ནད་ཕོག་པ་ནི་མི་ཚེ་གང་བོའི་སྐྱོ་གར་ཞིག་ཡིན་ལ།དེ་དང་འདྲ་བར་ཁྱིམ་ཚང་གི་གོད་ཆགས་ཞིག་ཀྱང་ཡིན་མོད།འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ་མི་སུ་འདྲ་ཞིག་གི་ཚེ་གང་བོའི་ནང་དུ་སྐྲན་ནད་ཕོག་ཚད་25%ཟིན་ཡོད། ང་ཚོ་མི་རེ་རེའི་ལུས་ཕུང་ནང་དུ་གདོད་སྐྲན་རྒྱུད་རྒྱུ་དང་སྐྲན་ནད་འགོག་པའི་རྒྱུད་རྒྱུ་ཡོད་པས།ཚང་མར་སྐྲན་ནད་ཕོག་པའིལྐོག་གཤིསཡོད། ནད་པས་ཀྱང་ལས་དབང་གི་དྲང་གཞག་མེད་པར་འཁང་ར་བྱེད་མི་དགོས།

ད་ཆ་སྐྲན་ནད་ཕོག་པའང་འཛམ་གླིང་མཐའ་མའི་ཉིན་མོ་ཞིག་གཏན་ནས་མིན། གསོ་རིག་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།མིག་སྔར་གསུམ་ཆ་གཅིག་གི་སྐྲན་ནད་ནི་སྨན་བཅོས་ལ་བརྟེན་ནས་རྩ་བ་ནས་དྲག་ཐུབ་པ་དང་།གསུམ་ཆ་གཅིག་ནི་སྨན་བཅོས་ལ་བརྟེན་ནས་ནད་རྟགས་ཇེ་ལེགས་སུ་གཏོང་ཐུབ། མིག་སྔར་ནད་ཐོག་ཏུ་སྐྲན་ནད་ལ་སྨན་བཅོས་བྱེད་པའི་ཐད་དུ་ལག་ལེན་སྟེང་དུ་བྱེད་ཐབས་དང་ལག་རྩལ་གྱི་ཐབས་ལམ་ཧ་ཅང་མང་པོ་ཞིག་ཡོད་དེ།དཔེར་ན་གཤགས་བཅོས་དང་།གློད་བཅོས།རྫས་འགྱུར་སྨན་བཅོས།འབེན་ཕྱོགས་སྨན་བཅོས།རིམས་འགོག་གསོ་བཅོས་སོགས་འདུས། དེར་བརྟེན།སྐྲན་ནད་ཕོག་ན་སྐྲག་མི་དགོས་ལ།གཡོལ་ཐབས་ཀྱང་མི་བྱེད་པར་ཚན་རིག་ལ་ཡིད་ཆེས་བརྟན་པོ་དང་།ཚུལ་མཐུན་གྱི་སྒོ་ནས་སྨན་པས་སྨན་བཅོས་བྱེད་པར་གཞོགས་འདེགས་ཧུར་ཐག་བྱ་དགོས།