您的位置:首页> 科普宣传 > >

化疗后患者饮食护理

发布时间:2022-05-26 11:34:58 来源:西藏康城肿瘤医院 阅读:0

健康的身体需要足够的营养支持,一餐可口的饭菜,不仅可以解除生理上的饥饿感,补充人体所需的营养,而且还有助于解除患者的焦虑、紧张情绪,稳定由此而激发的病情。


由于化疗后胃肠道反应,会出现恶心、呕吐、厌食等情况,严重影响患者进食,因此在患者进食时要创造好的环境,营造良好的进餐氛围,舒缓心情,减轻焦虑,保持良好的心境以增进食欲。


那么具体怎么吃呢?


བདེ་ཐང་གི་ལུས་ཕུང་ལ་འཚོ་བཅུད་ཀྱི་རྒྱབ་སྐྱོར་འདང་ངེས་ཤིག་དགོས་པ་དང་།ཟ་མ་ཞིམ་པོ་ཞིག་གིས་ལུས་ཁམས་སྟེང་གི་བཀྲེས་ལྟོགས་ཀྱི་ཚོར་བ་སེལ་ཐུབ་པ་མ་ཟད།མིའི་ལུས་ཕུང་ལ་མཁོ་བའི་འཚོ་བཅུད་ཁ་གསབ་བྱེད་ཐུབ།ད་དུང་ནད་པའི་སེམས་ཁྲལ་དང་བྲེལ་འཚུབ་ཀྱི་བསམ་ཚུལ་སེལ་བར་ཕན་ཐོགས་ཡོད་པས་ནད་པའི་ནད་གཞི་གཏན་འཇགས་སུ་གཏོང་ཐུབ།


རྫས་འགྱུར་སྨན་བཅོས་བྱས་རྗེས་ཕོ་བ་དང་རྒྱུ་མའི་འགྱུར་འབྱུང་གིས་སྐྱུག་མེར་ལངས་པ་དང་།སྐྱུག་པ།ཟས་ལ་མི་དགའ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།ནད་པའི་ཟ་མ་ཟ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད།དེར་བརྟེན་ནད་པས་ལྟོ་ཆས་ཟ་སྐབས་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་ལྟོ་ཆས་ཟ་བའི་རྣམ་པ་བཟང་པོ་ཞིག་བཏོད་དེ་སེམས་ཁམས་ལྷོད་དུ་གཏོང་བ་དང་སེམས་ཁྲལ་ཆུང་དུ་བཏང་ནས་སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་ཡི་ག་ཆེ་རུ་གཏོང་དགོས།

དེ་ན་ཇི་ལྟར་ཟ་དགོས། 




01

饮食怎么搭配?

饮食以清淡、易消化、高蛋白、高热量、为主,定时、定量,少量多餐。注意品种多样化及色彩的搭配,增加患者的食欲,经常食用瘦肉、蛋类、牛奶,多食新鲜水果及蔬菜,勿食生、冷、变质、腌制及刺激性食物,勿吃不易消化的食物、产气食物(如糯米面加工的食物,红薯,洋葱、大蒜、大蒜黄、韭菜、韭菜黄、没有发酵的面食),在烹调时多用蒸,煮,炖,尽量少吃油炸,油煎食物。

.ཟ་བཏུང་ཇི་ལྟར་སྡེབ་སྒྲིག་བྱེད་དགོས།

ཞག་ཚི་ཉུང་བ་དང་འཇུ་སླ་བ།སྤྲི་དཀར་མང་བ།ཚ་ཚད་མཐོ་བ།གཙོ་བོར་འཛིན་པ།དུས་ཚོད་ངེས་གཏན་དང་གྲངས་ཚད་ངེས་གཏན་ཡིན་པ།ཟ་སྐབས་ཉུང་ཙམ་ཟ་བ་དང་སྣ་ཁ་མང་བ་ཟ་དགོས། སྣ་མང་ཅན་དང་ཚོན་མདོག་སྡེབ་སྒྲིག་བྱ་རྒྱུར་དོ་སྣང་བྱས་ཏེ་ནད་པའི་ཡི་ག་ཆེ་རུ་གཏོང་བ་དང་།རྒྱུན་དུ་ཤ་སྐམ་པོ་དང་།སྒོང་རིགས།འོ་མ།ཤིང་ཏོག་དང་སྔོ་ཚལ་སོས་པ་མང་ཙམ་བཟའ་བ་བཅས་བྱ་དགོས།གསོན་པོ་དང་གྲང་བ།ངོ་བོ་འགྱུར་བ།བསྙལ་བ།ཕོག་ཐུག་རང་བཞིན་གྱི་ཟས་རིགས་མི་ཟ་བ་དང་།འཇུ་དཀའ་བའི་ཟས་རིགས་དང་དཔེར་ན་ཆང་འབྲས་ཕྱེའི་ལས་སྣོན་བྱས་པའི་ཟས་རིགས།ཞོག་ཁོག་མངར་མོ།སྒོག་པ།ཀེའུ་ཚོད།བསྙལ་མེད་པའི་ཐུག་པ་སོགས་མི་ཟ་བ།




02

白细胞低下是怎么吃?

由于化疗后患者免疫力低下,感染风险提高,因此应特别注意饮食卫生,水果应削皮后加热食用,蔬菜要反复清洗,烹饪至全熟,坚决杜绝食用剩菜、剩饭,避免消化道感染。

.ཕྲ་ཕུང་དཀར་པོ་དམའ་བའི་སྐབས་སུ་ཇི་ལྟར་ཟ་དགོས།

རྫས་འགྱུར་སྨན་བཅོས་བྱས་རྗེས་ནད་པའི་རིམས་འགོག་ནུས་པ་ཞན་པ་དང་འགོས་ནད་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པར་བརྟེན་བཟའ་བཏུང་འཕྲོད་བསྟེན་ལ་ལྷག་པར་དུ་དོ་སྣང་བྱེད་དགོས་པ་དང་ཤིང་འབྲས་ཀྱི་པགས་པ་བཤུས་རྗེས་ཚ་པོ་བཟོས་ནས་བཟའ་དགོས་པ་དང་སྔོ་ཚལ་ཡང་ཡང་འཁྲུ་དགོས་པ།ཚོས་ནས་ཟ་བ་དང་ཟས་ལྷག་གཏན་ནས་ཟ་མི་རུང་བ་དང་འཇུ་ལམ་འགོས་ནད་མི་ཕོག་པ་བྱེད་དགོས།




03

血小板低时该怎么吃?

血小板过低时勿食用过干、过硬、带骨、带刺的食物宜流质或半流质,以免造成口腔及消化道粘膜出血。

.ཁྲག་རྡུལ་དམའ་བའི་སྐབས་སུ་ཇི་ལྟར་ཟ་དགོས།

ཁྲག་རྡུལ་དམའ་བའི་སྐབས་སུ་སྐམ་དྲགས་པ།མཁྲེགས་དྲགས་པ།རུས་པ་ཡོད་པ།ཚེར་མ་ཡོད་པ་བཅས་ཀྱི་ཟས་རིགས་ལ་བཞུར་རྒྱུན་དང་བཞུར་རྒྱུན་ཕྱེད་ཀ་དགོས།ཁ་དང་འཇུ་བྱེད་བརྒྱུད་ལམ་གྱི་འབྱར་སྐྱི་ལས་ཁྲག་འདོན་པར་སྔོན་འགོག་བྱེད་དགོས།




04

贫血时该怎么吃?

血红蛋白降低时,应多食补血的食物及水果如:菠菜、芹菜、红豆、红枣、花生、黑米、紫米、枸杞、龙眼、黑芝麻、南瓜、石榴、橘子、猕猴桃等,患者食欲下降的时候可以将这些食物烹饪成粥或者汤类。指导患者多食粗纤维的食物及水果,多饮水,保持大便通畅,预防便秘。

.ཟུངས་ཁྲག་ཉམས་པའི་སྐབས་སུ་ཇི་ལྟར་ཟ་དགོས་སམ།

ཁྲག་དམར་སྤྲི་དཀར་ཇེ་དམའ་རུ་འགྲོ་སྐབས།ཁྲག་གསབ་པའི་ཟས་རིགས་དང་ཤིང་ཏོག་མང་ཙམ་ཟ་དགོས།པོ་ཚལ་དང་།ཇིན་ཚལ།སྲན་དམར།ཁ་སུར་དམར་པོ།བ་དམ།འབྲས་ནག་པོ།འདྲེ་ཚེར་མ།ལུང་མིག།ཏིལ་ནག།ནན་ཀྭ།སེ་འབྲུ།ཚ་ལུ་མ།ཁམ་བུ་སྨི་ཧོའུ་སོགས་མང་ཙམ་ཟ་དགོས།ནད་པའི་ཡི་ག་ཞན་དུ་འགྲོ་དུས་ཟས་རིགས་འདི་དག་འབྲས་ཐུག་དང་ཁུ་བ་རུ་བཙོས་ཆོག ནད་པར་ཚི་སྣའི་ཟས་རིགས་དང་སིལ་ཏོག་མང་པོ་ཟ་བར་མཛུབ་སྟོན་བྱས་ཏེ།ཆུ་མང་ཙམ་འཐུང་དུ་བཅུག་ནས་བཙོག་པ་འགག་པ་སྔོན་འགོག་བྱེད་དགོས།