您的位置:首页> 医院动态 > >

西藏康城肿瘤医院肿瘤内科举办医患交流会 “为什么要使用PICC治疗技术”

发布时间:2023-01-23 12:56:26 来源:西藏康城肿瘤医院 阅读:0



图片

     为更好地提高患者及家属的肿瘤防治知识,进一步增强肿瘤患者对PICC治疗技术的了解,在医院领导的大力支持下,本着为患者服务、建立和谐医患关系为目的,11月22日,我院肿瘤内科举办医患交流会,帮助更多患者了解PICC治疗技术知识。

ནད་པ་དང་ཁྱིམ་མིའི་སྐྲན་ནད་འགོག་བཅོས་ཀྱི་ཤེས་བྱ་སྔར་བས་ལེགས་སུ་གཏོང་བ་དང་སྐྲན་ནད་ཕོག་མཁན་གྱིས་PICCསྨན་བཅོས་ལག་རྩལ་ཤེས་རྟོགས་སྔར་བས་ཟབ་ཏུ་གཏོང་ཆེད།སྨན་ཁང་གི་འགོ་ཁྲིད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ནད་པར་ཞབས་འདེགས་ཞུ་བ་དང་ཞི་མཐུན་གྱི་སྨན་པ་དང་ནད་པའི་འབྲེལ་བ་འཛུགས་རྒྱུ་དམིགས་ཡུལ་དུ་བྱས་ནས་ཟླ་བ་༡༡པའི་ཚེས་༢༢ཉིན་ངེད་སྨན་ཁང་གི་སྐྲན་ནད་ཁོག་ནད་ཚན་ཁག་གིས་སྨན་པ་དང་ནད་པའི་དབར་སྤེལ་རེས་ཚོགས་འདུ་འཚོགས་ཏེ་ནད་པ་དེ་བས་མང་བ་ཞིག་ལ་PICCསྨན་བཅོས་ལག་རྩལ་ཤེས་བྱ་ཤེས་རྟོགས་བྱེད་རོགས་བྱས་པ་རེད།



图片

图片

      会议共分为两部分进行,第一部分有肿瘤内科护士扎西玉珍详细介绍了为什么要使用PICC治疗技术,她强调,PICC用于为患者提供的中、长期静脉输液治疗。该方法操作快捷、方便,维护简单,它不限制臀部及其他日常活动。因其可以把药液直接输注在血管流速快、血流量大的中心静脉,避免了因长期输液或输注高浓度、强刺激性的药物带来的血管损害,减轻反复静脉穿刺给患者带来的痛苦,有效保证了患者的营养支持和化疗的持续,有效杜绝了药物外渗导致的血管性炎症或局部周围组织的坏死、炎症,减少了中、高渗性药物及营养液的局部刺激给患者带来的痛苦。第二部分答疑环节,肿瘤内科护士扎西玉珍就患者及家属的各种有关治疗、并发症的处理等各方面做了详细解答。会后,患者及家属表示参加医患交流会收获不小,同时也感觉到医护人员真正走进患者的内心,拉近了医患的距离,希望这种交流会能多多举行!

ཚོགས་འདུའི་ཐོག་ཁྱོན་ཁག་གཉིས་སུ་དབྱེ་ཡོད་པ་སྟེ།ཁག་དང་པོ་ནི་སྐྲན་ནད་ཁོག་ནད་ཚན་ཁག་གི་སྨན་གཡོག་བཀྲ་ཤིས་གཡུ་སྒྲོན་གྱི་PICCཡི་སྨན་བཅོས་ལག་རྩལ་སྤྱོད་དགོས་པའི་རྒྱུ་མཚན་ཞིབ་ཕྲ་ངོ་སྤྲོད་བྱས་པ་དང་།ཁོང་གིསPICCནི་ནད་པར་མཁོ་འདོན་བྱས་པའི་དུས་ཡུན་རིང་པོའི་ནང་ཁྲག་རྩར་སྨན་ཆུ་བླུགས་ནས་སྨན་བཅོས་བྱ་རྒྱུར་སྤྱོད་དགོས་པ་ཞིག་རེད་ཅེས་ནན་བཤད་བྱས་པ་རེད། བྱེད་ཐབས་འདི་མགྱོགས་ཞིང་སྟབས་བདེ་བ་དང་།སྲུང་སྐྱོབ་སླ་བ།དེས་དཔུང་བ་དང་རྒྱུན་ལྡན་གྱི་བྱ་འགུལ་གཞན་དག་ལ་ཚོད་འཛིན་མི་བྱེད་པ་། དེའི་རྐྱེན་གྱིས་སྨན་ཆུ་ཐད་ཀར་ཁྲག་རྩའི་བཞུར་རྒྱུན་མགྱོགས་ཤིང་ཁྲག་གི་བཞུར་ཚད་མང་བའི་ལྟེ་བའི་སྡོད་རྩའི་ནང་དུ་འདྲེན་ཆོག་པ་དང་། དུས་ཡུན་རིང་བོར་སྨན་ཆུ་བླུགས་པའམ་ཡང་ན་གར་ཚད་མཐོ་བའི་སྨན་ཆུ་བླུགས་པ་། དེ་བཞིན་ཟུག་གཟེར་ཆེ་བའི་སྨན་རྫས་བླུགས་པ་ལས་བྱུང་བའི་ཁྲག་རྩར་གནོད་སྐྱོན་མི་ཡོང་བར་བྱས་པ་།ཁྲག་རྩ་ཡང་ཡང་གཙགས་རྟོལ་བྱས་པ་ལས་ནད་པའི་སྡུག་བསྔལ་ཇེ་ཆུང་དུ་བཏང་སྟེ།ནད་པའི་འཚོ་བཅུད་ཀྱི་རྒྱབ་སྐྱོར་དང་རྫས་འགྱུར་གསོ་བཅོས་རྒྱུན་མཐུད་པར་ཕན་ནུས་ལྡན་པའི་ངང་ཁག་ཐེག་བྱས་ཤིང་།སྨན་ཕྱི་སིམ་ལས་བྱུང་བའི་ཁྲག་རྩའི་ཚ་ནད་དང་ཡང་ན་མཐའ་འཁོར་ཆ་ཤས་ཀྱི་རྩ་འཛུགས་རུལ་བ་དང་།ཚ་ནད་།སིམ་མཐོ་ཅན་གྱི་སྨན་དང་འཚོ་བཅུད་སྨན་ཆུའི་ཆ་ཤས་ཀྱིས་ནད་པར་བཟོས་པའི་སྡུག་བསྔལ་ཇེ་ཉུང་དུ་བཏང་། ཁག་གཉིས་པ་ནི་སྐྲན་ནད་ཚན་ཁག་གི་སྨན་གཡོག་བཀྲ་ཤིས་གཡུ་སྒྲོན་གྱིས་ནད་པའི་ནང་མིར་འབྲེལ་ཡོད་སྨན་བཅོས་དང་།མཉམ་བྱུང་ནད་རིགས་ཐག་གཅོད་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ལན་ཞིབ་ཕྲ་བརྒྱབ་པ་རེད། ཚོགས་འདུ་གྲོལ་རྗེས་ནད་པ་དང་ནད་པའི་ནང་མི་ཚོས་སྨན་པ་དང་ནད་པའི་དབར་གྱི་སྤེལ་རེས་ཚོགས་འདུར་ཞུགས་རྒྱུའི་རེ་བ་བཏོན་པར་ཕན་འབྲས་ཆེན་པོ་ཐོན་པ་དང་ཆབས་ཅིག་སྨན་དོན་མི་སྣ་ནད་པའི་སེམས་ནང་དངོས་སུ་སླེབས་པ་དང་སྨན་པ་དང་ནད་པ་དེ་བཞིན་ནད་པའི་ནང་མི་དབར་གྱི་བར་ཐག་ཉེ་རུ་ཕྱིན་ནས་སྤེལ་རེས་ཚོགས་འདུ་དེ་རིགས་མང་ཙམ་འཚོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

图片

    通过此次医患交流会,让大家更了解PICC治疗技术的重要性,以及纠正了大家在PICC治疗技术存在的一些认识误区,并让更多患者及家属进一步了解PICC治疗技术的优势,为医生、患者及家属之间架起了相互理解与信任的桥梁。

ད་ཐེངས་ཀྱི་སྨན་པ་དང་ནད་པ་དེ་བཞིན་ནད་པའི་ནང་མིའི་སྤེལ་རེས་ཚོགས་འདུ་བརྒྱུད་ཚང་མར་PICCསྨན་བཅོས་ལག་རྩལ་གྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པ་དང་དེ་བཞིན་ཚང་མསPICCསྨན་བཅོས་ལག་རྩལ་ཐད་ལྷག་པའི་ངོས་འཛིན་ནོར་འཁྲུལ་འགའ་ཤས་ཡོ་བསྲང་བྱས་པ་མ་ཟད།ནད་པ་དང་ཁོང་ཚོའི་ནང་མི་དེ་བས་མང་བས་PICCསྨན་བཅོས་ལག་རྩལ་གྱི་ལེགས་ཆ་སྔར་བས་ཤེས་རྟོགས་ཐུབ་ནས་སྨན་པ་དང་།ནད་པ།དེ་བཞིན་ནང་མི་བཅས་དབར་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་པའི་འབྲེལ་ཟམ་བཙུགས་ཡོད།