您的位置:首页> 科普宣传 > >

放化疗患者常见的营养问题及解决办法

发布时间:2022-05-26 11:35:41 来源:西藏阜康肿瘤医院 阅读:0

   放化疗患者常见的营养问题及解决办法


食欲减退

ཡི་ག་ཉམས་པ།


在肿瘤发病初期,患者可能因食欲减退,导致进食量锐减。当 TA 们进行放化疗后,此问题往往表现得更为明显。某些患者的食欲仅为发病前的 1/3 甚至更少。


饮食指导:针对食欲减退,患者可少食多餐,并进行多种方式的营养补充。对于食欲减退的患者而言,每天进餐次数可不作限制,并鼓励进食。在食物的搭配和烹调方法方面多做尝试,以多种方式促进患者的食欲,补充其所需营养。再者,食欲减退问题亦会导致患者吃不下日常富含蛋白质的食物,此时应考虑通过口服营养奶粉来增强机体免疫力。

སྐྲན་ནད་བྱུང་བའི་དུས་འགོར།ནད་པའི་ཡི་ག་ཇེ་ཞན་དུ་སོང་བས་ཟ་ཚད་ཡང་ཇེ་ཉུང་དུ་སོང་།ཁོ་ཚོ་རྫས་འགྱུར་སྨན་བཅོས་བྱས་རྗེས།གནད་དོན་འདི་སྔར་ལས་མངོན་གསལ་ཡིན་པས་། ནད་པ་ལ་ལའི་ཟས་ཀྱི་ཡི་ག་ནི་ནད་མ་བྱུང་སྔོན་གྱི་གསུམ་ཆ་གཅིག་གམ་ཐ་ན་དེ་ལས་ཉུང་བ་ཡིན།

 

བཟའ་བཏུང་གི་མཛུབ་སྟོན།ཡི་ག་ཉམས་པར་དམིགས་ནས་ནད་པར་ཟ་སྐབས་ཉུང་ཚམ་དང་སྣ་ཁ་མང་ཚམ་གི་བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་འཚོ་བཅུད་ཁ་གསབ་བྱེད་དགོས། ཡི་ག་ཉམས་པའི་ནད་པའི་ངོས་ནས་བཤད་ན།ཉིན་རེར་ཟ་མ་ཟ་བའི་ཐེངས་གྲངས་ལ་ཚོད་འཛིན་མི་བྱེད་པ་མ་ཟད།ཟ་མ་ཟ་བའི་སྐུལ་མ་གཏོང་དགོས། ཟས་རིགས་སྡེབ་སྒྲིག་དང་བརྔོ་བའི་བྱེད་ཐབས་ཐད་ཚོད་ལྟ་མང་ཙམ་བྱས་ཏེ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ནད་པའི་ཡི་ག་ཆེ་རུ་གཏོང་བ་དང་དེར་མཁོ་བའི་འཚོ་བཅུད་ཁ་གསབ་བྱེད་དགོས། གཞན་ཡང་ཡི་ག་ཉམས་པའི་གནད་དོན་གྱིས་ནད་པས་རྒྱུན་ལྡན་གྱི་སྤྲི་དཀར་རྫས་འདུས་པའི་ཟས་རིགས་ཟ་མི་ཐུབ་པར་བཟོ་སྲིད།སྐབས་འདིར་འཚོ་བཅུད་འོ་ཕྱེ་འཐུང་བ་བརྒྱུད་ནས་ལུས་ཕུང་གི་རིམས་འགོག་ནུས་པ་མཐོར་འདེགས་གཏོང་བར་བསམ་བློ་གཏོང་དགོས། 


   恶心呕吐

སྐྱུག་མེར་ལངས་པ།སྐྱུག་པ།

由于人体对放化疗药物的敏感性,部分肿瘤患者会在放化疗后出现胃肠道反应,如恶心、呕吐等症状,严重时需要医生用药物来控制。饮食调整也很重要。


饮食指导:患者于放化疗前应尽量少进食。日常饮食以清淡的食物为主,避免进食过甜或油腻的食物。患者应尽量避免同时摄入较冷和较热的食物,以避免刺激胃肠。

མིའི་ལུས་ཕུང་གིས་རྫས་འགྱུར་སྨན་བཅོས་སྨན་རྫས་ཀྱི་ཚོར་སྐྱེན་རང་བཞིན་གྱི་དབང་གིས་སྐྲན་ནད་ཕོག་མཁན་ཁ་ཤས་ཀྱིས་རྫས་འགྱུར་སྨན་བཅོས་བྱས་རྗེས་ཕོ་བ་དང་རྒྱུ་མའི་འགྱུར་འབྱུང་འབྱུང་སྲིད།དཔེར་ན་སྐྱུག་མེར་ལངས་པ་དང་སྐྱུག་པ་སོགས་ཀྱི་ནད་རྟགས་ཚབས་ཆེ་བའི་སྐབས་སུ་སྨན་པས་སྨན་རྫས་ཀྱིས་ཚོད་འཛིན་བྱེད་དགོས།བཟའ་བཏུང་སྙོམས་སྒྲིག་ཀྱང་ཧ་ཅང་གལ་ཆེ།

 

བཟའ་བཏུང་གི་མཛུབ་སྟོན།ནད་པས་རྫས་འགྱུར་སྨན་བཅོས་མ་བྱས་སྔོན་ལ་ཟ་མ་ཉུང་ཙམ་ཟ་དགོས། རྒྱུན་ལྡན་གྱི་བཟའ་བཏུང་ནི་ཞག་ཚི་ཉུང་བའི་ཟས་རིགས་གཙོ་བོ་འཛིན་པ་དང་།མངར་དྲགས་པའམ་སྣུམ་ཆེ་བའི་ཟས་རིགས་ཟ་མི་རུང། ནད་པས་དུས་མཉམ་དུ་ཅུང་གྲང་བ་དང་ཅུང་ཚ་བའི་ཟས་རིགས་བསྡུ་ལེན་བྱེད་པར་སྔོན་འགོག་བྱེད་དགོས།ཕོ་བ་དང་རྒྱུ་མ་ལ་ཟུག་གཟེར་སློང་བར་སྔོན་འགོག་བྱེད་དགོས། 


  腹泻

གྲོད་པ་བཤལ་བ།

抗代谢药物对增殖旺盛的胃肠上皮有抑制作用,继而引发肠黏膜功能障碍。这时患者的肠道消化吸收功能减弱,肠液大量排出,造成脱水,致使肠黏膜充血、水肿,而引起腹泻。严重时也需要药物去控制这些症状。



饮食指导:适宜的营养摄入和健全的免疫系统共同构成人体内正常的肠道环境。当腹泻现象出现时,患者的肠内环境遭到破坏、生物屏障受损、肠黏膜更新和修复能力下降。故患者在用药时,既要服用止泻剂,也要多食酸奶,特别是富含双岐杆菌的酸奶,以增强肠黏膜屏障的保护功能,降低致病菌的致病性。

རྙིང་ཚབ་གསར་བརྗེ་འགོག་པའི་སྨན་རྫས་ཀྱིས་ཕོ་བ་དང་རྒྱུ་མའི་སྟེང་གི་པགས་པ་ལ་ཚོད་འཛིན་གྱི་ནུས་པ་ཡོད་པ་དང་།དེ་ནས་རྒྱུ་མའི་འབྱར་སྐྱི་ནུས་པའི་འགོག་རྐྱེན་བྱུང་བ་རེད། སྐབས་འདིར་ནད་པའི་རྒྱུ་མ་འཇུ་བྱེད་བསྡུ་ལེན་བྱེད་པའི་ནུས་པ་ཇེ་ཞན་དུ་སོང་བ་དང་།རྒྱུ་མའི་གཤེར་ཁུ་འབོར་ཆེན་ཕྱིར་ཕུད་ནས་ལུས་ཆུ་ཤོར་བ་རྒྱུ་མའི་འབྱར་སྐྱི་ལ་ཁྲག་རྒྱས་པ་དང་ཆུ་བསགས་པས་གྲོད་པ་བཤལ་བ། ཚབས་ཆེ་བའི་སྐབས་སུ་སྨན་རྫས་ཀྱིས་ནད་རྟགས་འདི་དག་ཚོད་འཛིན་བྱེད་དགོས།

 

བཟའ་བཏུང་གི་མཛུབ་སྟོན།འོས་འཚམ་གྱི་འཚོ་བཅུད་བསྡུ་ལེན་དང་འཐུས་ཚང་གི་རིམས་འགོག་མ་ལག་གིས་མིའི་ལུས་ཕུང་གི་རྒྱུན་ལྡན་གྱི་རྒྱུ་མའི་ཁོར་ཡུག་ཅིག་གྲུབ་ཡོད། གྲོད་པ་བཤལ་བ་སོགས་ཀྱི་སྣང་ཚུལ་ཐོན་སྐབས་ནད་པའི་རྒྱུ་མའི་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ་དང་།སྐྱེ་དངོས་བཀག་དངོས་ལ་གནོད་སྐྱོན་ཕོག་པ།རྒྱུ་མའི་འབྱར་སྐྱི་གསར་སྒྱུར་དང་ཉམས་གསོའི་ནུས་པ་ཆག་པ་བཅས་རེད། དེར་བརྟེན་ནད་པས་སྨན་སྤྱོད་སྐབས་བཤལ་འགོག་སྨན་འཐུང་དགོས་ལ་ཞོ་ཡང་མང་ཙམ་ཟ་དགོས་པ་དང་ལྷག་པར་དུ་ཆི་ཆི་དབྱུག་སྲིན་འདུས་པའི་ཞོ་ཡིས་རྒྱུ་མའི་འབྱར་སྐྱི་སྲུང་ཡོལ་གྱི་སྲུང་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་ནད་འབུ་ཕྲ་མོའི་ནད་སློང་ཤུགས་ཆུང་དུ་གཏོང་ཐུབ།


        肿瘤患者放化疗期间的饮食原则

患者可遵循“三高一多”的饮食原则,即高蛋白、高热量、高维生素、多水分。患者食用的食物应尽量保持新鲜,不吃发霉变质的饮食;不暴饮暴食,不过多摄入冷饮、冷食;不吃盐腌及烟熏的食物,特别是烤糊焦化的食物。


黄豆、绿豆、红豆、花生、豆浆都可进吃;瘦肉、鸡肉、鸭肉、牛羊肉、带鳞的鱼、不带鳞的鱼均可食用,无禁忌。


正在进行放化疗的患者不建议食用核桃等含油脂较多的坚果类、贝壳虾蟹等海鲜类、香蕉等,这些食物可加重少数患者的呕吐或腹泻症状的程度。


正在化疗或正在服用靶向药物的患者,不建议食用柚子、橙、杨桃、石榴等水果,因为这些食物有可能会影响药效。

ནད་པསམཐོ་གསུམ་དང་མང་གཅིག་གི་བཟའ་བཏུང་རྩ་དོན་ལྟར།སྤྲི་དཀར་མཐོ་བ་དང་།ཚ་ཚད་མཐོ་བ།འཚོ་རྒྱུ་མང་བ།ཆུ་མང་བ་བཅས་། ཟས་རིགས་སོས་པ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་ལས།ཧམ་སྤུ་བརྒྱབ་སྟེ་ངོ་བོ་འགྱུར་བའི་བཟའ་བཏུང་མི་སྤྱོད་པ་དང་། བག་མེད་ཟ་འཐུང་མི་བྱེད་པ།བཏུང་བྱ་གྲང་མོའི་རིགས་དང་གྲང་མོའི་ཟས་རིགས་སོགས་ཟ་མི་རུང་། ཚྭ་བསྙལ་དང་དུ་བས་བདུག་པའི་ཟས་རིགས་མི་ཟ་བ་དང་།ལྷག་པར་དུ་འཚིག་པའི་ཟས་རིགས།

 

སྲན་སེར་དང་།སྲན་ལྗང་།སྲན་དམར་།བ་དམ་།སྲན་ཁུ་བཅས་ཚང་མ་ནང་འདྲེན་བྱས་ནས་ཟ་ཆོག་པ་དང་།སྐམ་ཤ་དང་།བྱ་ཤ་།ངང་ཤ་།ནོར་ལུག་ཤ་།ཉ་ཁྲབ་ཡོད་པའི་ཉ་དང་ཉ་ཁྲབ་མེད་པའི་ཉ་ཚང་མ་ཟས་ཆོག་འཛེམ་བྱ་ཅི་ཡང་མེད་།

 

ད་ལྟ་རྫས་འགྱུར་སྨན་བཅོས་བྱེད་བཞིན་པའི་ནད་པས་སྟར་ཀ་སོགས་སྣུམ་ཚིལ་ཅུང་མང་བའི་ཤིང་འབྲས་རིགས་དང་།སྡིག་སྲིན་སོགས་མཚོ་ཟས་རིགས་དང་ངང་ལག་སོགས་ཟས་རིགས་འདི་དག་གིས་ནད་པ་ཉུང་ཤས་ཀྱི་སྐྱུག་པ་དང་གྲོད་པ་བཤལ་བའི་ནད་རྟགས་ཀྱི་ཚད་ཇེ་མཐོར་འགྲོ་གི་ཡོད་པས་ཟ་བའི་བསམ་འཆར་མི་འདོན།

 

ད་ལྟ་རྫས་འགྱུར་སྨན་བཅོས་བྱེད་བཞིན་པའམ་འབེན་ཕྱོགས་སྨན་འཐུང་བཞིན་པའི་ནད་པར་ཤིང་ཏོག་ཡིའུ་ཙི་དང་།ཚ་ལུ་མ།ཁམ་བུ།སེ་འབྲུ་སོགས་ཀྱི་ཤིང་ཏོག་ཟ་བའི་བསམ་འཆར་མི་འདོན།རྒྱུ་མཚན་ནི་ཟས་རིགས་འདི་དག་གིས་སྨན་གྱི་ཕན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད།