胰腺癌早期诊断困难,大多数患者一经确诊已属晚期,手术根治率低,治疗手段有限,预后极差,因此胰腺癌有“癌王”之称。近年来,胰腺癌的发病率逐年攀升,患者日趋年轻化,而大众对该病的了解和认知却仍有待加深。
ཤན་རྨེན་སྐྲན་ལ་སྔ་དུས་བརྟག་དཔྱད་བྱེད་དཀའ་བ་དང་།ནད་པ་མང་ཆེ་བ་ཞིག་བརྟག་དཔྱད་བྱས་མ་ཐག་དུས་མཇུག་གི་ཁོངས་སུ་གཏོགས་པ་དང་།གཤགས་བཅོས་ཀྱི་རྩ་བ་བཅོས་ཚད་དམའ་བ།སྨན་བཅོས་བྱེད་ཐབས་ལ་ཚད་ཡོད་པ།སྔོན་དཔག་བྱས་རྗེས་ཧ་ཅང་ཞན་པ་བཅས་ཡིན་པས་ཤན་རྨེན་སྐྲན་ལ་"སྐྲན་རྒྱལ་པོ་"ཞེས་འབོད་ཀྱི་ཡོད།ཉེ་བའི་ལོ་ཤས་རིང་།ཤན་རྨེན་སྐྲན་གྱི་བྱུང་ཚད་ལོ་རེ་བཞིན་མང་དུ་འགྲོ་བ་དང་ནད་པ་ཉིན་རེ་བཞིན་ན་གཞོན་ཅན་དུ་འགྱུར་བཞིན་ཡོད་མོད།འོན་ཀྱང་མི་མང་པོས་ནད་འདིར་རྒྱུས་མངའ་ལོན་ཚད་དང་ཤེས་རྟོགས་ཐུབ་ཚད་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་ཀྱི་ཡོད། 早发现为何那么难 སྔོན་མ་ནས་ཤེས་དགོས་པ་དེ་ཅིའི་ཕྱིར་དེ་འདྲའི་དཀའ་བ་རེད། 胰腺癌的病因至今不明。研究显示,胰腺癌的危险因素主要包括吸烟、肥胖、糖尿病、慢性胰腺炎、过量饮酒、长期接触有害化学物质等。此外,胰腺癌具有遗传易感性,有家族遗传性疾病者或亲属患肿瘤者,罹患胰腺癌的风险也会显著增加。这些高危人群应改变生活习惯,合理饮食,适当运动,格外注意身体的异常变化,早期识别,积极诊治。 胰腺的解剖位置隐蔽,普通B超对胰腺小肿瘤的检出率低,因此常规体检很难早期发现胰腺癌。此外,胰腺癌早期基本不会引起明显疼痛,只有到了晚期,长大的肿瘤压迫到周围神经引起癌痛才会引起警觉。正因如此,胰腺又被称为最狡猾、最会隐藏和伪装的器官。 早期诊断是提高胰腺癌患者生存率的关键。目前临床主要依据上腹部增强CT帮助诊断胰腺癌。在CT影像中,2毫米的病灶都可以看得清清楚楚。 那么,胰腺癌是否有早期预警信号呢?请大家牢记以下四点: 中上腹饱胀不适,不要光想着做胃镜或肠镜; 中年以后的血糖升高,不要光想着糖尿病; 腰酸背痛,不要只当腰肌劳损、椎间盘突出; 眼睛黄了,不要只想到肝炎。 出现上述症状和不适,应及时去查查胰腺增强CT。 ཤན་རྨེན་སྐྲན་ཀྱི་ནད་རྐྱེན་ད་བར་མི་གསལ། ཞིབ་འཇུག་ལས་མངོན་པ་ལྟར་ན།ཤན་རྨེན་སྐྲན་གྱི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ནི་ཐ་མག་འཐེན་པ་དང་།ཤ་རྒྱགས་པ།གཅིན་པ་མངར་འགྱུར་གྱི་ནད།དལ་གཤིས་གཤེར་མའི་གཉན་ཚད།ཆང་རག་ཚད་ལས་བརྒལ་བ།དུས་ཡུན་རིང་པོའི་ནང་གནོད་ཡོད་རྫས་འགྱུར་དངོས་པོ་དང་འབྲེལ་གཏུག་བྱེད་པ་སོགས་ཡིན། དེ་ལས་གཞན་ཤན་རྨེན་སྐྲན་ལ་རྒྱུད་འདེད་རང་བཞིན་གྱི་ནད་ཡོད་པ་དང་།ཁྱིམ་རྒྱུད་ཀྱི་རྒྱུད་འདེད་རང་བཞིན་གྱི་ནད་ཡོད་པའམ་ཡང་ན་གཉེན་ཉེར་སྐྲན་ནད་བྱུང་མཁན་ལ་ཤན་རྨེན་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་ཡང་མངོན་གསལ་གྱིས་ཇེ་ཆེར་འགྲོ་བཞིན་ཡོད། ཉེན་ཁ་ཆེ་བའི་མི་ཚོགས་འདི་དག་གིས་འཚོ་བའི་གོམས་གཤིས་བསྒྱུར་ཏེ།བཟའ་བཏུང་ལུགས་མཐུན་དང་།ལུས་སྦྱོང་འོས་འཚམ་བྱས་ཏེ།ལུས་པོའི་རྒྱུན་ལྡན་མིན་པའི་འགྱུར་ལྡོག་ལ་ལྷག་ཏུ་དོ་སྣང་བྱས་ཏེ།སྔ་མོ་ནས་དབྱེ་འབྱེད་དང་ཧུར་ཐག་གིས་སྨན་བཅོས་བྱ་དགོས། སྤྱིར་བཏང་གི་Bསྒྲ་བརྟག་དཔྱད་ཀྱིས་ཤན་རྨེན་ཆུང་བའི་སྐྲན་ནད་ལ་ཞིབ་བཤེར་བྱེད་པའི་ཚད་དམའ།དེ་བས་རྒྱུན་ལྡན་གྱི་ལུས་ཕུང་བརྟག་དཔྱད་བྱས་ན་སྔ་མོ་ནས་ཤན་རྨེན་སྐྲན་རྙེད་དཀའ། གཞན་ཡང་།ཤན་རྨེན་སྐྲན་གྱི་ཐོག་མའི་དུས་སུ་ན་ཟུག་མངོན་གསལ་དོད་པོ་མི་འབྱུང་།དུས་མཇུག་ཏུ་སླེབས་དུས།ནར་སོན་པའི་སྐྲན་གྱིས་མཐའ་འཁོར་དབང་རྩར་མནན་ནས་སྐྲན་ནད་ཕོག་ན་གཞི་ནས་དོགས་ཟོན་བྱེད་ཀྱི་ཡོད། རྒྱུ་མཚན་དེའི་དབང་གིས་ཤན་རྨེན་ལ་ཆེས་གཡོ་སྒྱུ་ཆེ་བ་དང་།ཆེས་གསང་སླ་བ།གཡོ་རྫུས་ཅན་གྱི་དབང་པོའང་ཟེར། སྔ་དུས་ཀྱི་བརྟག་དཔྱད་ནི་ཤན་རྨེན་སྐྲན་ཀྱི་ནད་པའི་འཚོ་གནས་ཚད་ཇེ་མཐོར་གཏོང་བའི་གནད་འགག་ཡིན། མིག་སྔར་ནད་ཐོག་སྨན་བཅོས་བྱེད་པའི་གཞི་འཛིན་ས་གཙོ་བོ་ནི་གསུས་ཁོག་CTཇེ་དྲག་ཏུ་བཏང་ནས་གཤེར་མའི་སྐྲན་བརྟག་དཔྱད་བྱེད་པར་རོགས་རམ་བྱེད་ཏེ་ཤན་རྨེན་སྐྲན་ནད་ལ་བརྟག་དཔྱད་བྱེད་དགོས། CTབརྙན་ཕབ་ཁྲོད་ཧའོ་སྨི་གཉིས་ཀྱི་ནད་རོ་གསལ་བོར་མཐོང་ཐུབ། འོ་ན།ཤན་རྨེན་སྐྲན་ལ་སྔ་དུས་ཀྱི་ཉེན་ཟོན་བརྡ་རྟགས་ཡོད་དམ། ཚང་མས་གཤམ་གསལ་གྱི་དོན་གནད་བཞི་པོ་བློ་ལ་བརྟན་པོར་ངེས་དགོས་པ་སྟེ། གྲོད་པ་འབྲིང་སྦོས་མི་བདེ་བ་དང་།ཕོ་ཤེལ་དང་རྒྱུ་ཤེལ་ཁོ་ནར་བསམ་བློ་གཏོང་མི་ཉན། དར་མའི་རྗེས་ཀྱི་ཁྲག་མངར་ཇེ་མཐོར་སོང་བས་གཅིན་པ་མངར་འགྱུར་གྱི་ནད་ཁོ་ནར་བསམ་བློ་གཏོང་མི་རུང་། རྐེད་པ་ན་བ་དང་རྒྱབ་ན་བ་དེ་རྐེད་ཤ་དུབ་རྨས་དང་སྒལ་ཚིགས་འབུར་དུ་ཐོན་པ་ཁོ་ན་བརྩི་་མི་རུང་། མིག་སེར་པོར་གྱུར་ན་མཆིན་ཚད་ཁོ་ན་མ་དྲན། གོང་གི་ནད་རྟགས་དང་མི་བདེ་བའི་གནས་ཚུལ་བྱུང་ཚེ་དུས་ཐོག་ཏུ་ཤན་རྨེན་གྱི་ཇེ་དྲག་CTབརྟག་དཔྱད་བྱེད་དགོས། 手术决定了生存期 གཤགས་བཅོས་ཀྱིས་འཚོ་གནས་ཀྱི་དུས་ཚོད་གཏན་འཁེལ་བྱས་། 胰腺癌的治疗主要是以外科手术为主的综合治疗。胰腺手术被誉为外科学“皇冠上的明珠”,难度高,风险大,极具挑战性。手术切除是胰腺癌患者实现长期存活的唯一希望,但由于确诊时大部分已属晚期,因此目前手术切除率低于20%。研究表明,行根治性手术切除的患者,生存时间明显延长。 手术方式的选择要结合患者一般情况,肿瘤位置、体积、血管侵犯、周围脏器浸润等来确定,可行开放或微创手术。对于暂时无法手术切除或复发转移的患者,需进行药物治疗,包括化疗、靶向治疗、免疫治疗等。积极参与新药临床试验,也可以令患者获益。 ཤན་རྨེན་སྐྲན་ཀྱི་སྨན་བཅོས་གཙོ་བོ་ནི་ཕྱི་ནད་གཤགས་བཅོས་གཙོ་བོ་བྱེད་པའི་ཕྱོགས་བསྡུས་སྨན་བཅོས་ཡིན། ཤན་རྨེན་གཤགས་བཅོས་ལ་ཕྱིའི་ཚན་རིག་གི་“གོང་མའི་ཅོད་པན་སྟེང་གི་མུ་ཏིག་”ཞེས་བརྗོད་ཀྱི་ཡོད་པས་དཀའ་གནད་ཆེ་བ་དང་།ཉེན་ཁ་ཆེ་བ།འགྲན་རྩོད་རང་བཞིན་ཆེ་བ་བཅས་ཡོད། གཤགས་བཅོས་བྱེད་པ་ནི་ཤན་རྨེན་སྐྲན་བྱུང་བའི་ནད་པ་དུས་ཡུན་རིང་བོར་གསོན་ཐུབ་པའི་རེ་བ་ཉག་ཅིག་ཡིན་མོད།འོན་ཀྱང་ནད་གཞི་ཐག་གཅོད་བྱེད་དུས་མང་ཆེ་བ་ནི་དུས་མཇུག་ལ་གཏོགས་པས།མིག་སྔར་གཤགས་བཅོས་བྱེད་པའི་ཚད་ནི་20%ལས་དམའ། ཞིབ་འཇུག་ལས་མངོན་པ་ལྟར་ན།རྩ་བ་བཅོས་ནས་གཤགས་བཅོས་བྱེད་པའི་ནད་པའི་འཚོ་གནས་དུས་ཚོད་མངོན་གསལ་དོད་པོས་རིང་དུ་ཕྱིན་ཡོད་པ་རེད། གཤགས་བཅོས་བྱེད་ཐབས་ནི་ནད་པའི་སྤྱིར་བཏང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།སྐྲན་ནད་བྱུང་བའི་གནས་དང་།བོངས་ཚད།ཁྲག་རྩ་ལ་གནོད་འཚེ་ཐེབས་པ།མཐའ་འཁོར་གྱི་ནང་ཁྲོལ་སྦོངས་རློན་བྱས་པ་སོགས་ལ་བརྟེན་ནས་ཐག་གཅོད་དགོས་ཤིང་།ཕྲ་རབ་གཤགས་བཅོས་ཀྱང་བྱེད་ཐུབ། གནས་སྐབས་སུ་གཤགས་བཅོས་བྱེད་མི་ཐུབ་པའམ་ཡང་བསྐྱར་སྤོ་བསྒྱུར་བྱེད་མི་ཐུབ་པའི་ནད་པར་སྨན་གྱིས་སྨན་བཅོས་བྱེད་དགོས་ཏེ།དེའི་ནང་རྫས་འགྱུར་སྨན་བཅོས་དང་།འབེན་ཕྱོགས་སུ་སྨན་བཅོས།རིམས་འགོག་སྨན་བཅོས་སོགས་ཚུད་ཡོད། ཧུར་བརྩོན་གྱིས་སྨན་གསར་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནང་ཞུགས་ན་ནད་པར་ཕན་ཐོབ་ཐུབ། 胰腺癌会遗传吗 ཤན་རྨེན་སྐྲན་རྒྱུད་འཛིན་བྱེད་སྲིད་དམ་། “医生,我父亲得了胰腺癌,会不会遗传给我呀?”其实,胰腺癌遗传的可能性较低,仅5%~10%的胰腺癌患者有家族史且具有明显的遗传倾向。 家族性胰腺癌是指家族中至少有2名一级亲属患有胰腺癌。在胰腺癌家系中,随着一级亲属中胰腺癌患者人数的增加,胰腺癌的患病风险也明显增加。有1名一级亲属患胰腺癌,那么胰腺癌的患病风险是一般人的4.6倍;2名一级亲属患胰腺癌,胰腺癌的患病风险将达到一般人的6.4倍;如果有3名及以上的一级亲属患胰腺癌,其发病风险将达到32倍。 对于家族性胰腺癌的筛查,一般认为40岁是筛查开始的合适年龄,或比家族中最早出现胰腺癌的患者年龄提前10年。通常为每年查1次,若发现不确定的实性病变或非特异性的胰管狭窄,筛检时间应缩短为3~12个月,甚至缩短至3个月内,并对胰腺外肿瘤进行每年筛查。 随着医学技术的进步,药物研发的可喜进展,治疗手段和方案的日益丰富,多学科综合诊治的参与,个体化的综合治疗为胰腺癌患者带来了更多希望和获益。总之,胰腺癌并非不可战胜,放弃才是最大的认知误区。 “སྨན་པ་ལགས།ངའི་ཨ་ཕར་ཤན་རྨེན་སྐྲན་ནད་ཕོག་ཡོད་པས་ང་ལ་རྒྱུད་འཛིན་བྱེད་སྲིད་དམ་” དོན་དངོས་སུ།ཤན་རྨེན་སྐྲན་ཀྱི་རྒྱུད་འཛིན་ཡོང་སྲིད་པ་ཅུང་དམའ་ལ།5%ནས་10%ཡི་ཤན་རྨེན་སྐྲན་ཀྱི་ནད་པར་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཡོད་ལ་མངོན་གསལ་གྱི་རྒྱུད་འཛིན་གྱི་ཕྱོགས་ལྷུང་ཡོད། ཁྱིམ་རྒྱུད་རང་བཞིན་གྱི་ཤན་རྨེན་སྐྲན་ཞེས་པ་ནི་ཁྱིམ་རྒྱུད་ནང་ཉུང་མཐར་ཡང་རིམ་པ་དང་པོའི་གཉེན་ཉེ་2ལ་ཤན་རྨེན་སྐྲན་ཕོག་པ་ལ་ཟེར། ཤན་རྨེན་སྐྲན་གྱི་ཁྱིམ་རྒྱུད་ཁྲོད།རིམ་པ་དང་པོའི་གཉེན་ཉེའི་ཁྲོད་ཤན་རྨེན་སྐྲན་ནད་པའི་མི་གྲངས་འཕར་སྣོན་བྱུང་བ་དང་བསྟུན་ནས།ཤན་རྨེན་སྐྲན་ཀྱི་ནད་ཕོག་པའི་ཉེན་ཁ་ཡང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད། རིམ་པ་དང་པོའི་གཉེན་ཉེ་གཅིག་ལ་ཤན་རྨེན་སྐྲན་ནད་བྱུང་ན་ཤན་རྨེན་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་ནི་སྤྱིར་བཏང་བའི་མིའི་ལྡབ་4.6ཡིན། རིམ་པ་དང་པོའི་གཉེན་ཉེ་2ལ་ཤན་རྨེན་སྐྲན་ཕོག་པ་དང་།ཤན་རྨེན་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་སྤྱིར་བཏང་བའི་མིའི་ལྡབ་6.4ལ་སླེབས་ཀྱི་ཡོད། གལ་ཏེ་མི་3ཡན་གྱི་རིམ་པ་དང་པོའི་གཉེན་ཉེར་ཤན་རྨེན་སྐྲན་ཕོག་ཚེ་དེའི་ནད་ཕོག་པའི་ཉེན་ཁ་ལྡབ་32ཟིན་གྱི་ཡོད། ཁྱིམ་རྒྱུད་རང་བཞིན་གྱི་ཤན་རྨེན་སྐྲན་ནད་ཀྱི་འཚག་བཤེར་ལ་མཚོན་ན།སྤྱིར་བཏང་དུ་ལོ་40ནི་འཚག་བཤེར་ཐོག་མར་བྱེད་པའི་ལོ་ཚོད་འཚམ་ཤོས་ཡིན་ལ།ཡང་ན་ཁྱིམ་རྒྱུད་ནང་གི་ཤན་རྨེན་སྐྲན་སྔ་ཤོས་བྱུང་བའི་ནད་པའི་ལོ་ཚོད་ལས་ལོ་10ཡིས་སྔ་བ་ཡོད། སྤྱིར་བཏང་དུ་ལོ་རེར་བརྟག་དཔྱད་ཐེངས་རེ་བྱེད་དགོས།གལ་ཏེ་ངེས་གཏན་མིན་པའི་དངོས་གཤིས་ནད་འགྱུར་རམ་ཡང་ན་དམིགས་ཁྱད་རང་བཞིན་མིན་པའི་གཤེར་མའི་སྦུག་དོག་འགྱུར་བྱུང་ན།འཚག་བཤེར་དུས་ཚོད་ཟླ་3-12བར་ཐུང་དུ་བཏང་བ་དང་དེ་ལས་ཀྱང་ཟླ་3བར་ཐུང་དུ་བཏང་དགོས་པ་མ་ཟད།ཤན་རྨེན་ཕྱིའི་སྐྲན་ནད་ལོ་རེར་འཚག་བཤེར་བྱེད་དགོས། གསོ་རིག་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་།སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་དགའ་འོས་པའི་འཕེལ་རྒྱས་བྱུང་བ།སྨན་བཅོས་བྱ་ཐབས་དང་ཇུས་གཞི་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ།རིག་ཚན་མང་པོའི་ཕྱོགས་བསྡུས་སྨན་བཅོས་ནང་ཞུགས་པ།མི་སྒེར་ཅན་གྱི་ཕྱོགས་བསྡུས་སྨན་བཅོས་ཀྱིས་གཤེར་མའི་སྐྲན་ཕོག་མཁན་ལ་རེ་བ་དང་ཕན་པ་དེ་བས་མང་བ་ཐོབ་ཡོད། མདོར་ན།ཤན་རྨེན་སྐྲན་ནི་ཕམ་པར་བྱེད་མི་ཐུབ་པ་ཞིག་མིན་ལ།བློས་གཏོང་བ་ནི་ཆེས་ཆེ་བའི་ཤེས་རྟོགས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཡིན།