您的位置:首页> 医院资讯 > >

好消息:西藏康城肿瘤医院门特已开通

发布时间:2021-12-15 11:20:14 来源:西藏康城肿瘤医院 阅读:0

好消息

གཏམ་བཟང།

西藏康城肿瘤医院门诊特殊疾病(简称:门特)于2021年11月22日正式开通,门特的全面开展为患者带来了便捷。

བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གིས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་(བསྡུས་མིང་ལ་མོན་ཐེ་ཟེར་)༢༠༢༡ལོའི་ཟླ་༡༡ཚེས་༢༢ཉིན་ནས་དངོས་སུ་ཤར་གཏོང་ཐུབ་པ་དང་མོན་ཐེ་ཕྱོགས་ཡོངས་ནས་སྤེལ་བ་དེས་ནད་པར་སྟབས་བདེ་མང་པོ་བསྐྲུན་ཡོད།


图片

图片


一、职工门诊特殊病报销及流程

གཅིག་།ལས་བཟོ་པའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་འགྲོ་སོང་རྩིས་ཞུ་དང་དེའི་བརྒྱུད་རིམ་།



     参与医疗报销时需要参保职工申请门诊特殊病种认定。职工在定点医疗机构领取《拉萨市城镇职工基本医疗保险门诊特殊病种认定审批表》填写相关内容后,由接诊医生填写诊断及治疗意见,并经定点医院主治医师确认,附相关检查、化验单到所在单位部门核实签章,由单位统一报送医疗保险经办机构审批。经审批后,参保职工凭审批表及医疗保险证、医保卡到定点医疗机构就诊,享受门诊特殊病治疗待遇。

     对符合34种门诊特殊病认定标准且符合目录规定的医疗费用,不设起付线,职工门诊特殊病种报销比例为90%,一个自然年度内个人基本医疗保险统筹基金(与住院费用合并计算)的最高支付限额为60万元;

     སྨན་བཅོས་འགྲོ་སོང་རྩིས་ཞུ་ནང་ཞུགས་སྐབས་འགན་བཅོལ་ནང་ཞུགས་མཁན་ལས་བཟོས་སྒོ་བསྟེན་ནད་རིགས་གཏན་འཁེལ་བྱ་རྒྱུའི་རེ་ཞུ་བྱེད་དགོས། ལས་བཟོ་པས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་གཏན་འཁེལ་གྱི་ཞིབ་བཤེར་ཆོག་མཆན་རེའུ་མིགབླངས་ནས་འབྲེལ་ཡོད་ནང་དོན་བྲིས་རྗེས། སྨན་བཅོས་དང་ལེན་བྱེད་མཁན་སྨན་པས་བརྟག་དཔྱད་དང་སྨན་བཅོས་ཀྱི་བསམ་འཆར་འབྲི་དགོས་པ་མ་ཟད།གནས་གཏན་འཁེལ་སྨན་ཁང་གི་གཙོ་བཅོས་སྨན་པས་ངོས་འཛིན་གཏན་འཁེལ་བྱས་རྗེས་འབྲེལ་ཡོད་བརྟག་དཔྱད་དང་རྫས་འགྱུར་དཔྱད་ཞིབ་ཤོག་བྱང་དེ་རང་གནས་སའི་སྡེ་ཚན་དང་སྡེ་ཁག་ལ་ཕྱིན་ནས་མིང་རྟགས་བཀོད་དེ་ཚན་པ་ནས་གཅིག་གྱུར་ཐོག་སྨན་བཅོས་འགན་བཅོལ་གཉེར་སྐྱོང་སྒྲིག་གཞིར་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་འབུལ་དགོས། ཞིབ་བཤེར་ཆོག་མཆན་ཐོབ་རྗེས་འགན་བཅོལ་ནང་ཞུགས་མཁན་ལས་བཟོས་ཞིབ་བཤེར་ཆོག་མཆན་རེའུ་མིག་དང་།སྨན་བཅོས་འགན་བཅོལ་ལག་ཁྱེར།སྨན་བཅོས་འགན་བཅོལ་གཱ་བཅས་ལ་བརྟེན་ནས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་བསྐྱོད་དེ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་པར་སྨན་བཅོས་བྱེད་པའི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་ཡོད་པ་རེད།

     སྒོ་བསྟེན་གྱི་དམིགས་བསལ་ནད་གཞིའི་ངོས་འཛིན་ཚད་གཞི་ཁག་༣༤དང་འཚམ་པ་མ་ཟད།དཀར་ཆག་གི་གཏན་འབེབས་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་ཐད་ཐོག་མའི་གཏོང་སྤྲོད་ཚད་གཞི་མ་བཟོས་པར་ལས་བཟོའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་འགྲོ་སོང་རྩིས་ཞུའི་ནད་རིགས་ཀྱི་བསྡུར་ཚད་བརྒྱ་ཆ་༩༠ཟིན་པ་དང་།རང་བྱུང་ལོ་འཁོར་གཅིག་ནང་མི་སྒེར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་དང་ཟླ་སྒྲིལ་རྩིས་རྒྱགགཏོང་སྤྲོད་ཚད་གཞི་མཐོ་ཤོས་སྒོར་ཁྲི་༦༠ཟིན་པ།


‍二、城乡居民门诊特殊病报销及流程

གཉིས་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་འགྲོ་སོང་རྩིས་ཞུ་དང་དེའི་བརྒྱུད་རིམ་།



     参保人员持本人医保卡到定点医疗机构进行门诊特殊病相关检查(限二级及以上的医疗机构),确定符合门诊特殊病基本条件的,持相关检查结果到定点医疗机构医保办理登记办理《门诊特殊病认定表》。就诊时参保人员凭医生处方、医保卡及《门诊特殊病认定表》在医保办直接结算。
    将原农牧区医疗机构和城镇居民基本医疗保险门诊特殊病种全部保留并合并,确定为23个病种。参保人员享受门诊特殊待遇不受认定医院限制,但不得在同一时限内重复享受门诊特殊病待遇。门诊特殊病不设起付线,报销比例根据参保人员个人选择缴纳的档次确定。统筹报销金额与年度住院费用累计计算。城乡居民门诊特殊病种报销比例按照缴费档次报销,一个自然年度内个人基本医疗保险统筹基金(与住院费用合并计算)的最高支付限额为6万元。

    འགན་བཅོལ་ནང་ཞུགས་མཁན་གྱིས་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་གཱ་འཁྱེར་ནས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་བྱེད་པའི་རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་བཅོས་སྒྲིག་གཞི་ནང་སྒོ་བསྟེན་གྱི་དམིགས་བསལ་ནད་ཀྱི་གཞི་རྩའི་ཆ་རྐྱེན་དང་མཐུན་པ་གཏན་འཁེལ་བྱས་ཚེ་འབྲེལ་ཡོད་ཞིབ་བཤེར་བྱས་པའི་འབྲས་བུ་འཁྱེར་ཏེ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་དུ་ཐོ་འགོད་བྱས་ནསསྒོ་བསྟེན་གྱི་དམིགས་བསལ་ནད་ངོས་འཛིན་རེའུ་མིགགཉེར་དགོས། སྨན་པ་བསྟེན་སྐབས་འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་པའི་སྨན་ཐོ་དང་།སྨན་བཅོས་འགན་བཅོལ་གྱི་གཱསྒོ་བསྟེན་གྱི་དམིགས་བསལ་ནད་ངོས་འཛིན་རེའུ་མིགབཅས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གཞུང་དོན་ཁང་དུ་ཐད་ཀར་རྩིས་རྒྱག་དགོས་གི་ཡོད་པ་རེད།

    དེ་སྔའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྒྲིག་གཞི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་ཚང་མ་སོར་འཇོག་དང་ཟླ་སྒྲིལ་བཏང་ནས་ནད་རིགས་༢༣ལ་གཏན་འཁེལ་བྱས་པ་རེད། འགན་བཅོལ་ནང་ཞུགས་མཁན་ལ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དེ་སྨན་ཁང་གི་ཚད་བཀག་མེད་པ་གཏན་འཁེལ་བྱས་ཡོད་མོད།འོན་ཀྱང་དུས་ཚད་གཅིག་མཚུངས་ནང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ཐོབ་ཐང་བསྐྱར་དུ་ལོངས་སྤྱོད་བྱེད་མི་ཆོག་། སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ལ་སྤྲོད་ལམ་མི་འཛུགས་པར་འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱིས་གདམ་ག་བྱས་ནས་འཇལ་བའི་རིམ་པ་གཞིར་བཟུང་གཏན་འཁེལ་བྱེད་དགོས། གཅིག་གྱུར་གྱིས་རྩིས་ཞུ་བྱས་པའི་དངུལ་གྲངས་དང་ལོ་འཁོར་མོའི་སྨན་ཁང་དུ་སྡོད་པའི་འགྲོ་སོང་སྡེབ་རྩིས་བརྒྱབ་ནས་བརྩི་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་གྲོན་དངུལ་འཇལ་བའི་རིམ་པ་ལྟར་རྩིས་ཞུ་བྱེད་པ་དང་།རང་བྱུང་ལོ་འཁོར་གཅིག་ནང་མི་སྒེར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་སྨན་ཁང་དུ་སྡོད་པའི་འགྲོ་སོང་དང་ཟླ་སྒྲིལ་རྩིས་རྒྱག་གཏོང་སྤྲོད་ཀྱི་ཚད་གཞི་མཐོ་ཤོས་སྒོར་ཁྲི་༦ཡིན་པ་རེད།

城乡居民门诊特殊病报销
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྒོ་བསྟེན་སྨན་བཅོས་དམིགས་བསལ་ནད་ཀྱི་འགྲོ་སོང་རྩིས་ཞུ་།
缴纳档次
དངུལ་སྤྲོད་པའི་རིམ་པ་།
280元
སྒོར་༢༨༠
150元
སྒོར་༡༥༠
90元
སྒོར་༩༠
报销比例
འགྲོ་སོང་རྩིས་ཞུའི་བསྡུར་ཚད་།
90%
བརྒྱ་ཆ་༩༠
70%
བརྒྱ་ཆ་༧༠
60%
བརྒྱ་ཆ་༦༠
图片