01 化疗后护理རྫས་འགྱུར་སྨན་བཅོས་བྱས་རྗེས་ཀྱི་བདག་སྐྱོང་། 1.化疗治疗后,病人身体较弱,需要休息,情绪不稳定、而陪护多,走动频繁会影响病人休养。 2.病人身体抵抗力低,如果陪护太多,空气中细菌含量增加,易致病人感染。 ༡.རྫས་འགྱུར་སྨན་བཅོས་བྱས་རྗེས་ནད་པའི་གཟུགས་པོ་སྐྱོ་ཙམ་ཡོད་པས་ངལ་གསོ་རྒྱག་དགོས་པ་དེ་བཞིན་སེམས་ཁམས་བརྟན་པོ་མེད་པའི་ནད་གཡོག་མི་མང་པོ་སྡད་ནས་འགྲོ་འོང་ཡང་ཡང་བྱས་ཚེ་ནད་པའི་ལུས་གསོ་ལ་ཤུགས་རྐྱེན་ཐེབས་སྲིད། ༢.ནད་པའི་ལུས་པོའི་འགོག་ཤུགས་དམའ་བ་དང་།གལ་ཏེ་ནད་གཡོག་མི་མང་དྲགས་ན།མཁའ་དབུགས་ཁྲོད་འབུ་ཕྲ་འདུས་ཚད་ཇེ་མང་དུ་སོང་ནས་།ནད་པར་འགོས་སླ། 02 化疗期间营养རྫས་འགྱུར་སྨན་བཅོས་སྐབས་ཀྱི་འཚོ་བཅུད་། 1.癌症病人除机体本身需要营养外,癌体消耗是其增加营养原因之一。 2.癌症放化疗期间,对机体不同程度的损伤,引起一系列并发症,如白血球下降、恶心、呕吐等,均须加强营养,增强体质,以减轻反应。 3.加强营养,提高机体免疫力,以增加抗病能力。 ༡.སྐྲན་ནད་ཕོག་པའི་ནད་པར་ལུས་ཁམས་ལ་འཚོ་བཅུད་དགོས་པ་ཕུད།སྐྲན་ནད་ཀྱི་ཟད་གྲོན་ནི་དེའི་འཚོ་བཅུད་མང་དུ་བཏང་བའི་རྒྱུ་རྐྱེན་གྲས་ཤིག་ཡིན། ༢.སྐྲན་ནད་རྫས་འགྱུར་སྨན་བཅོས་བྱེད་རིང་སྐབས་སུ་།ལུས་ཕུང་ལ་ཚད་མི་འདྲ་བའི་དམས་སྐྱོན་བྱུང་སྟེ།ནད་རིགས་སྣ་ཚོགས་འབྱུང་སྲིད་།དཔེར་ན་ཁྲག་རིལ་དཀར་པོ་མར་ཆག་པ་དང་།སྐྱུགས་མེར་ལངས་པ།སྐྱུག་པ་སོགས་ལྟ་བུ།ངེས་པར་དུ་འཚོ་བཅུད་ཇེ་བཟང་དུ་བཏང་པ་དང་ལུས་སྟོབས་ཇེ་བཟང་དུ་བཏང་ནས་དེ་ལྟར་ཀྱི་ཚོར་སྣང་བྱུང་ཚད་ཆུང་དུ་གཏོང་དགོས་། ༣.འཚོ་བཅུད་ལ་ཤུགས་སྣོན་དང་ལུས་ཁམས་ཀྱི་རིམས་འགོག་ནུས་པ་ཆེ་རུ་བཏང་ནས་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས། 一般不要看情节紧张的小说和扣人心弦的电视,采取适当的体位,被子、枕头尽量松软、舒适,以利入睡。足浴是一种简便易行、效果可靠的助睡保健方法。洗脚时,水温以40-50度为宜,水量以淹没脚踝为好,双脚浸泡5-10分 钟,同时,用手缓慢连贯轻松的按摩双脚,先脚背后脚心,直至发热。经常用热水洗脚,不仅可以助睡,同时能增强机体免疫力。睡前饮杯热牛奶,可有镇静催眠的效果。 爱听音乐的病人,睡前可有选择的听有催眠和镇静作用的音乐,以助睡眠。化疗前晚,如实在难以入睡,可遵医嘱服用镇静催眠药物,如安定等。 སྤྱིར་བཏང་དུ་གནས་ཚུལ་ཛ་དྲག་ཅན་གྱི་བརྩམས་སྒྲུང་དང་མི་སེམས་འགུལ་བའི་བརྙན་འཕྲིན་ལ་མི་ལྟ་བར།ལུས་ཀྱི་སྡོད་སྟངས་འོས་འཚམ་ཞིག་སྤྱད་དེ།མལ་ཆས་དང་སྔས་མགོ་ལྷོད་ལ་འབབ་པར་བྱས་ན།གཉིད་ལ་ཕན་པ་ཡིན།རྐང་པ་འཁྲུ་རྒྱུ་ནི་སྟབས་བདེ་ཞིང་སྤྱོད་བདེ་བ་དང་།ཕན་འབྲས་བློས་འཁེལ་གྱི་ཉལ་རོགས་བྱེད་པའི་བདེ་སྲུང་བྱེད་ཐབས་ཤིག་ཡིན་པ་། རྐང་པ་འཁྲུ་དུས་ཆུའི་དྲོད་ཚད་ཏུའུ་༤༠ནས་༥༠བར་འཚམ་པོ་ཡོད།ཆུ་ཚད་ཀྱིས་རྐང་པའི་སྲེ་ལོང་བསྣུབས་ན་ལེགས།རྐང་པ་གཉིས་སྐར་མ་༥ནས་༡༠སྦངས་པ་དང་།དེ་དང་ཆབས་ཅིག་ལག་པས་དལ་བུའི་ངང་རྐང་པ་གཉིས་ཀར་འཕུར་མཉེད་བྱས་ནས་སྔོན་ལ་རྐང་པ་རྒྱབ་དང་རྐང་པའི་དཀྱིལ་འཕུར་ནས་ཚ་བ་རྒྱས་རག་བར་དུ་འཕུར་དགོས་། རྒྱུན་དུ་ཆུ་ཚ་པོས་རྐང་པ་བཀྲུས་ན་གཉིད་ཉལ་པར་ཕན་པ་མ་ཟད།ལུས་ཕུང་གི་ནད་འགོག་ནུས་ཤུགས་ཀྱང་ཇེ་བཟང་དུ་འགྲོ་ཐུབ།གཉིད་མ་ཉལ་གོང་ལ་འོ་མ་ཚ་པོ་ཞིག་འཐུང་ན།གཉིད་འགུག་པའི་ནུས་པ་ཡོད། གླུ་དབྱངས་ལ་ཉན་རྒྱུར་དགའ་བའི་ནད་པ་ཞིག་ཡིན་ན།མ་ཉལ་སྔོན་དུ་གཉིད་འགུག་པ་དང་ཞི་ལྷོད་ཀྱི་ནུས་པ་ལྡན་པའི་གླུ་དབྱངས་ཉན་ན་གཉིད་ལ་ཕན་པ་ཡིན། རྫས་འགྱུར་སྨན་བཅོས་མ་བྱས་སྔོན་གྱི་དགོང་མོར།གལ་ཏེ་གང་འདྲ་བྱས་ཀྱང་དངོས་གནས་ཉིད་མི་ཁུག་ན་།སྨན་པའི་ཁ་ལ་ཉན་ནས་གཉིད་འགུག་སྨན་འཐུང་ཆོག་དཔེར་ན་ཨན་ཏིན་སོགས་ལྟ་བུ་། 03化疗后饮食རྫས་འགྱུར་སྨན་བཅོས་རྗེས་ཀྱི་བཟའ་བཏུང་། 1.睡前不宜吃的过饱,不易饮浓茶、咖啡和刺激性饮料。减轻或消除病人对化疗的恐惧感,经常更换菜肴品种注意菜肴的色香味调配,千方百计增加病人的食欲。 2.保持足够的蛋白质摄入量,经常吃瘦肉、牛肉或鸡、鸭家禽。如病人厌油腻,可调整为蛋白质含量丰富的非肉类食物,如奶酪、鸡蛋饼、咸鸭蛋等。 3.避免吃不易消化的食物。多吃煮、炖、蒸等易消化的食物,少吃油腻食物。多吃维生素含量丰富的蔬菜、水果,如芦笋、海藻、蘑菇、西红柿、胡萝卜、莴苣、鲜枣、草莓、香蕉、苹果、杏、猕猴桃。食欲不振、消化不良者,增加健脾开胃食品,如山楂、白扁豆、萝卜、香蕈、陈皮等。 ༡.ཉལ་ཁར་རྒྱགས་དྲགས་ན་མི་འགྲིག་པ་དང་།ཇ་གར་པོ་།ཁོ་ཧྥེ།ངར་སློང་རང་བཞིན་གྱི་བཏུང་བྱ་འཐུང་མི་ཉན། ནད་པའི་རྫས་འགྱུར་སྨན་བཅོས་ཀྱི་འཇིགས་སྣང་ཇེ་ཆུང་དུ་གཏོང་བའམ་མེད་པར་གཏོང་བའི་ཆེད་།རྒྱུན་དུ་ཚལ་རིགས་བརྗེ་ནས་ཚལ་གྱི་མདོག་དང་དྲི་ཞིམ་སྙོམས་སྒྲིག་ལ་དོ་སྣང་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ནད་པའི་ཡི་ག་ཆེ་རུ་གཏོང་དགོས་། ༢.སྤྲི་དཀར་གྱི་རིགས་འདང་ངེས་ཤིག་རྒྱུན་འཁྱོངས་བྱེད་དགོས།རྒྱུན་དུ་ཚིལ་ཉུང་བའི་ཤ་དང་ཚགས་ཤ།བྱ་དེ།བྱ་གག་དང་ཁྱིམ་བྱ་སོགས་ཟ་དགོས། དཔེར་ན་ནད་པ་སྣུམ་མང་པོ་ལ་མིདགའ་ན།སྤྲི་དཀར་རྫས་འདུས་ཚད་ཕུན་སུམ་ཚོགས་པའི་ཤ་རིགས་མ་ཡིན་པའི་ཟས་རིགས་སུ་སྙོམས་སྒྲིག་བྱེད་འགོས་།དཔེར་ན་ཆུར་བ་དང་།བྱ་སྒོང་བག་ལེབ།ཚྭ་ཅན་གྱི་ངང་བའི་སྒོ་ང་སོགས། ༣.འཇུ་དཀའ་བའི་ཟས་རིགས་ཟ་བར་འཛེམ་དགོས། བཙོས་པ་དང་འཇུ་བདེ་བའི་ཟས་རིགས་མང་ཙམ་ཟ་དགོས་།སྣུམ་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས། འཚོ་བཅུད་ཕུན་སུམ་ཚོགས་པའི་སྔོ་ཚལ་དང་ཤིང་འབྲས་མང་ཙམ་ཟ་དགོས།དཔེར་ན།ཤ་མོ།ཀྲོ་མ་ཀྲུ།ལ་ཕུག་སེར་པོ་།སིལ་དམར་སོས་པོ་།ཙོའབྲི་ཏ་ས་འཛིན་།ངང་ལག་།ཀུ་ཤུ།ཁམ་བུ།ཁམ་བུ་སྨི་ཧོའུ་སོགས་ལྟ་བུ། ཟས་ཀྱི་ཡི་ག་མི་བཟང་བ་དང་ཟས་འཇུ་མི་ཐུབ་མཁན་གྱིས་མཆེར་བ་བདེ་ཐང་ཅན་གྱི་ཟས་རིགས་ཇེ་མང་དུ་གཏོང་བ།དཔེར་ན་སྐྱུ་རུ་ར་དང་སྲན་ལེབ་དཀར་པོ།ལ་ཕུག་།ཁྲིན་ཕེ་སོགས།