您的位置:首页> 科普宣传 > >

护理肝癌患者的8大“秘籍”

发布时间:2022-05-09 12:50:23 来源:西藏康城肿瘤医院 阅读:0
图片

肝癌患者在深受疾病折磨的同时,在治疗过程中也承受着极大的治疗反应带来的痛苦。不仅给患者的正常生活造成严重困扰,甚至影响了患者的心理健康。如何减少患者身心折磨?家属的正确日常家庭护理尤为重要。

མཆིན་སྐྲན་ཕོག་པའི་ནད་པར་ནད་ཀྱིས་མནར་བ་དང་ཆབས་ཅིག་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡང་སྨན་བཅོས་འགྱུར་འབྱུང་གིས་བསྐྱེད་པའི་སྡུག་བསྔལ་མང་པོ་མྱོང་བཞིན་ཡོད། ནད་པའི་རྒྱུན་ལྡན་གྱི་འཚོ་བར་དཀའ་ངལ་ཚབས་ཆེན་བཟོས་པ་མ་ཟད།ཐ་ན་ནད་པའི་སེམས་ཁམས་བདེ་ཐང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ནད་པའི་ལུས་སེམས་ལ་མནར་གཅོད་གཏོང་བ་ཇི་ལྟར་ཇེ་ཉུང་དུ་གཏོང་དགོས་སམ། ཁྱིམ་མིའི་ཡང་དག་པའི་རྒྱུན་ལྡན་གྱི་ཁྱིམ་ཚང་གི་ནད་གཡོག་ནི་ཧ་ཅང་གལ་ཆེ།




图片


01

营造温馨舒适的环境

一个温馨、 舒适、整洁的环境,更有利于患者身心放松。家属可以在患者的房间布置一些鲜花,贴画等,同时保证房间空气清新、温湿度适宜,每天做好消毒工作,经常为患者晾晒被褥,预防压疮。


02

心理方面的护理

家属应多和患者进行沟通交流,在患者出现悲观沮丧情绪时,应给予患者支持和激励,帮助患者树立自信心。


03

饮食方面的护理

家属应特别注意肝癌患者的饮食,在确保营养均衡的前提下以清淡为主,少脂肪,低盐,不吃刺激性的食物。


多吃富含优质蛋白和优质脂肪酸的食物,保证一定量的碳水化合物和维生素的摄入量。

此外,家属应让患者适量的吃一些粗纤维的食物,多饮水,这样可以有效预防肝癌患者出现便秘。


04

副作用的护理

肝癌患者在用药后可能会出现一些副作用,比如服用靶向药物,最常见的就是身上长痘痘、出皮疹,这时家属应避免用过热的水为患者清洁皮肤。切记防止患者用手去抓患处,抓破了出现感染会更加麻烦。要保持皮肤的清洁和滋润,太干燥时可为患者适当涂些没有刺激性的润肤霜。


如果是严重副作用,家属应及时到医院处理,进行有效的治疗。


05

娱乐生活方面的护理

家属可以给肝癌患者开展一些娱乐活动,如听音乐、看电影、读书等方式可以很好的分散患者的注意力,有效缓解肝癌患者内心的孤单感,减少不良情绪的产生。


可以轻微活动的患者, 家属可陪他们慢走、散步、活动筋骨, 以不过度为宜。


06

创设良好的家庭氛围

患者家属之间要团结,跟患者多报告好消息,分享一些生活趣事,让他们从心理上感受到家庭的温暖,家人才是他们最亲最可信赖的人。



07

日常护理方面

家属可以适当地给予患者按摩、泡脚、修剪指甲、洗头等护理,帮助其改善生活质量,同时让患者多喝水,这样可以促进代谢产物排泄,预防便秘。



08

疼痛护理

疼痛是晚期肝癌最常见的合并症, 持续性的疼痛会对患者造成强烈的身心折磨。这时候家属可以尝试在医生护士的指导下,给患者热敷、冷敷、按摩等。可适当为患者播放轻音乐、民乐、以及贝多芬命运交响曲等, 使患者放松身心。

科学的护理不仅可以改善肝癌症患者的生理功能和生存质量,还可以提高生存率、延长生存期。


༠༡

དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་ཁོར་ཡུག་བསྐྲུན་དགོས་པ། 

དྲོ་སྐྱིད་ལྡན་པ་དང་།སྐྱིད་སྣང་དོད་པ།གཙང་སྦྲ་དོད་པ་བཅས་ཀྱི་ཁོར་ཡུག་གིས་ནད་པའི་ལུས་སེམས་ལྷོད་ལ་འབབ་རྒྱུར་ཕན་པ་ཡོད། ཁྱིམ་མིས་ནད་པའི་ཁང་པའི་ནང་མེ་ཏོག་སོས་པ་དང་རི་མོ་སྦྱར་བ་སོགས་བྱེད་པ་དེ་དང་ཆབས་ཅིག་ཁང་པའི་མཁའ་རླུང་གཙང་བ་དང་དྲོད་ཚད་འཚམ་པོ་ཡོང་བའི་འགན་ལེན་བྱས་ཏེ་ཉིན་ལྟར་དུག་སེལ་ལས་དོན་ཡག་པོ་སྒྲུབ་པ་དང་རྟག་ཏུ་ནད་པར་ཉལ་ཆས་སྐམ་ནས་རྨ་གནོན་སྔོན་འགོག་བྱེད་དགོས།


༠༢

སེམས་ཁམས་ཐད་ཀྱི་ནད་གཡོག་།

ཁྱིམ་མིས་ནད་པ་དང་འབྲེལ་འདྲིས་མང་ཙམ་བྱེད་དགོས།ནད་པར་སྐྱོ་སྣང་ཀྱི་བསམ་ཚུལ་བྱུང་དུས།རྒྱབ་སྐྱོར་དང་སྐུལ་སློང་བྱས་ཏེ།ནད་པར་ཡིད་ཆེས་ཀྱི་བསམ་པ་སྐྱེད་དུ་འཇུག་དགོས། 


༠༣

བཟའ་བཏུང་ཐད་ཀྱི་ནད་གཡོག་།

ཁྱིམ་མིས་མཆིན་སྐྲན་གྱི་ནད་པའི་བཟའ་བཏུང་ལ་དོ་སྣང་བྱ་དགོས་ཤིང་།འཚོ་བཅུད་དོ་མཉམ་ཡོང་བར་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཞག་ཚི་ཉུང་བ་གཙོ་བོར་འཛིན་པ་དང་།ཚིལ་ཉུང་བ།ཚྭ་ཉུང་བ།ཟུག་གཟེར་རང་བཞིན་གྱི་ཟས་རིགས་མི་ཟ་བ།

སྤུས་ལེགས་སྤྲི་དཀར་དང་སྤུས་ལེགས་ཚིལ་སྐྱུར་འདུས་པའི་ཟས་རིགས་མང་དུ་ཟོས་ཏེ།ཐན་ཆུའི་འདྲེས་སྦྱོར་དངོས་རྫས་དང་འཚོ་རྒྱུ་མང་ཉུང་གི་ཚད་ལ་ཁག་ཐེག་བྱེད་དགོས།

གཞན་ཡང་ཁྱིམ་མིས་ནད་པ་ལ་ཚི་སྣའི་ཟས་རིགས་འོས་འཚམ་ཞིག་ཟ་རུ་བཅུག་སྟེ།ཆུ་མང་དུ་འཐུང་དུ་འཇུག་དགོས།དེ་ལྟར་བྱས་ན་མཆིན་པའི་སྐྲན་གྱི་ནད་པར་བཤང་འགགས་འབྱུང་བར་སྔོན་འགོག་བྱེད་པར་ཕན་པ་ཡོད། 


༠༤

ཞོར་སྐྱོན་གྱི་ནད་གཡོག་།

མཆིན་སྐྲན་གྱི་ནད་པས་སྨན་འཐུང་རྗེས་ཞོར་སྐྱོན་ཁ་ཤས་འབྱུང་སྲིད་དེ།དཔེར་ན།འབེན་ཕྱོགས་སྨན་རྫས་འཐུང་ན།རྒྱུན་དུ་མཐོང་བ་ནི་ལུས་སྟེང་འབུར་རྡོག་སྐྱེས་པ་དང་པགས་འབྲུམ་འབྱུང་བ་དེ་ཡིན།སྐབས་དེར་ཁྱིམ་མིས་ཚ་དྲགས་པའི་ཆུ་ཡིས་ནད་པའི་སྐྱི་པགས་གཙང་སྦྲ་བྱེད་མི་རུང། ནད་པས་ལག་པས་རྨ་ཁ་ལ་མི་ཕོག་པར་བྱ་དགོས། གལ་ཏེ་རྨ་ཁ་བཟོས་ན་འགོས་ནད་བྱུང་ན་སྔར་ལས་དཀའ་ལས་ཆེ། སྐྱི་པགས་ཀྱི་གཙང་སྦྲ་དང་བརླན་བཤེར་རྒྱུན་འཁྱོངས་བྱེད་དགོས།སྐམ་ཤས་ཆེ་བའི་སྐབས་སུ་ནད་པར་འོས་འཚམ་གྱིས་ཟུག་གཟེར་མེད་པའི་ངོ་སྣུམ་བྱུགས་ཆོག།

གལ་ཏེ་ཞོར་སྐྱོན་ཚབས་ཆེན་ཡིན་ན།ཁྱིམ་མི་དུས་ལྟར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས། 


༠༥

རོལ་རྩེད་འཚོ་བའི་ཐད་ཀྱི་ནད་གཡོག་།

ཁྱིམ་མིས་མཆིན་སྐྲན་གྱི་ནད་པར་རོལ་རྩེད་བྱེད་སྒོ་འགའ་སྤེལ་ཆོག་སྟེ།དཔེར་ན་གླུ་དབྱངས་ཉན་པ་དང་།གློག་བརྙན་ལྟ་བ།དཔེ་ཆ་ཀློག་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ནད་པའི་དོ་སྣང་བྱ་ཡུལ་ཁ་ཐོར་དུ་གཏོང་ཐུབ་པས།འབྲས་སྐྲན་གྱི་ནད་པའི་ནང་སེམས་ཀྱི་ཁེར་རྐྱང་གི་ཚོར་བ་ཇེ་ཆུང་དུ་གཏོང་བ་དང་།སེམས་ཁམས་མི་ལེགས་པ་འབྱུང་བར་སྔོན་འགོག་བྱེད་ཐུབ། 

འགུལ་སྐྱོད་ཕྲན་ཙམ་བྱས་ཆོག་པའི་ནད་པའི་ནང་མིས་ཁོང་ཚོར་ག་ལེར་འགྲོ་བ་དང་།འཆམ་འཆམ་དུ་འགྲོ་བ།འགུལ་སྐྱོད་བྱེད་པ་བཅས་བྱས་ཆོག་ཅིང་།ཚད་ལས་བརྒལ་བ་མི་ཡོང་བ་བྱས་ན་འཚམ་པོ་ཡོད། 


༠༦  

ཁྱིམ་ཚང་གི་ངང་ཚུལ་བཟང་པོ་བསྐྲུན་དགོས།

ནད་པའི་ནང་མིའི་བར་དུ་མཐུན་སྒྲིལ་བྱེད་དགོས་ཤིང་།ནད་པར་གཏམ་བཟང་མང་ཙམ་ཞུ་བ་དང་།འཚོ་བའི་སྐོར་གྱི་དགོད་བྲོ་བའི་བྱ་བ་འགའ་མཉམ་སྤྱོད་བྱས་ཏེ།ཁོང་ཚོར་སེམས་ཁམས་ཐོག་ནས་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་དུ་འཇུག་དགོས།ཁྱིམ་མི་ནི་ཁོང་ཚོའི་ཆེས་སྙིང་ཉེ་ཤོས་དང་ཆེས་བློས་འཁེལ་ཤོས་ཀྱི་མི་ཡིན། 


༠༧

ཉིན་རྒྱུན་གྱི་ནད་གཡོག་ཐད།

ཁྱིམ་མིས་འོས་འཚམ་གྱི་སྒོ་ནས་ནད་པར་འཕུར་མཉེད་དང་།རྐང་བ་སྦངས་པ།སེན་མོ་འབྲེག་པ།མགོ་བཀྲུ་བ་སོགས་ཀྱི་ནད་གཡོག་བྱས་ཏེ།ནད་པའི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་རོགས་རམ་བྱེད་པ་དང་ཆབས་ཅིག་ནད་པར་ཆུ་མང་ཙམ་འཐུང་དུ་འཇུག་དགོས།དེ་ལྟར་བྱས་ན་རྙིང་ཚབ་གསར་བྱེད་ཀྱི་ཐོན་དངོས་ཕྱིར་འབུད་པར་སྐུལ་འདེད་དང་བཤང་འགག་པར་སྔོན་འགོག་བྱེད་ཐུབ། 


༠༨

ན་ཟུག་ནད་གཡོག་།

ན་ཟུག་ནི་དུས་མཇུག་སྐྲན་གྱི་རྒྱུན་མཐོང་གི་མཉམ་འདུས་ནད་ཅིག་ཡིན་པ་དང་།རྒྱུན་མཐུད་རང་བཞིན་གྱི་ན་ཟུག་གིས་ནད་པའི་ལུས་སེམས་ལ་མནར་གཅོད་དྲག་པོ་ཐེབས་ཀྱི་ཡོད། སྐབས་འདིར་ཁྱིམ་མིས་སྨན་པ་དང་ནད་གཡོག་གི་མཛུབ་སྟོན་འོག་ནད་པར་དྲོད་བཅོས་དང་གྲང་བཅོས།འཕུར་མཉེད་སོགས་བྱས་ཆོག། འོས་འཚམ་གྱི་སྒོ་ནས་ནད་པར་འཇམ་སྙན་རོལ་དབྱངས་དང་།དམངས་ཁྲོད་རོལ་མོ།པེ་ཏོ་ཧྥུན་གྱི་ལས་དབང་མཉམ་སྒྲོག་རོལ་དབྱངས་སོགས་བསྟན་ནས་ནད་པའི་ལུས་སེམས་ལྷོད་ལ་འབབ་ཏུ་འཇུག་དགོས།

ཚན་རིག་གི་བདག་སྐྱོང་གིས་མཆིན་སྐྲན་ནད་ཕོག་མཁན་གྱི་ལུས་ཁམས་ཀྱི་བྱེད་ནུས་དང་འཚོ་གནས་ཀྱི་སྤུས་ཀ་ལེགས་བཅོས་བྱེད་ཐུབ་པ་མ་ཟད།ད་དུང་འཚོ་སྡོད་ཀྱི་ཚད་མཐོར་འདེགས་དང་འཚོ་སྡོད་ཀྱི་དུས་ཡུན་ཇེ་རིང་དུ་གཏོང་ཐུབ། 



来源: 复旦肿瘤医院微创治疗中心 

版权归原作者所有,如有侵权,请联系我们修改或删除,联系电话:6555704