为庆祝中国共产党成立101周年,回顾党的百年光辉历程,颂扬党的丰功伟绩,唱响新时代主旋律,巩固深化党史学习教育,6月29日下午,拉萨卫生健康系统举办庆祝建党101周年“七一”文艺汇演,用丰富精彩的文艺表演,向党的101诞辰送上最诚挚的祝福!
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༡༠༡འཁོར་བར་རྟེན་འབྲེལ་ཞུ་བ་དང་།ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་པ།ཏང་གི་བྱས་རྗེས་རླབས་ཆེན་ལ་བསྟོད་གླུ་འབུལ་བ།དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་ཆེད།ཟླ་བ་༦པའི་ཚེས་༢༩ཉིན་གྱི་ཕྱི་དྲོ་ལྷ་སའི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་༡༠༡འཁོར་བར་རྟེན་འབྲེལ་ཞུ་བའི་“བདུན་གཅིག”རིག་རྩལ་མཉམ་དུ་འཁྲབ་སྟོན་བྱས་ནས་ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་བརྟེན་ནས་ཏང་གི་༡༠༡འཁྲུངས་སྐར་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།
本次演出节目形式丰富多彩,涵盖了声乐、舞蹈、朗诵等多种艺术表现形式,让观众们重温了中国共产党团结带领中国人民百折不挠、艰苦奋斗的光辉历程,抒发了群众党员的爱党、爱国情怀,展现了拉萨卫生健康系统朝气蓬勃、文明和谐的精神风貌。
ད་ཐེངས་ཀྱི་འཁྲབ་སྟོན་ལེ་ཚན་གྱི་རྣམ་པ་ཕུན་སུམ་ཚོགས་ཤིང་།གླུ་དབྱངས་དང་།ཞབས་བྲོ།གྱེར་འདོན་སོགས་སྒྱུ་རྩལ་གྱི་མཚོན་སྟངས་སྣ་ཚོགས་ཚུད་ཡོད་པས།ལྟད་མོ་བ་ཚོར་ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་གྱི་ཀྲུང་གོ་མི་དམངས་སྣེ་ཁྲིད་བྱས་ནས་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་དཀའ་སྤྱད་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བསྐྱར་དྲན་བྱེད་དུ་བཅུག་པ་དང་མང་ཚོགས་ཏང་ཡོན་གྱི་ཏང་གཅེས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་པ།ལྷ་སའི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཤེས་དཔལ་ཞི་མཐུན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད།
西藏康城肿瘤医院作为拉萨卫生健康系统的一员,和大家一同庆祝和纪念这个意义非凡节日,并参与演出,让我们再次接受了红色文化的洗礼。演出结束后大家纷纷表示,当前,疫情防控工作进入常态化,更需要医务工作者发扬艰苦奋斗精神,铆足干劲,筑牢健康防线。
ལྷ་སའི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ཁོངས་མི་ཞིག་ཡིན་པའི་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གིས་ཚང་མ་དང་མཉམ་དུ་དོན་སྙིང་ཟབ་མོ་ལྡན་པའི་དུས་ཆེན་དེར་རྟེན་འབྲེལ་དང་དྲན་གསོ་ཞུས་པ་དང་འབྲེལ་འཁྲབ་སྟོན་ནང་ཞུགས་ནས་ང་ཚོས་སླར་ཡང་དམར་པོའི་རིག་གནས་ཀྱི་ཚོད་ལྟ་དང་ལེན་བྱས་པ་ཡིན། འཁྲབ་སྟོན་མཇུག་འགྲིལ་རྗེས་ཚང་མས་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་རྒྱུན་རྣམ་ཅན་དུ་སླེབས་ཡོད་པས་སྨན་དོན་ལས་དོན་པས་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ངར་ཤུགས་གཅིག་སྒྲིལ་གྱིས་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས་ཞེས་བཤད་པ་རེད།
西藏康城肿瘤医院党支部通过丰富、灵活的活动载体,持续开展主题宣传教育活动,引导广大党员群众学党史、颂党恩,听党话、跟党走的浓厚社会氛围,从党史中汲取养分、从党史中获取奋斗、前进的力量,以实际行动向党的101周年诞辰献礼!
བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཏང་ཀྲི་པུའུ་ཡིས་ཕུན་སུམ་ཚོགས་ལ་སྟབས་བསྟུན་གྱི་བྱེད་སྒོ་དེ་བརྒྱུད་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་།རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་བཀའ་དྲིན་ལ་བསྔགས་བརྗོད་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་དང།ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་ཏུ་གཏོང་བ།ཏང་གི་ལོ་རྒྱུས་ཁྲོད་ནས་སྙིང་བཅུད་ལེན་པ་དང་།ཏང་གི་ལོ་རྒྱུས་ཁྲོད་ནས་འབད་འཐབ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་ལེན་པ།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ལོ་༡༠༡འཁོར་བར་ལག་རྟགས་འབུལ་བ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།