您的位置:首页> 党工群建设 > >

西藏康城肿瘤医院成立工会委员会!

发布时间:2022-05-16 09:13:51 来源:西藏康城肿瘤医院 阅读:0

图片

为了充分调动干部职工的工作积极性,维护干部职工的合法权益,增强干部职工凝聚力,根据《工会章程》《工会法》和基层工会选举办法及《关于同意西藏康城肿瘤医院工会委员会召开职工大会的批复》精神,西藏康城肿瘤医院工会委员会职工代表大会于2022年4月28日召开。此次大会23名职工代表参加,大会由院党支部书记吴瑞军同志主持。

ལས་མིའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་ཆེད་དང། ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་ལས་མིའི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཆེད་བཟོ་ཚོགས་ཀྱི་སྒྲིག་ཡིག་དང་།བཟོ་ཚོགས་བཅའ་ཁྲིམས་གཞི་རིམ་བཟོ་ཚོགས་ཀྱི་འདེམས་བསྐོ་བྱ་ཐབས།དེ་བཞིན་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས་ལས་བཟོའི་ཚོགས་ཆེན་འཚོག་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན་གྱི་དགོངས་དོན་གཞིར་བཟུང་།བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གྱི་ལས་བཟོའི་འཐུས་མི་ཚོགས་ཆེན་དེ་༢༠༢༢ལོའི་ཟླ་༤པའི་ཚེས་༢༨ཉིན་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ལས་བཟོའི་འཐུས་མི་༢༣ཞུགས་ཡོད་པ་རེད། ཚོགས་ཆེན་དེ་ངེད་སྨན་ཁང་ཏང་ཀྲི་པུའི་ཧྲུའུ་ཅི་བློ་མཐུན་ཝུའུ་རུའེ་ཅུན་གྱིས་གཙོ་སྐྱོང་གནང་བ་རེད།

图片
图片

01

 “全体起立,奏国歌。”

随着庄严的国歌声响起,西藏康城肿瘤医院第一次工会会员(职工)代表大会正式拉开帷幕。

བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲ་གྲགས་པ་དང་ཆབས་ཅིག་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་བཟོ་ཚོགས་ཀྱི་ཚོགས་མི་(ལས་བཟོ་)འཐུས་མི་ཚོགས་ཆེན་ཐེངས་དང་པོ་དངོས་སུ་འགོ་ཚུགས་པ་རེད།


02

大会选举

本次大会通过无记名投票的方式,公开、公平、公正的选举出了西藏康城肿瘤医院第一届工会委员会委员、第一届工会主席、副主席、经审委员会委员。随后召开了第一届工会委员会第一次全体会议。

ད་རེས་ཀྱི་ཚོགས་ཆེན་ཐོག་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཡོངས་བསྒྲགས་དང་།དྲང་སྙོམས།དྲང་གཞག་བཅས་ཀྱི་སྒོ་ནས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་སྐབས་དང་པོའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།སྐབས་དང་པོའི་བཟོ་ཚོགས་ཀྱི་ཀྲུའུ་ཞི།ཀྲུའུ་ཞི་གཞོན་པ།ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བདམས་ཐོན་བྱུང་བ་རེད། དེའི་རྗེས་སུ་སྐབས་དང་པོའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད།

图片



03


主席发言

第一届工会主席达旦同志提出了今后工会工作的总体思路和主要任务:一是健全工作机制,完善组织职能二是坚持服务大局,坚持服务群众;三是维护职工权益,协调劳动关系,四是团结一致、密切配合把工会组织真正建设成医院放心、领导信任、员工拥护的“职工之家”

བཟོ་ཚོགས་སྐབས་དང་པོའི་ཀྲུའུ་ཞི་ཟླ་བསྟན་གྱིས་སླད་ཕྱིན་བཟོ་ཚོགས་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་ལས་འགན་གཙོ་བོ་བཏོན་པ་སྟེ།གཅིག་ནི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྩ་འཛུགས་ཀྱི་འགན་ནུས་འཐུས་སྒོ་ཚང་དུ་གཏོང་དགོས་པ། གཉིས་ནི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་དགོས། གསུམ་ནས་ལས་བཟོ་པའི་ཁེ་དབང་སྲུང་སྐྱོང་དང་།ངལ་རྩོལ་འབྲེལ་བ་མཐུན་སྦྱོར།བཞི་ནས་རྡོག་རྩ་གཅིག་སྒྲིལ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་བཟོ་ཚོགས་རྩ་འཛུགས་དེ་སྨན་ཁང་བློ་བདེ་བ་དང་།འགོ་ཁྲིད་ཀྱིས་ཡིད་ཆེས་བྱེད་པ།ལས་བཟོ་པས་བརྩི་བཀུར་བྱེད་པ་བཅས་ཀྱིལས་བཟོ་པའི་ཁྱིམ་ཚང་ཤིག་དངོས་འབྲེལ་བསྐྲུན་དགོས་པ་རེད།


图片

会议指出,医院工会组织的成立要真正发挥好作用,工会要坚持立场原则,充分履行职责,以昂扬向上的工作热情,与时俱进的精神状态,以拼搏的干劲、务实的作风,脚踏实地,真抓实干,开创西藏康城肿瘤医院工会工作的良好局面。最后,大会在庄严的《国际歌》歌声中胜利闭幕。

ཚོགས་འདུའི་ཐོག།སྨན་ཁང་གི་བཟོ་ཚོགས་རྩ་འཛུགས་བཙུགས་པ་དེས་ནུས་པ་དངོས་འབྲེལ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་།བཟོ་ཚོགས་ཀྱིས་ལངས་ཕྱོགས་ཀྱི་རྩ་དོན་མཐའ་འཁྱོངས་དང་འགན་འཁྲི་གང་ལེགས་བསྒྲུབས་ནས་དཔའ་ངར་ཆེར་བསྐྱེད་ཀྱི་ལས་ཀའི་སྤྲོ་སེམས་དང་དུས་བསྟུན་མདུན་སྐྱོད་ཀྱི་བསམ་པའི་འཁྱེར་སོ།འབད་འབུངས་ཡར་བརྩོན་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་བཟོ་ཚོགས་ལས་དོན་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞིག་བསྟོན་ཡོད། མཇུག་ཏུ་ཚོགས་ཆེན་བརྗིད་ཉམས་ལྡན་པའི་<<རྒྱལ་སྤྱིའི་གླུ་གཞས་>>ཞེས་པའི་གླུ་སྒྲའི་ཁྲོད་རྒྱལ་ཁའི་ངང་གྲོལ་བ་རེད