您的位置:首页> 医院资讯 > >

西藏非公立医疗机构协会成立 助力高原健康事业发展

发布时间:2021-11-20 15:14:39 来源:西藏康城肿瘤医院 阅读:0

图片

    

      中新网拉萨11月16日电 (记者 赵朗)西藏自治区非公立医疗机构协会16日在拉萨成立。

 ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་ཟླ་༡༡ཚེས་༡༦ཉིན་གློག་འཕྲིན་འབྱོར་གསལ་གསར་འགོད་པ་ཀྲའོ་ལང་ཚེས་༡༦ཉིན་བོད་རང་སྐྱོང་ལྗོངས་གཞུང་བཙུགས་མིན་པའི་སྨན་བཅོས་སྒྲིག་གཞིའི་མཐུན་ཚོགས་ལྷ་སར་བཙུགས་པ་རེད། 

  成立大会上,还同时举行了协会第一次会员(代表)大会。通过选举,王斌担任西藏自治区非公立医疗机构协会首任会长。
   ཚོགས་ཆེན་ཐོག་དུ།ད་དུང་དུས་མཚུངས་སུ་མཐུན་ཚོགས་ཀྱི་ཐེངས་དང་པོའི་ཚོགས་མིའིའཐུས་མི་ཚོགས་ཆེན་འཚོགས་པ་རེད་། འདེམས་བསྐོ་བྱས་པ་བརྒྱུད་ཝང་པིན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་གཞུང་བཙུགས་མིན་པའི་སྨན་བཅོས་སྒྲིག་གཞིའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐོག་མའི་འགན་འཁུར་ཞིང་། 
  王斌表示,协会的成立标志着西藏广大社会办医人、社会办医疗机构从此有了具有法律保障的沟通交流平台和行业组织,今后在促进西藏社会办医发展、行业自律维权、行业服务、行业培训和管理等方面将发挥重要的作用。
ཝང་པིན་གྱིས་མཐུན་ཚོགས་བཙུགས་པ་དེ་ཐོག་ནས་བོད་ཀྱི་རྒྱ་ཆེའི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་མཁན་དང་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་སྨན་བཅོས་སྒྲིག་གཞིར་དུས་དེ་ནས་བཟུང་བཅའ་ཁྲིམས་ཀྱི་འགན་ལེན་ལྡན་པའི་འབྲེལ་གཏུག་སྤེལ་རེས་སྟེགས་བུ་དང་ལས་རིགས་རྩ་འཛུགས་ཡོད་པ་མཚོན་ཡོད།སླད་ཕྱིན་བོད་ཀྱི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་འཕེལ་རྒྱས་དང་།ལས་རིགས་ཀྱི་རང་གཅུན་ཁེ་དབང་སྲུང་སྐྱོང་།ལས་རིགས་ཀྱི་ཞབས་ཞུ།ལས་རིགས་གསོ་སྦྱོང་།དོ་དམ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།



  他还说,作为公立医院的重要补充,多年来在西藏各主管部门的支持下,取得了良好的发展。
ཁོང་གིས་ད་དུང་གཞུང་བཙུགས་སྨན་ཁང་གི་ཁ་གསབ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལོ་མང་རིང་བོད་ཀྱི་གཙོ་གཉེར་སྡེ་ཚན་ཁག་གི་རྒྱབ་སྐྱོར་འོག་འཕེལ་རྒྱས་ཡག་པོ་བྱུང་ཡོད་ཅེས་གསུངས་པ་རེད། 
  据不完全统计,目前,西藏约有30余家社会办医医院和140家诊所,医技护从业人员约有2500人,床位约2000张,年门诊量80万人次,年住院约4万人次,约占西藏医院总床位的20%、服务量的18%。
བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།མིག་སྔར་བོད་དུ་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་སྨན་ཁང་༣༠ལྷག་ཙམ་དང་སྒོ་བསྟེན་སྨན་བཅོས་ཁང་༡༤༠ལྷག་ཙམ་ཡོད་པ་།སྨན་བཅོས་ལག་རྩལ་སྲུང་སྐྱོང་གི་ལས་དོན་མི་སྣ་༢༥༠༠ཙམ་དང་།ཉལ་ཁྲི་༢༠༠༠ཙམ།ལོར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་༨༠ཙམ་ཟིན་པ།ལོར་སྨན་ཁང་དུ་སྡོད་པའི་མི་ཐེངས་ཁྲི་༤ཙམ་ཟིན་པ།བོད་ཀྱི་སྨན་ཁང་གི་སྤྱི་ཁྱབ་ཉལ་ཁྲིའི་བརྒྱ་ཆ་༢༠ཙམ་ཟིན་པ།ཞབས་ཞུ་བྱེད་ཚད་ཀྱི་བརྒྱ་ཆ་༡༨ཙམ་ཟིན་གྱི་ཡོད་པ་རེད།

图片

  中国非公立医疗机构协会常务副会长兼秘书长郝德明说,自从国家出台支持鼓励和加快社会办医政策以来,中央高度重视社会办医持续健康发展。现在,我国社会办医成为国家医疗卫生服务体系的重要组成部分,是满足民众不同医疗卫生服务需求,并为全社会提供更多医疗卫生服务供给的重要力量。
ཀྲུང་གོའི་གཞུང་བཙུགས་མིན་པའི་སྨན་བཅོས་སྒྲིག་གཞིའི་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ཧའོ་ཏེ་མིང་གིས་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་པ་དང་ཇེ་མགྱོགས་སུ་གཏོང་བའི་སྲིད་ཇུས་བཏོན་པ་ནས་བཟུང་།ཀྲུང་དབྱང་གིས་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་ལྟ།རང་རྒྱལ་གྱི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བ་ནི་རྒྱལ་ཁབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་མི་འདྲ་བ་སྐོང་དགོས་པ་མ་ཟད།སྤྱི་ཚོགས་ཡོངས་ལ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྔར་ལས་མང་བ་མཁོ་འདོན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། 

图片
    
    郝德明表示,为适应行业发展需要,协会成立是西藏社会办医发展的新里程碑,它对规范和促进西藏社会办医高质量发展有着重要意义,希望协会发挥桥梁纽带、交流学习和团结凝聚的作用,不断突破社会办医普遍面临的发展瓶颈问题,助力西藏社会办医事业创新发展。(完)
ཧའོ་ཏེ་མིང་གིས། ལས་རིགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་བསྟུན་ནས་། མཐུན་ཚོགས་བཙུགས་པ་དེ་ནི་བོད་ཀྱི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་ཞིང་།དེས་བོད་ཀྱི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚད་ལྡན་དང་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་།མཐུན་ཚོགས་ཀྱིས་འབྲེལ་ཟམ་ཀྱི་སྦྲེལ་ཐག་འདོན་སྤེལ་བྱས་ནས་།སྤེལ་རེས་སློབ་སྦྱོང་།མཐུན་སྒྲིལ་གོང་བུ་གཅིག་ཏུ་འགྲིལ་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་ཐད་ཡོངས་ཁྱབ་ངང་འཕྲད་པའི་འཕེལ་རྒྱས་ཀྱི་འཇུར་མིག་གནད་དོན་རྒྱུན་ཆད་མེད་པར་ཚད་བརྒལ་བྱས་ནས་བོད་ཀྱི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་བྱ་གཞག་གསར་གཏོད་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། རྫོགས་