您的位置:首页> 医院动态 > >

西藏康城肿瘤医院2021年护理质量管理会议

发布时间:2023-01-23 12:50:49 来源:西藏康城肿瘤医院 阅读:0
图片
   为提高护理服务水平,降低护理安全事件发生率,加强全院护理质量管理,保障护理安全。2021年11月14日下午4时, 西藏康城肿瘤医院护理质量管理会议在会议室召开,会议由院感科副主任朱海艳主持,院长多杰太及全体护理人员参加会议,会议共宣布三项议题。
ནད་སྐྱོང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་།ནད་སྐྱོང་བདེ་འཇགས་ཀྱི་དོན་རྐྱེན་ཐོན་ཚད་དམའ་རུ་གཏོང་བ།སྨན་ཁང་ཡོངས་ཀྱི་ནད་སྐྱོང་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནད་སྐྱོང་བདེ་འཇགས་འགན་ལེན་བྱ་ཆེད། ༢༠༢༡ལོའི་ཟླ་༡༡ཚེས་༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤པར་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ནད་སྐྱོང་སྤུས་ཚད་དོ་དམ་ཚོགས་འདུ་ཚོགས་ཁང་དུ་འཚོགས་ཤིང་།ཚོགས་འདུ་དེ་འགོས་ནས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧའེ་ཡན་གྱིས་གཙོ་སྐྱོང་བྱས་པ་དང་ཡོན་ཀྲང་རྡོ་རྗེ་ཐར་དང་ནད་སྐྱོང་མི་སྣ་ཡོངས་ཚོགས་འདུར་ཞུགས་།ཚོགས་འདུའི་ཐོག་ཁྱོན་གྲོས་གཞི་ཁག་གསུམ་ཁྱབ་བསྒྲགས་བྱས་པ་རེད། 

图片

图片


图片

     一、多杰太院长讲解“护理角色权责利解码”,对2021年护理工作给予肯定,对下一护理年工作进行部署。多杰太院长强调,护理质控的重要性及必要性,也对护理质量与安全管理寄予厚望,希望全体护理人员将工作做到实处,将我院护理质控工作带上新的台阶。

གཅིག།ཡོན་ཀྲང་རྡོ་རྗེ་ཐར་གྱིསད་གཡོག་པའི་དབང་ཆ་དང་།འགན་འཁྲི།གསལ་འགྲེལ་ཨང་གྲངསའགྲེལ་བཤད་བརྒྱབ་སྟེ་༢༠༢༡ལོའི་ནད་གཡོག་ལས་དོན་ལ་ཁས་ལེན་བྱས་པ་དང་ལོ་རྗེས་མའི་ནད་གཡོག་ལོའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཡོན་ཀྲང་རྡོ་རྗེ་ཐར་གྱིས་ནད་སྐྱོང་སྤུས་ཚད་ཚོད་འཛིན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་གྱིས་ནད་སྐྱོང་སྤུས་ཚད་དང་བདེ་འཇགས་དོ་དམ་ལ་རེ་བ་ཆེན་པོ་བཅོལ་ཡོད་པས་།ནད་སྐྱོང་མི་སྣ་ཡོངས་ཀྱིས་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ངེད་སྨན་ཁང་གི་ནད་སྐྱོང་སྤུས་ཚད་ཚོད་འཛིན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། 






  二、院感科副主任朱海艳制定并宣布康城肿瘤医院护理质量评价标准,规定了护理质控人员的职责,总结本年度护理工作成果及不足,明确下一步的工作重点。

 院感科副主任朱海艳总结护士业务培训情况,2021年11月1日,在医院领导对护理工作的关怀下,在各部门大力支持下,在各科护士长及全院护理人员的支持理解下,护理示教室正式开班。护理部结合“优质护理服务"、“整体护理"相关要求,开展了“岗位大练兵"活动。此次护理培训为时半个月,培训的内容涵盖基础护理、专科护理、护理文书书写、护理礼仪、急诊急救(PICC、输液港维护,胃肠镜术前术后准备工作,静脉留置针、无菌技术、口腔护理、胃管护理、心电图、药物外渗护理、血糖监测、抢救流程、手卫生、护理评估单、会阴护理、尿管护理)等,共480人参加,培训与13日下午结束。接下来将是理论与实际操作考核工作,首先按培训内容制定考核标准,然后进行考核,实操,不及格者再次培训直至及格,本次培训将纳入优秀护士评选,考核结束时间暂定本月末。

གཉིས།འགོས་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧའེ་ཡན་གྱིས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ནད་སྐྱོང་སྤུས་ཚད་གདེང་འཇོག་ཚད་གཞི་བཟོས་ནས་ཁྱབ་བསྒྲགས་བྱས་པ་དང་།ནད་སྐྱོང་སྤུས་ཚད་ཚོད་འཛིན་མི་སྣའི་འགན་འཁྲི་གཏན་འབེབས་བྱས་པ།ལོ་འཁོར་འདིའི་ནད་སྐྱོང་ལས་ཀའི་གྲུབ་འབྲས་དང་ཞན་ཆ་ཕྱོགས་སྡོམ་བྱས་ནས་གོམ་སྟབས་རྗེས་མའི་ལས་ཀའི་གཙོ་གནད་ཁ་གསལ་བཟོས་ཡོད།

འགོས་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧའེ་ཡན་གྱིས་སྨན་གཡོག་གི་ལས་སྒོའི་གསོ་སྦྱོང་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་༢༠༢༡ལོའི་ཟླ་༡༡ཚེས་༡ཉིན་སྨན་ཁང་གི་འགོ་ཁྲིད་ཀྱིས་ནད་སྐྱོང་ལས་དོན་ལ་ཐུགས་ཁུར་གནང་བ་དང་།སྡེ་ཚན་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཚན་ཁག་ཁག་གི་ནད་གཡོག་དཔོན་དང་དེ་བཞིན་སྨན་ཁང་ཡོངས་ཀྱི་ནད་སྐྱོང་མི་སྣའི་རྒྱབ་སྐྱོར་དང་བསམ་ཤེས་འོག་ནད་སྐྱོང་སློབ་ཁང་དངོས་སུ་སློབ་འགོ་ཚུགས་ཡོད་པ་རེད། ནད་གཡོག་པུསསྤུས་ལེགས་ནད་སྐྱོང་ཞབས་ཞུདངསྤྱི་ཡོངས་ནད་གཡོགགི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་བྱས་ནསལས་གནས་སྦྱོང་བརྡར་ཆེ་མོའིབྱེད་སྒོ་སྤེལ་བ་རེད། ད་རེས་ཀྱི་ནད་གཡོག་གསོ་སྐྱོང་སྦྱོང་བརྡར་བྱེད་ཡུན་ནི་ཟླ་ཕྱེད་ཙམ་ཡིན། སྦྱོང་བརྡར་གྱི་ནང་དོན་ལ་རྨང་གཞིའི་ནད་གཡོག་དང་།ཆེད་ལས་ཚན་ཁག་གི་ནད་གཡོགནད་སྐྱོང་ཡིག་ཆ་འབྲི་བ།ནད་སྐྱོང་གུས་ལུགས།འཕྲལ་བཅོས་མྱུར་སྐྱོབ་།PICCདང་སྨན་ཆུ་བླུགས་ཁབ་རྩེ་ཁྲག་རྩར་འཇོག་པའི་སྲུང་སྐྱོབ་།ཕོ་རྒྱུ་ཤེལ་གཤགས་བཅོས་སྔོན་གྱི་གྲ་སྒྲིག་ལས་ཀ་།སྡོད་རྩ་ཉར་འཇོག་ཁབ་དང་།འབུ་ཕྲ་མེད་པའི་ལག་རྩལ།ཁ་འབུག་ནད་སྐྱོང་།ཕོ་བའི་སྦུ་གུ་བདག་སྐྱོང་།སྙིང་འཕར་གློག་རིས་།སྨན་རྫས་ཕྱི་སིམ་ནད་སྐྱོང་།ཁྲག་མངར་ལྟ་ཞིབ་ཚད་ལེན།མྱུར་སྐྱོབ་བྱེད་རིམ།ལག་པའི་འཕྲོད་བསྟེན་།ནད་གཡོག་དཔྱད་དཔོག་འཛིན་ཡིག་།མཚན་སྲིད་ནད་སྐྱོང་།གཅིན་སྦུག་སྲུང་ནད་གཡོག་སོགས་། ཁྱོན་མི་༤༨༠འདིར་ཞུགས་པ་དང་གསོ་སྦྱོང་ཚེས་༡༣ཉིན་གྱི་ཕྱི་དྲོ་མཇུག་འགྲིལ་རྒྱུ་ཡིན་པ་རེད། གོམ་སྟབས་རྗེས་མར་རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད་དངོས་ལ་དཔྱད་ཞིབ་བྱེད་པའི་ལས་དོན་ཡིན་ཞིང་།དང་ཐོག་གསོ་སྦྱོང་གི་ནང་དོན་ལ་གཞིགས་ནས་དཔྱད་ཞིབ་ཀྱི་ཚད་གཞི་བཟོ་བ་དང་དེ་རྗེས་དཔྱད་ཞིབ་བྱེད་པ་དང་དངོས་སུ་སྦྱོང་བརྡར་བྱས་ནས་ཡིག་རྒྱུགས་མ་ལོན་བར་རྒྱུག་འཕྲོད་པ་བར་དུ་སླར་ཡང་གསོ་སྦྱོང་བྱས་པ་།ད་རེས་ཀྱི་གསོ་སྦྱོང་དེ་ཕུལ་བྱུང་གི་སྨན་གཡོག་གི་དཔྱད་འདེམས་ནང་འཇུག་རྒྱུ་དང་དཔྱད་ཞིབ་མཇུག་འགྲིལ་བའི་དུས་ཚོད་དེ་ཟླ་འདིའི་ཟླ་མཇུག་ཏུ་གཏན་འཁེལ་བྱ་རྒྱུ་རེད། 


图片


三、外科高雅护士长对不良事件进行了汇报,采用鱼骨图方法进行分析,明确了责任,讲解如何杜绝此类事件再次发生。现场各位护士长各抒己见,激烈讨论,使科室一级质控发挥作用,杜绝不良事件在本科室发生,保证护理质量持续改进。

གསུམ།ཕྱི་བཅོས་ཚན་ཁག་གི་ནད་གཡོག་དཔོན་ཀོའི་ཡའེ་གྱིས་དོན་རྐྱེན་མི་ལེགས་པར་སྙན་སེང་ཞུས་པ་དང་།ཉ་རུས་དཔེ་རིས་ཀྱི་བྱེད་ཐབས་ཐོག་ནས་དབྱེ་ཞིབ་བྱས་ཏེ་འགན་འཁྲི་ཁ་གསལ་བཟོས་ནས་དོན་རྐྱེན་དེ་རིགས་སླར་ཡང་ཐོན་རྒྱུ་བཀག་འགོག་ཇི་ལྟར་བྱེད་དགོས་པའི་འགྲེལ་བཤད་བརྒྱབ་ཡོད། འདི་ནས་ནད་གཡོག་དཔོན་རྣམས་ཀྱིས་རང་ཉིད་ཀྱི་ལྟ་སྟངས་གསལ་བཤད་བྱས་ནས་གྲོས་བསྡུར་དྲག་པོ་བྱས་པས་ཚན་ཁག་གི་རིམ་པ་དང་པོའི་སྤུས་ཚད་ཚོད་འཛིན་གྱི་ནུས་པ་འདོན་སྤེལ་ཐུབ་པ་མ་ཟད།དོན་རྐྱེན་ངན་པ་ཚན་པ་དེ་རང་དུ་ཐོན་རྒྱུའི་གཏན་འགོག་བྱས་ནས་ནད་སྐྱོང་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུའི་འགན་ལེན་བྱས་པ་རེད། 


图片


图片

图片

最后院感科副主任朱海艳强调要加强日常防范措施的督查,将防范措施的落实纳入质控考核,切实保障护理安全。对不良事件汇报进行点评,对防范不良事件发生提出严格要求,责任事件坚决杜绝。

མཇུག་ཏུ་འགོས་ནས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧའེ་ཡན་གྱིས་རྒྱུན་གཏན་གྱི་དོགས་ཟོན་བྱ་ཐབས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དོགས་ཟོན་བྱ་ཐབས་དོན་འཁྱོལ་བྱ་རྒྱུ་དེ་སྤུས་ཚད་ཚོད་འཛིན་གྱི་དཔྱད་ཞིབ་ནང་བཅུག་ནས་ནད་གཡོག་གི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། དོན་རྐྱེན་མི་ལེགས་པ་སྙན་སེང་ཞུ་བར་དཔྱད་བརྗོད་བྱས་པ་དང་།དོན་རྐྱེན་མི་ལེགས་པ་འབྱུང་བར་སྔོན་འགོག་བྱེད་པར་བླང་བྱ་ནན་མོ་བཏོན་ཞིང་།འགན་འཁྲི་དང་དོན་རྐྱེན་མཐའ་གཅིག་ཏུ་གཏན་འགོག་བྱས། 


图片
图片

     通过此次会议的召开,既明确了护理质量管理的重要性,也增强了护理人员的质量安全意识,对提升医院护理质量和管理水平起到了良好的促进作用。

ད་ཐེངས་ཀྱི་ཚོགས་འདུ་འཚོགས་པ་བརྒྱུད་ནད་སྐྱོང་སྤུས་ཚད་དོ་དམ་གྱི་གལ་ཆེའི་རང་བཞིན་གསལ་པོ་བཟོས་པ་མ་ཟད།ནད་སྐྱོང་མི་སྣའི་སྤུས་ཚད་བདེ་འཇགས་འདུ་ཤེས་ཟབ་ཏུ་ཕྱིན་ནས་སྨན་ཁང་གི་ནད་སྐྱོང་སྤུས་ཚད་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་ཡོད་པ་རེད།