我们都害怕癌症,一旦得了癌症,就认为天要塌了。人人都渴望减少与癌症相遇的几率。可是,为什么罹患癌症的人越来越多?癌症如何产生,又是否具有传染性?防癌之前,以下三件事你需要弄明白。
ང་ཚོ་ཚང་མ་སྐྲན་ནད་ལ་སྐྲག་གལ་ཏེ་སྐྲན་ནད་བྱུང་ན།གནམ་རྡིབ་པ་རེད་འདོད་། མི་ཚང་མས་སྐྲན་ནད་དང་འཕྲད་པའི་ཚད་ཇེ་ཉུང་དུ་གཏོང་འདོད། ཡིན་ཡང་།ཅིའི་ཕྱིར་སྐྲན་ནད་ཕོག་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བ་རེད། སྐྲན་ནད་ཇི་ལྟར་འབྱུང་བ་དང་འགོས་ཁྱབ་རང་བཞིན་ལྡན་ནམ། སྐྲན་ནད་སྔོན་འགོག་མ་བྱས་སྔོན་ལ་།གཤམ་གྱི་དོན་དག་གསུམ་ཁྱོད་ཀྱིས་ཤེས་དགོས།
为什么罹患癌症的人越来越多? ཅིའི་ཕྱིར་སྐྲན་ནད་ཕོག་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བ་རེད།
癌症已经成为中国最主要的死亡原因之一,也成为非常重要的公共健康问题。这一方面是由于人们寿命延长,罹患癌症的机会增加,医疗技术发展,癌症的检测方法更加灵敏和准确;另一方面是由于人们的生活习惯不断改变,社会压力越来越大,环境污染越来越严重。
སྐྲན་ནད་ནི་ཀྲུང་གོའི་འཆི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ།ཧ་ཅང་གལ་ཆེ་བའི་སྤྱི་པའི་བདེ་ཐང་གི་གནད་དོན་ཞིག་ཏུ་གྱུར་ཡོད། ཕྱོགས་གཅིག་ནས་མི་རྣམས་ཀྱི་ཚེ་སྲོག་རིང་དུ་ཕྱིན་ནས་སྐྲན་ནད་ཕོག་པའི་གོ་སྐབས་མང་དུ་སོང་བ་དང་།སྨན་བཅོས་ལག་རྩལ་འཕེལ་རྒྱས་བྱུང་བ།སྐྲན་ནད་གྱི་ཞིབ་དཔྱད་བྱེད་ཐབས་སྔར་ལས་སྐྱེན་པ་དང་ཡང་དག་པ་རེད།ཕྱོགས་གཞན་ཞིག་ནི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་ཟམ་མི་ཆད་པར་བྱུང་ནས་སྤྱི་ཚོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་ཁོར་ཡུག་སྦགས་བཙོག་ཚབས་ཇེ་ཆེར་སོང་བ་དེ་རེད།
癌症的发病与哪些因素有关? སྐྲན་ནད་བྱུང་བ་དེ་རྒྱུ་རྐྱེན་གང་དག་དང་འབྲེལ་བ་ཡོད་།
癌症的发生与很多因素有关,其中有些发病因素是不可控制的,如年龄、性别、种族、遗传因素等,但除此之外,吸烟、饮酒、不健康的饮食、缺乏身体活动、感染、辐射、工业化学物、污染和药物等也都是癌症发生的重要危险因素,这些因素通过我们的努力是可以控制的。比如,吸烟会增加患肺癌、食管癌、胃癌、胰腺癌的风险;饮酒与口腔癌、咽癌、喉癌、食管癌、胃癌、肝癌、结直肠癌和乳腺癌有关;吃发霉的谷物和花生会增加患肝癌的风险。经常吃煎、烤、盐腌、烟熏、晒干的肉类、腌制咸菜和剩饭菜会增加患食管癌、胃癌、结直肠癌的风险;幽门螺旋杆菌感染会增加患胃癌的风险,乙型和丙型肝炎病毒感染会增加患肝癌的风险,人乳头状瘤病毒感染会增加患宫颈癌的风险;紫外线暴露会增加患皮肤癌的风险;工业废气、汽车尾气、室内烹调油烟、装修材料释放的氡气会增加患肺癌的风险;室内装修涂料、填料和有机溶剂释放的苯会增加患白血病的风险。
སྐྲན་ནད་འབྱུང་བ་ནི་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད། དེའི་ཁྲོད་ནད་འབྱུང་བའི་རྒྱུ་རྐྱེན་ལ་ལ་ཞིག་ནི་ཚོད་འཛིན་བྱེད་མི་ཐུབ་སྟེ།དཔེར་ན།ལོ་ཚོད་དང་ཕོ་མོ།རིགས་རྒྱུད།རྒྱུད་འཛིན་གྱི་རྒྱུ་རྐྱེན་སོགས་ལྟ་བུ།གཞན་ད་དུང་ཐ་མག་འཐེན་པ་དང་ཆང་རག་འཐུང་བ།བདེ་ཐང་མིན་པའི་བཟའ་བཏུང་།ལུས་པོའི་འགུལ་སྐྱོད་མི་འདང་བ།འགོས་ནད་ཕོག་པ།འགྱེད་འཕྲོ་བྱེད་པ།བཟོ་ལས་རྫས་འགྱུར་དངོས་པོ།སྦགས་བཙོག་དང་སྨན་རྫས་སོགས་ཀྱང་སྐྲན་ནད་འབྱུང་བའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ཡིན།རྒྱུ་རྐྱེན་འདི་དག་ང་ཚོས་འབད་པ་བྱས་པ་བརྒྱུད་ནས་ཚོད་འཛིན་བྱེད་ཐུབ། དཔེར་ན།ཐ་མག་འཐེན་ན་གློ་སྐྲན་དང་།མིད་པའི་སྐྲན་ནད།ཕོ་བའི་སྐྲན།ཤན་རྨེན་སྐྲན་བཅས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་། ཆང་རག་འཐུང་བ་ནི་ཁའི་སྐྲན་ནད་དང་།གྲེ་སྐྲན།མིད་པའི་སྐྲན་ནད།ཕོ་བའི་སྐྲན།མཆིན་པའི་སྐྲན།རྒྱུ་མའི་སྐྲན།ནུ་སྐྲན་བཅས་དང་འབྲེལ་བ་ཡོད། ཧམ་སྤུ་རྒྱབ་པའི་འབྲུ་རིགས་དང་བ་དམ་གྱིས་སྐྲན་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་གི་རེད། དུས་རྒྱུན་དུ་བསྲེགས་པ།སྲེག་པ།ཚྭ་བསྙལ་བ།དུ་བས་སྲེག་པ།སྐམ་ཟིན་པའི་ཤ་རིགས།བསྙལ་བཟོས་ཚལ།ཟ་མ་ལྷག་པ་བཅས་ཀྱི་་མིད་སྐྲན་དང་ཕོ་བའི་སྐྲན།རྒྱུ་སྐྲན་སོགས་ཀྱི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་། ཕོ་བའི་ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་འགོས་ན་ཕོ་བའི་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ།ཁ་རིགས་དང་ག་རིགས་མཆིན་ཚད་ཀྱི་ནད་དུག་འགོས་ན་མཆིན་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་།མིའི་ནུ་མགོའི་སྐྲན་དབྱིབས་གྱི་ནད་དུག་འགོས་ན་མངལ་སྐེའི་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ། ཉི་འོད་ཕོག་ཚད་མང་ན་པགས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་། བཟོ་ལས་ཀྱི་རླངས་རོ་དང་།རླངས་འཁོར་གྱི་མཇུག་རླངས།ཁང་པའི་ནང་གི་གཡོས་སྦྱོར་སྣུམ།མཛེས་བཟོའི་རྒྱུ་ཆ་བཅས་ལས་བྱུང་བའི་ཏུང་རླངས་ཀྱིས་གློ་སྐྲན་འབྱུང་བའི་ཉེན་ཁ་ཆེ་རུ་གཏོང་སྲིད་པ་དང་། ཁང་བའི་ནང་ཀྱི་བྱུགས་རྫས་དང་རྒྱུ་ཆ་།སྐྱེ་ལྡན་རྫས་སོགས་ཀྱིས་གློད་པའི་པུན་ལ་ཁྲག་རིལ་དཀར་པོའི་ནད་ཕོག་པའི་ཉེན་ཁ་ཡོད།
癌症会不会传染? སྐྲན་ནད་ལ་འགོས་ཁྱབ་རང་བཞིན་ལྡན་ནམ།
癌症并不会传染,但在发生和发展过程中,可能与某些传染性疾病相关。传染需要具备传染源、传播途径和易感人群三个条件。虽然家族中癌症发生聚集性较强,但这不是传染引起的,主要是与患者家庭共同的致癌因素有关,如吸烟、被动吸烟、过量饮酒,以及饮食方面原因等。家庭成员对这种癌症具有易感性和易患倾向才会导致家族癌症聚集性发生。所以癌症并没有传染性,因此对癌症患者不需要避而不见,反而应该给予关爱和支持。此外,要注意养成良好的生活习惯,加强体育锻炼,定期查体,防治癌症,早发现早治疗。
སྐྲན་ནད་ནི་འགོས་མི་སྲིད་།འོན་ཀྱང་བྱུང་བ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འགོས་ནད་རང་བཞིན་གྱི་ནད་རིགས་དང་འབྲེལ་བ་ཡོད་སྲིད། འགོས་ཁྱབ་བྱེད་པར་འགོས་ནད་ཀྱི་འབྱུང་ཁུངས་དང་འགོས་ཁྱབ་ཐབས་ལམ་།འགོས་སླ་བའི་མི་ཚོགས་བཅས་ཆ་རྐྱེན་གསུམ་ཚང་དགོས། ཁྱིམ་རྒྱུད་དུ་སྐྲན་ནད་བྱུང་བ་ཅུང་མང་མོད།འོན་ཀྱང་དེ་ནི་འགོས་ནད་ལས་བྱུང་བ་མིན།གཙོ་བོ་ནི་ནད་པའི་ཁྱིམ་ཚང་གི་ཐུན་མོང་གི་འབྲས་སྐྲན་སློང་བའི་རྒྱུ་རྐྱེན་དང་འབྲེལ་བ་ཡོད།དཔེར་ན།ཐ་མག་འཐེན་པ་དང་།གཞན་དབང་གིས་ཐ་མག་འཐེན་པ།ཆང་རག་ཚད་ལས་བརྒལ་བ་འཐུང་བ།བཟའ་བཏུང་ཐད་ཀྱི་རྒྱུ་རྐྱེན་སོགས་ཡིན། ཁྱིམ་ཚང་གི་ཁོངས་མིས་སྐྲན་ནད་དེ་རིགས་ལ་ཕོག་སླ་བའི་རང་བཞིན་དང་ཕོག་སླ་བའི་ཕྱོགས་ལྷུང་ཡོད་པས་ད་གཟོད་ཁྱིམ་རྒྱུད་སྐྲན་ནད་གཅིག་སྡུད་རང་བཞིན་ཐོན་གྱི་ཡོད། སྐྲན་ནད་ལ་འགོས་ནད་རང་བཞིན་མེད་པས།སྐྲན་ནད་ཕོག་མཁན་ལ་གཡོལ་མི་དགོས་པར་དེ་ལས་ལྡོག་སྟེ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས། གཞན་ཡང་འཚོ་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་དོ་སྣང་བྱས་ནས་ལུས་རྩལ་སྦྱོང་བརྡར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་ཏུ་གཟུགས་པོར་བརྟག་དཔྱད་བྱས་ནས་སྐྲན་ནད་འགོག་བཅོས་བྱས་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་སྨན་བཅོས་བྱེད་དགོས།