您的位置:首页> 医院动态 > >

西藏康城肿瘤医院2022年“凝心聚力 迎战未来”迎新晚会圆满落幕

发布时间:2023-01-23 12:19:11 来源:西藏康城肿瘤医院 阅读:0


图片
图片

这一刻

连接着康城肿瘤医院的过去与未来

凝结着康城人的收获与希望

这一刻

我们有一个共同的情感纽带

图片

2022年“凝心聚力 迎战未来”

西藏康城肿瘤医院新年晚会

看康城职工如何用自己的方式

演绎梦想与收获

དུས་འདི་ལ།

ཁང་ཁྲེང་སྐྲན་ནད་སྨན་ཁང་གི་འདས་ཟིན་པ་དང་མ་འོངས་པ་འབྲེལ་མཐུད་བྱེད།

ཁང་ཁྲེང་ལས་མིའི་གྲུབ་འབྲས་དང་རེ་བ་འདུས་ཡོད།

དུས་འདི་ལ།

ང་ཚོར་ཐུན་མོང་གི་བརྩེ་དུང་གི་འབྲེལ་ཐག་ཅིག་ཡོད། 

༢༠༢༢ལོའིསེམས་ནུས་གཅིག་སྒྲིལ་གྱིས་འབྱུང་འགྱུར་ལ་དམག་འཐབ་བྱེད

བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ལོ་གསར་དགོང་ཚོགས།

ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ལས་མི་ཚོས་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕུགས་འདུན་དང་གྲུབ་འབྲས་འཁྲབ་སྟོན་བྱེད་པར་ལྟ་བ། 

图片     

   1月21日晚,西藏康城肿瘤医院的多功能会议厅内歌声飞扬,舞姿蹁跹,由医院精心打造的职工新年晚会隆重举行。怀揣着梦想的康城人以艺术的形式展现了医务工作者蓬勃向上的精神风貌、团结奋进、服务大众健康的远大抱负,上演了一幕幕关于青春、关于梦想、关于医患情的难忘画面。

     阜康医疗股份有限公司党委书记、董事长王斌先生,阜康医疗股份有限公司董事长助理陈彬,阜康专职党委副书记、康城肿瘤医院院长刘连福,副院长多杰太,财务总监李勇,人力资源总监王险峰,院长助理贾红英与150余名西藏康城肿瘤医院职工欢聚一堂,一同欣赏了精彩的文艺演出。

        ཟླ་༡པོའི་ཚེས་༢༡ཉིན་གྱི་དགོང་མོ།བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ནུས་མང་གྲོས་ཚོགས་ཁང་དུ་གླུ་སྐད་སྙན་པོ་གྲགས་ཞིང།ཞབས་བྲོའི་སྟངས་སྟབས་ལྡེམ་མྱུར་ལྡན།སྨན་ཁང་གིས་ཞིབ་ཚགས་ངང་བཀོད་སྒྲིག་བྱས་པའི་ལས་མིའི་ལོ་གསར་དགོང་ཚོགས་གཟབ་རྒྱས་ངང་སྤེལ།། ཕུགས་འདུན་བཅངས་པའི་ཁང་ཁྲེང་ལས་མིས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྨན་དོན་མི་སྣ་ཡར་ངོའི་ཟླ་བཞིན་ཡར་རྒྱས་འགྲོ་བའི་བསམ་པའི་ཉམས་འགྱུར་དང་།མཐུན་སྒྲིལ་ཡར་བརྩོན།མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་འདུན་པ་ཆེན་པོ་མཚོན་པར་བྱས་ནས་ལང་ཚོའི་སྐོར་དང།ཕུགས་འདུན་སྐོར།སྨན་པ་དང་ནད་པའི་གནས་ཚུལ་སྐོར་བཅས་བརྗེད་པར་དཀའ་བའི་རྣམ་པ་རེ་རེ་འཁྲབ་སྟོན་བྱས།

        ཧྥུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་སྐུ་ཞབས་ཝང་པིན། ཧྥུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གི་རམ་འདེགས་པ་ཁྲེན་པིན་།ཧྥུ་ཁང་ཆེད་བསྐོས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཡོན་ཀྲང་ལིའུ་ལན་ཕུའུ།ཡོན་ཀྲང་གཞོན་པ་རྡོ་རྗེས་ཐའེ།ནོར་དོན་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཡུང་།མི་ཤུགས་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཝང་ཉེན་ཧྥེང་།ཡོན་ཀྲང་གི་རམ་འདེགས་པ་ཅ་ཧུང་དབྱིང་བཅས་དང་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ལས་མི་༡༥༠ལྷག་ཙམ་མཉམ་དུ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།

图片

图片

图片

     阜康医疗股份有限公司党委书记、董事长王斌先生热情亲切的表达对职工们的问候,并对西藏康城肿瘤医院成果进行了总结。董事长肯定了过去一年里的努力与收获,同时对职工们提出了新的希望和要求,展望未来,我们前景美好,我们任重道远,希望全院上下一心、团结奋斗,为了医院美好的明天努力工作。最后希望大家今晚尽情欢唱!祝愿大家在新的一年里万事如意,身体健康,阖家欢乐!在董事长话语中,我们感受到了温暖,体会到了董事长对我们殷切的期望与祝福。

      ཧྥུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་སྐུ་ཞབས་ཝང་པིན་གྱིས་སྤྲོ་སེམས་འཁོལ་བའི་ངང་ལས་མི་ཚོར་འཚམས་འདྲི་ཞུས་པ་དང། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་གྲུབ་འབྲས་ལ་ཕྱོགས་སྡོམ་ཡང་བྱས་པ་རེད། ཏུང་ཧྲི་ཀྲང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་འབད་བརྩོན་དང་གྲུབ་འབྲས་ལ་ཁས་བླངས་པ་དང་ཆབས་ཅིག་ལས་མི་ཚོར་རེ་བ་དང་བླང་བྱ་གསར་པ་བཏོན་པ་།ཁོང་གིས་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ་ང་ཚོའི་མདུན་ལམ་མཛེས་སྡུག་ལྡན་པ་དང་།ང་ཚོའི་ལས་འགན་ལྕི་ཞིང་ལམ་ཐག་རིང་བས།སྨན་ཁང་ཡོངས་ཀྱི་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་འབད་འཐབ་བྱས་ནས་སྨན་ཁང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད། མཇུག་མཐར་ཚང་མས་དོ་དགོང་དགའ་སྤྲོའི་ངང་ནས་གླུ་ལེན་པར་སྨོན། ལྷན་རྒྱས་ལོ་གསར་པའི་ནང་བྱ་བ་ལམ་ལྷོངས་དང་།སྐུ་གཟུགས་བདེ་ཐང་།ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིནཅེས་གསུངས་པ་རེད། ཁོང་གི་སྐད་ཆའི་ཁྲོད་ནས་ང་ཚོར་་དྲོ་སྐྱིད་ཚོར་བ་དང་ཁོང་གིས་ང་ཚོར་རེ་བ་ཆེན་པོ་དེ་བཞིན་སྨོན་འདུན་ཞུས་པ་མྱོང་ཚོར་ཐུབ་བྱུང་།

图片

      阜康专职党委副书记、西藏康城肿瘤医院院长刘连福为晚会致辞,他表示,在新的一年里,我们要继续坚守医院应有的责任和担当,以患者和职工满意为目标,以中流击水、浪遏飞舟的勇气,以半山破土、路达天穹的信心,不断改善诊疗环境,不断厚植成长土壤,不断增强人文关怀,为打造“高质量 有温度、负责任的肿瘤医院”执梦前行,新的一年,愿我们所得皆所愿,所行皆坦途。衷心祝福大家,新年快乐,身体健康、工作顺利、扎西德勒!

     ཧྥུ་ཁང་ཆེད་བསྐོས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཡོན་ཀྲང་ལིའུ་ལན་ཕུའུ་ཡིས་དགོང་ཚོགས་ལ་སྨོན་ཚིག་འབུལ་བ་དང་། ཁོང་གིས་ལོ་གསར་པའི་ནང་། ང་ཚོས་མུ་མཐུད་ནས་སྨན་ཁང་ལ་འཁུར་དགོས་པའི་འགན་འཁྲི་དང་འགན་ཁུར་བརྟན་སྲུང་བྱས་པ། ནད་པ་དང་ལས་མིའི་བློ་ཡིད་ཚིམས་པོ་ཡོང་རྒྱུ་དམིགས་ཚད་དུ་བྱེད་པ་།བློ་སྟོབས་ཆེན་པོས་མདུན་སྐྱོད་།ཡིད་ཆེས་བརྟན་པོ་ལ་བརྟེན་ནས་སྨན་བཅོས་ཁོར་ཡུག་རྒྱུན་མི་ཆད་པར་ལེགས་སུ་གཏོང་བ།འཚར་ལོངས་ཀྱི་ཁོར་ཡུག་རྒྱུན་མི་ཆད་པར་ལེགས་སུ་གཏོང་བ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སེམས་ཁུར་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས“སྤུས་ཚད་མཐོ་ལ་དྲོད་ཚད་ལྡན་པ་དང་འགན་འཁུར་བའི་སྐྲན་ནད་སྨན་ཁང་”གཏོད་པའི་ཕུགས་འདུན་སྒྲུབ་ཆེད་མདུན་སྐྱོད་བྱེད་དགོས། སྙིང་ཐག་པ་ནས་ལྷན་རྒྱས་ལ་ལོ་གསར་སྤྲོ་པོ་དང་།སྐུ་གཟུགས་བདེ་ཐང་།ལས་དོན་ལམ་ལྷོངས་།བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

图片

     随后,西藏大学附属阜康医院副院长多杰太为晚会致辞,他表示,我们应积极应对健康新挑战,主动顺应发展新趋势,始终牢记“以人为本,生命至上”,用我们的知识和良知为人类健康服务的使命不断发扬光大,以更宽广的胸襟和更强的服务社会能力,更好地服务于百姓民生,最后,衷心祝愿大家新春快乐、平安健康、和顺致祥、幸福美满!

  དེ་རྗེས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཧྥུ་ཁང་སྨན་ཁང་གི་ཡོན་ཀྲང་གཞོན་པ་རྡོ་རྗེ་ཐར་གྱིས་དགོང་ཚོགས་ལ་སྨོན་ཚིག་འབུལ་བ་དང་། ཁོང་གིས་ང་ཚོས་བདེ་ཐང་གི་འགྲན་སློང་གསར་པར་ཁ་གཏད་ཧུར་ཐག་འཇལ་དགོས། རང་འགུལ་ངང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་བསྟུན་པ་དང་།ཐོག་མཐའ་བར་གསུམ་དུ“མི་གཙོ་བོར་འཛིན་པ།ཚེ་སྲོག་བླ་ན་མེད་པ་”བློ་ལ་བརྟན་པོ་ངེས་པ།ང་ཚོའི་ཤེས་བྱ་དང་སྤྱོད་བཟང་ལ་བརྟེན་ནས་མིའི་རིགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་ལས་འགན་རྒྱུན་མི་ཆད་པར་དར་སྤེལ་ཤུགས་ཆེན་གཏོང་བ།བློ་རྒྱ་དེ་བས་ཡངས་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་བཅས་བྱེད་དགོས་། མཇུག་ཏུ། ཚང་མར་དཔྱིད་གསར་དུས་ཆེན་ལ་སྤྲོ་པོ་དང་།ཞི་མཐུན་བདེ་སྐྱིད་།བདེ་སྐྱིད་ཕུན་སུམ་ཚོགས་པ་བཅས་ཡོང་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།



图片

纪念

图片

图片

图片

图片

    2020年初,一群青年俊杰带着梦想和憧憬,投身到医院的前期筹建中,开诊之初,物资短缺、条件艰苦,他们用汗水和智慧换来了门诊量、住院量的节节攀升,从2020813日开业至今,可谓是在坎坷中成长,在成长中感恩。

     ༢༠༢༠ལོའི་ལོ་འགོར།གཞོན་ནུ་དཔའ་བོ་ཁག་གཅིག་གིས་ཕུགས་འདུན་དང་རེད་སྨོན་བཅངས་ནས་སྨན་ཁང་གི་དུས་འགོའི་གྲབས་འཛུགས་ཁྲོད་ཞུགས་པ་དང།སྨན་བཅོས་བྱེད་འགོ་ཚུགས་མ་ཐག་དངོས་ཟོག་དཀོན་པ་དང་ཆ་རྐྱེན་དཀའ་ཚེགས་ཆེ་བས་ཁོང་ཚོས་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་སྒོ་བསྟེན་སྨན་བཅོས་དང་སྨན་ཁང་དུ་སྡོད་ཚད་རིམ་བཞིན་མང་དུ་སོང་བ་།༢༠༢༠ལོའི་ཟླ་༨ཚེས་༡༣ཉིན་ལས་འགོ་བཙུགས་པ་ནས་ད་བར་ཀྱག་ཀྱོག་ཁྲོད་འཚར་ལོངས་བྱུང་བ་དང་འཚར་ལོངས་ཁྲོད་དྲིན་ཚོར་བ་ཞིག་རེད་ཅེས་བརྗོད་ཆོག།


图片

开场表演 《 喜相会》

图片

图片

    防疫一线的导医组带来的舞蹈《喜相会》拉开了晚会的序幕,热情洋溢的舞蹈,点燃了晚会气氛,精彩的文艺节目接踵而至。

       རིམས་འགོག་འཐབ་ཕྱོགས་དང་པོའི་སྨན་བཅོས་སྣེ་ཁྲིད་ཚོགས་ཆུང་གིས་ཞབས་བྲོ་<<དགའ་འཛོམས།>>ཞེས་པ་དེས་མཚན་ཚོགས་ཀྱི་འགོ་ཚུགས་ཤིང་སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོའི་ཐོག་ནས་དགོང་ཚོགས་ཀྱི་རྣམ་པ་མངོན་པ་དང་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་ཐོན་ཞིང་ཡོད།

图片

《唱支山歌给党听》

图片

图片

     后勤部为大家选送的一首经典老歌《唱支山歌给党听》,充分展示了西藏康城肿瘤医院职工们昂扬向上的精神风貌。

        རྒྱབ་ཕྱོགས་འགས་ལེན་པུས་ཀྱིས་ཚང་མར་བདམས་པའི་གཞས་རྙིང་པ་གླུ་ཞིག་བླངས་ནས་ཏང་ལ་ཕུལ་བཞེས་པ་དེའི་ཐོག་ནས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ལས་མིའི་ཚོས་དཔའ་ངར་ཆེན་པོས་ཡར་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་རེད།

图片

《印度舞》

图片

图片

护理部和静配中心的两位小姐姐为大家献上了充满异域风情的的印度舞。

ནད་ཞབས་པུའུ་དང་ལྷིང་འཇགས་སྡེབ་སྒྲིག་ལྟེ་གནས་ཀྱི་མཛེས་མ་གཉིས་ཀྱིས་ཚང་མར་ཡུལ་སྲོལ་གོམས་གཤིས་མི་འདྲ་བས་ཁེངས་པའི་རྒྱ་གར་ཞབས་བྲོ་ཕུལ།

图片

《洗衣歌》

图片

图片

    肿瘤外科为大家献上一支羽衣蹁跹、韵味十足的藏舞,充分体现出我院人才济济,赢得全场观众的好评。

      སྐྲན་ནད་ཕྱི་ནད་ཚན་ཁག་གིས་ཚང་མར་སྒྲོ་སྤུའི་གྱོན་ཆས་དང་ཕུན་སུམ་ཚོགས་པའི་བོད་ཀྱི་ཞབས་བྲོ་ཞིག་ཕུལ་བ་དེ་ཐོག་ནས་ངེད་སྨན་ཁང་གི་ཤེས་ལྡན་མི་སྣ་འཛོམས་པ་གང་ལེགས་མཚོན་པ་དང་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་གདེང་འཇོག་ཡག་པོ་ཐོབ་ཡོད།

图片

《真心英雄》

图片

图片

      手术室和医技科室为大家展示医务工作者的无私奉献,盛赞在艰苦鏖战中涌现出的无数个平凡英雄,他们是独一无二的《真心英雄》。

           གཤགས་བཅོས་ཁང་དང་སྨན་བཅོས་ལག་རྩལ་ཚན་ཁག་གིས་ཚང་མར་སྨན་དོན་ལས་དོན་པའི་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་དཀའ་ཚེགས་ཆེ་བའི་དམག་འཐབ་ཁྲོད་ཐོན་པའི་སྤྱིར་བཏང་གི་དཔའ་བོ་གྲངས་ལས་འདས་པའི་བསྔགས་བརྗོད་བྱས་པ་དང་ཁོང་ཚོ་ནི་གཞན་དང་མི་འདྲ་བའིལྷག་བསམ་རྣམ་དག་གི་དཔའ་བོཞིག་རེད།

图片

线上游戏互动环节

图片

图片

图片

图片

     晚会中间还穿插了线上游戏互动环节,随着三等奖、二等奖、一等奖及重磅特等奖的抽取,不断掀起晚会的高潮。晚会不仅给大家带来了欢声笑语,更是让西藏康城肿瘤医院全体同仁的心更加贴近,高潮迭起,呈现出西藏康城肿瘤医院大家庭的欢乐与和谐。

       མཚན་ཚོགས་ནང་ད་དུང་དྲ་ཐོག་རོལ་རྩེད་སྤེལ་རེས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་ཡོད།བྱ་དགའ་རིམ་པ་གསུམ་པ་།བྱ་དགའ་ཨང་གཉིས་པ།བྱ་དགའ་རིམ་པ་དང་པོ་བཅས་དང་དེ་བཞིན་བྱ་དགའ་ཆེན་པོ་ཐོབ་མཁན་གྱི་དམིགས་བསལ་བྱ་དགའ་འཐེན་ནས་དགོང་ཚོགས་ཀྱི་ཚ་རླབས་ཟམ་མི་ཆད་པར་འཕྱུར་ཡོད། དགོང་ཚོགས་ཀྱིས་ཚང་མར་དགའ་སྤྲོའི་དགོད་སྒྲས་ཁེངས་པ་མ་ཟད།བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ལས་རོགས་ཡོངས་ཀྱི་སེམས་པ་དེ་བས་ཟབ་ཏུ་ཕྱིན་ནས་འཁྲུག་ཆ་དོད་དུ་ཕྱིན་ཏེ་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཁྱིམ་ཚང་ཆེ་མོའི་སྤྲོ་སྣང་དང་ཞི་མཐུན་མངོན་ཡོད་པ་རེད།


图片

《国风古典串烧》

图片

图片

     肿瘤妇科的小姐姐们淋漓尽致的展现了西藏康城肿瘤医院的青年朝气蓬勃、青春活力的一面。

        སྐྲན་ནད་བུད་མེད་ཚན་ཁག་གི་མཛེས་མ་ཚོའི་འཁྲབ་སྟོན་ནས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་གཞོན་ནུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལང་ཚོའི་གསོན་ཤུགས་མངོན་པར་བྱས་ཡོད།

图片

《热巴舞》

图片




图片

     内镜室的次仁佣金和边巴玉珍通过优美的舞姿、动感的节奏、用青春活力把晚会推向新高潮,观众席掌声不断。

        ནང་ཤེལ་ཁང་གི་ཚེ་རིང་དབྱངས་ཅན་དང་སྤེན་པ་གཡུ་སྒྲོན་གྱི་མཛེས་སྡུག་ལྡན་པའི་བྲོ་འཁྲབ་སྟངས་དང།འཁྲུག་ཆ་དོད་པའི་དབྱངས་འགྲོས།ལང་ཚོའི་གསོན་ཤུགས་བཅས་བརྒྱུད་དགོང་ཚོགས་ཀྱི་མཐོ་རླབས་གསར་པ་ཞིག་འཕྱུར་བ་བྱས་ནས་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་སྒྲོག་གི་ཡོད། 

图片

《羌塘锅庄》

图片

图片

由后勤部带来的舞蹈《羌塘锅庄》有着强烈民族特色,姿态美如画。

རྒྱབ་ཕྱོགས་འགས་ལེན་པུའུ་ཡིས་ཞབས་བྲོ་<<བྱང་ཐང་སྒོར་གཞས་>>ལ་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པ་དང་ཉམས་འགྱུར་རི་མོ་ལྟར་མཛེས།

图片

《明天会更好》

图片

图片

    昨天,只隐约可见,是远去的微笑;今天,如不息的泉水,在脚下奔跑;由肿瘤内科带来的歌曲《明天会更好》,预示着我们的医院、我们的科室、我们每一个人的明天会更好。

      ཁ་སང་།གསལ་ལ་མི་གསལ་བའི་སྒོ་ནས་མཐོང་ཐུབ་པ་ནི་རྒྱང་རིང་གི་འཛུམ་མདངས་ཡིན་པ་དང་།དེ་རིང་ནི་མཚམས་མི་འཇོག་པའི་ཆུ་མིག་དང་འདྲ་བར་རྐང་འོག་ཏུ་རྒྱུགས་བཞིན་ཡོད།སྐྲན་ནད་ཁོག་ནད་ཚན་ཁག་ནས་གླུ་གཞསསང་ཉིན་དེ་བས་ཡག་པ་ཡོང་རྒྱུ་རེདཅེས་པ་དེའི་ཐོག་ནས་ང་ཚོའི་སྨན་ཁང་དང་།ང་ཚོའི་ཚན་ཁག་།ང་ཚོ་ཚང་མའི་འབྱུང་འགྱུར་དེ་བས་ཡག་པ་ཡོང་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད། 

图片

图片

图片


我们把今天的相聚 当做共创未来的新起点

态度点燃热情  实干创造有为

每一个小汇聚起来  正是医院前进的方向

拂去岁月之尘 又有新的年轮 去承载新的梦想

时光的沙漏中 我们都是追梦人

西藏康城肿瘤医院的新篇章正在开启

衷心祝愿

2022年,凝心聚力 迎战未来

ང་ཚོས་དེ་རིང་གི་ལྷན་འཛོམས་ནི་མ་འོངས་མཉམ་དུ་གཏོད་པའི་འགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ཡོད།

སྤྲོ་སེམས་འཁོལ་བའི་ངང་དངོས་སྒྲུབ་གསར་གཏོད་ཀྱི་ལས་ལ་གཞོལ་བ།

མཉམ་འདུས་ཆུང་ཆུང་རེ་རེ་ནི་སྨན་ཁང་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡིན།

ལོ་ཟླའི་ཐལ་རྡུལ་བརྒྱུད་ནས་ཡང་ལོ་འཁོར་གསར་བ་ཞིག་གིས་ཕུགས་བསམ་གྱི་དུས་ཚོད་གསར་བ་ཐེག་པའི་བྱེ་ཟགས་ཁྲོད་ང་ཚོ་ཚང་མ་ཕུགས་བསམ་འཚོལ་མཁན་ཡིན།

བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ལེའུ་གསར་པ་རྩོམ་བཞིན་པ།

སྙིང་ཐག་པ་ནས།

༢༠༢༢ལོར་སེམས་ནུས་གཅིག་སྒྲིལ་གྱིས་འབྱུང་འགྱུར་ལ་དམག་འཐབ་བྱ་རྒྱུའི་བསུ་བ་ཞུ་བཞིན་ཡོད།

图片