您的位置:首页> 科普宣传 > >

对肿瘤患者步行锻炼的几点建议

发布时间:2022-05-23 10:41:18 来源:西藏康城肿瘤医院 阅读:0


对肿瘤患者步行锻炼的几点建议

སྐྲན་ནད་ཕོག་མཁན་ལ་རྐང་ཐང་དུ་སྦྱོང་བརྡར་བྱེད་པའི་བསམ་འཆར་འགའ་། 

在术后或化疗期间,你能做的最好的事情之一就是出去走走。走,走,再走!

གཤགས་བཅོས་བྱས་རྗེས་སམ་ཡང་ན་རྫས་འགྱུར་སྨན་བཅོས་བྱེད་པའི་སྐབས་སུ།ཁྱོད་ཀྱིས་སྒྲུབ་ཐུབ་པའི་ཆེས་བཟང་བའི་དོན་དག་གཅིག་ནི་ཕྱི་ལ་འཆམ་འཆམ་དུ་འགྲོ་རྒྱུ་དེ་ཡིན། འགྲོ།འགྲོ།དེ་ནས་འགྲོ།

图片


步行可以促进全身的血液循环,防止腿部肌内萎缩,有助于维持身体的灵活性、平衡性和整体状态。没有什么比呼吸新鲜空气更有助于恢复了。如果你能走得更快,使你的心率加快,你的心血管也会受益。


 如果你做了手术,你需要每天在病房里走走,回家后,需要继续多走。


将你的散步情况记录到日志中,你很快就能发现你真的进步了,更健壮了,并且开始感觉更好了。


 རྐང་ཐང་དུ་སོང་ན་ལུས་ཡོངས་ཀྱི་ཁྲག་རྒྱུན་འཁོར་རྒྱུག་ལ་སྐུལ་འདེད་བྱེད་ཐུབ་པ་མ་ཟད་།རྐང་པའི་ཤ་གནད་འཁུམ་པར་སྔོན་འགོག་ཡང་བྱེད་ཐུབ།ལུས་ཕུང་གི་སྟབས་བསྟུན་རང་བཞིན་དང་དོ་མཉམ་རང་བཞིན།སྤྱི་ཡོངས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པར་ཕན་པ་ཡོད།མཁའ་དབུགས་གསར་བ་འབྱིན་རྔུབ་བྱེད་པ་ནི་སླར་གསོ་བྱེད་པར་ཕན་ཆེ་ཤོས་ཞིག་ཡིན་། གལ་ཏེ་ཁྱོད་རང་སྔར་ལས་མགྱོགས་པ་འགྲོ་བས་སྙིང་ཚད་ཇེ་མགྱོགས་སུ་ཕྱིན་ན་ཁྱོད་ཀྱི་སྙིང་གི་ཁྲག་རྩར་ཡང་ཕན་པ་ཡོད།


གལ་ཏེ་ཁྱོད་གཤགས་བཅོས་བྱས་ན།ཉིན་ལྟར་ནད་ཁང་ནང་འཆམ་འཆམ་འགྲོ་དགོས།ནང་ལ་ལོག་རྗེས་ཡང་མུ་མཐུད་དུ་མང་ཙམ་འགྲོ་དགོས།


ཁྱོད་ཀྱི་འཆམ་འཆམ་དུ་འགྲོ་བའི་གནས་ཚུལ་ཟིན་ཐོར་བཀོད་ན་།ཁྱོད་ཀྱིས་མྱུར་དུ་ཁྱོད་ལ་ཡར་ཐོན་བྱུང་ཡོད་པ་ཤེས་ཐུབ་ལ་དེ་བས་སྟོབས་དང་ལྡན་པར་མ་ཟད།ད་དུང་ཚོར་བ་དེ་བས་སྔར་ལས་བཟང་བ་ཡོང་གི་རེད། 


这里有一些非常好的步行技巧


  • 少量多次往往是最好的。把步行10分钟作为首次目标,即使只是绕着小区走几圈也很好。或者每天为自己设定一个小目标,走到花园/下一个路灯,或者别的建筑物,达成目标后的成就感是巨大的!

  • 试着每天走两次短途一开始你可能感觉像是“拖着双腿走路”,但坚持下去,你会发现它不那么难了。

  • 随着慢慢恢复,最终你每天能步行20分钟以上。

  • 在化疗期间,你可能会发现有些日子也不那么难熬。即使你不喜欢走路也要坚持下去。即使你真的觉得累了,为了能到外面呼吸一些新鲜空气,也要试着去花园或当地的公园溜达溜达。

  • 计步器或步行应用程序是有用的,可以激励和鼓励你进步。

  • 不要把每天1万步设为目标,而要看看如何每天增加步数从每天增250-500步开始。例如,如果你第一天走了1500步,第二天的目标可以是2000步。

  • 显而易见的是,穿运动鞋不仅比较舒服,还能提供较好的抓地力,能帮助你走得更快,而且比其他鞋更安全。即使你只是在街上转悠,系鞋带也能让你感觉更有意义、更加自信。

  • 走路姿势要端正,抬头挺胸避免弯腰驼背或挺肚子。昂首挺胸的走路姿势可以很好地锻炼核心肌群。

  • 找家人或朋友陪伴和鼓励安排一个特定的时间与朋友见面,会帮助你坚持到下一个计划。

  • 如果一个人出去,请带上手机。

  • 当你变得更强壮、更健康时,试着走得更快,这样你的心率就会增加,并且你会感觉到更健康。

  • 最难的部分是出门。所以,即使在你不想出门的时候,也要给自己一点鼓励。那些恰恰是你最需要 出门活动的日子。

  • ཉུང་ཉུང་ཐེངས་མང་ནི་ཆེས་བཟང་བ་ཡིན། རྐང་ཐང་སྐར་མ་༡༠དེ་ཐོག་མའི་དམིགས་ཡུལ་ལ་བརྩིས་ནས་སྡེ་ཁུལ་ལ་སྐོར་བ་འགའ་བརྒྱབ་ནའང་ཧ་ཅང་ཡག། ཡང་ན་ཉིན་རེར་རང་ཉིད་ལ་དམིགས་ཚད་ཆུང་ཆུང་ཞིག་བཟོས་ནས་མེ་ཏོག་ལྡུམ་རར་བསྐྱོད་པའམ་ཡང་ན་ལམ་སྒྲོན་རྗེས་མ་།ཡང་ན་འཛུགས་སྐྲུན་དངོས་པོ་གཞན་དག་ཞིག།དམིགས་ཡུལ་གྲུབ་རྗེས་གྲུབ་འབྲས་ཐོབ་པའི་ཚོར་བ་ནི་ཧ་ཅང་ཆེ། 

  • ཉིན་རེར་ལམ་ཐག་ཐུང་ཐུང་ལ་ཐེངས་གཉིས་འགྲོ་བ་ཚོད་ལྟ་བྱེད་དགོས། དང་ཐོག་ཁྱོད་ཀྱིས་རྐང་པ་གཉིས་འདྲུད་ནས་འགྲོ་བ་ལྟ་བུའི་སྣང་བ་སྟེར་མོད།འོན་ཀྱང་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ན།ཁྱོད་ཀྱིས་དེ་ནི་དེ་འདྲའི་ཁག་པོ་ཞིག་མིན་པ་ཤེས་ཐུབ། 

  • རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས།ཁྱོད་ཀྱིས་ཉིན་རེར་སྐར་མ་༢༠ལྷག་རྐང་ཐང་ལ་འགྲོ་ཐུབ་ཀྱི་རེད། 

  • རྫས་འགྱུར་སྨན་བཅོས་བྱེད་པའི་སྐབས་སུ།ཁྱོད་ཀྱིས་ཉིན་འགའ་ཤས་ཡང་ཁག་པོ་མིན་པ་ཤེས་ཐུབ། རྐང་ཐང་ལ་འགྲོ་བར་མི་དགའ་རུང་རྒྱུན་འཁྱོངས་བྱེད་དགོས། ངོ་མ་ཐང་ཆད་ནའང་ཕྱི་ལ་ཕྱིན་ནས་མཁའ་རླུང་གསར་པ་འབྱིན་རྔུབ་བྱེད་པའི་ཆེད་དུ་རྒྱུན་འཁྱོངས་བྱེད་དགོས།མེ་ཏོག་ལྡུམ་རྭ་དང་ཡང་ན་ས་ཆ་དེ་གའི་སྤྱི་གླིང་དུ་འཆམ་འཆམ་ལ་འགྲོ་བར་ཚོད་ལྟ་བྱེད་དགོས། 

  • གོམ་པ་རྩིས་ཆས་སམ་རྐང་ཐང་ཉེར་སྤྱོད་ཀྱི་appནི་ཕན་ཐོགས་ཡོད་པ་ཡིན་པས།དེས་ཁྱོད་རང་ཡར་རྒྱས་ཡོང་བར་སྐུལ་མ་གཏོང་ཐུབ། 

  • ཉིན་རེར་གོམ་པ་ཁྲི་1རེ་དམིགས་ཡུལ་དུ་མ་འཇོག་པར་ཇི་ལྟར་ཉིན་རེར་གོམ་གྲངས་འཕར་སྣོན་ཡོང་བར་བལྟ་དགོས། ཉིན་རེར་གོམ་པ་༢༥༠ནས་༥༠༠བར་འཕར་འགོ་ཚུགས་ནས། དཔེར་ན།གལ་ཏེ་ཁྱོད་ཀྱིས་ཉིན་དང་པོར་གོམ་པ་༡༥༠༠བསྐྱོད་ན།ཉིན་གཉིས་པར་དམིགས་ཡུལ་ནི་༢༠༠༠ཡིན། 

  • མངོན་གསལ་དོད་པོ་ཞིག་ནི་།ལུས་རྩལ་ལྷམ་གྱོན་ན་བདེ་པོ་ཡོད་པ་མ་ཟད།ད་དུང་ས་འཛིན་ནུས་པ་འདོན་སྤྲོད་བྱེད་ཐུབ་པས་ཁྱེད་རང་མགྱོགས་པོའི་ངང་བསྐྱོད་ཐུབ་པ་མ་ཟད་ལྷམ་གཞན་དག་ལས་དེ་བས་བདེ་འཇགས་ཡོད། སྲང་ལམ་དུ་འཆམ་འཆམ་དུ་སོང་ནའང་ལྷམ་སྒྲོག་བཅིངས་ན་ཁྱོད་ལ་སྔར་ལས་དོན་སྙིང་ལྡན་པ་དང་སྔར་ལས་ཡིད་ཆེས་ཡོད་པའི་ཚོར་བ་སྟེར།

  • ཁྱིམ་མི་དང་གྲོགས་པོ་བཙལ་ནས་རོགས་པ་དང་སྐུལ་མ་བྱེད་པ། དམིགས་བསལ་གྱི་དུས་ཚོད་བཀོད་སྒྲིག་བྱས་ནས་གྲོགས་པོ་དང་ཐུག་འཕྲད་བྱས་ཚེ་རང་ལ་འཆར་གཞི་རྗེས་མ་རྒྱུན་འཁྱོངས་བྱེད་ཐུབ། 

  • གལ་ཏེ་མི་གཅིག་པུ་ཕྱི་ལ་འགྲོ་ན།ཁ་པར་འཁྱེར་དགོས། 

  • རང་དེ་བས་སྟོབས་ཆེར་འགྲོ་བ་དང་དེ་བས་བདེ་ཐང་ཡོང་སྐབས་དེ་བས་མགྱོགས་པ་འགྲོ་བའི་ཚོད་ལྟ་བྱེད་དགོས།དེ་ལྟར་བྱས་ཚེ་རང་གི་སྙིང་ཚད་ཇེ་མཐོར་འགྲོ་གི་ཡོད་པ་མ་ཟད།རང་ལ་དེ་བས་བདེ་ཐང་ཡོང་བའི་ཚོར་སྣང་ཡོང་གི་ཡོད། 

  • ཆེས་ཁག་ཤོས་ནི་ཕྱི་ལ་འགྲོ་རྒྱུ་དེ་རེད། དེར་བརྟེན་ཁྱོད་ཕྱི་ལ་འགྲོ་མི་འདོད་ནའང་རང་ཉིད་ལ་སྐུལ་མ་གཏོང་དགོས། དེ་ནི་ཏག་ཏག་ཁྱོད་ཕྱི་ལ་ཕྱིན་ནས་འགུལ་སྐྱོད་བྱེད་དགོས་པའི་དུས་ཚོད་རེད། 


图片