您的位置:首页> 医院动态 > >

晚期胃肠肿瘤疑难病例MDT讨论

发布时间:2021-11-20 15:20:48 来源:西藏康城肿瘤医院 阅读:0

图片


晚期胃肠肿瘤疑难病例MDT讨论

དུས་མཇུག་ལ་སླེབས་པའི་ཕོ་རྒྱུ་སྐྲན་གྱི་བཅོས་དཀའ་བའི་ནད་དཔེ་MDTགྲོས་བསྡུར་།

  2021年10月13日晚上,为加强肿瘤的规范化诊疗,提升肿瘤病人诊疗的全程管理能力,西藏康城肿瘤医院医务科组织参学习了“晚期胃肠肿瘤疑难病例MDT讨论”会议由哈尔滨医科大学附属肿瘤医院曲宏岩教授、中国医科大学附属盛京医院寇有为教授、哈尔滨医科大学附属肿瘤医院巴志昌教授、中国医科大学附属盛京医院王哲教授、中国医科大学附属盛京医院陈鑫莹教授、哈尔滨医科大学附属肿瘤医院李岩峰教授、吉林大学白求恩第一医院李伟教授、西安交通大学第一附属医院仇广林教授等组织的线上学术会议。

   ༢༠༢༡ལོའི་ཟླ་༡༠ཚེས་༡༤ཉིན་གྱི་དགོང་མོར། སྐྲན་ནད་གྱི་ཚད་ལྡན་ཅན་གྱི་ནད་བརྟག་སྨན་བཅོས་ལ་ཤུགས་སྣོན་བརྒྱབ་ནས་། སྐྲན་ནད་ཕོག་མཁན་གྱི་ནད་བརྟག་སྨན་བཅོས་བྱེད་རིམ་ཧྲིལ་པོར་དོ་དམ་བྱེད་ནུས་ཆེ་རུ་གཏོང་ཆེད། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་སྨན་དོན་ཚན་ཁག་གིས་རྩ་འཛུགས་བྱས་ཏེ“དུས་མཇུག་ལ་སླེབས་པའི་ཕོ་རྒྱུ་སྐྲན་གྱི་བཅོས་དཀའ་བའི་ནད་དཔེ་MDTགྲོས་བསྡུར”སློབ་སྦྱོང་ལ་ཞུགས། ཚོགས་འདུའི་ཐོག་ཧའར་པིན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྐྲན་ནད་སྨན་ཁང་གི་དགེ་རྒན་ཆེན་མོ་ཆུས་ཧུང་ཡན་དང་། ཀྲུང་གོའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་ཧྲེང་ཅིན་སྨན་ཁང་ཁོ་ཡིའུ་དགེ་རྒན་ཆེ་མོ་། ཧའར་པིན་གསོ་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སྐྲན་ནད་སྨན་ཁང་གི་དགེ་རྒན་ཆེན་མོ་པ་ཀྲི་ཁྲང་། ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་ཧྲེང་ཅིང་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཝང་ཀྲེ་།ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་ཧྲེང་ཅིང་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཁྲེན་ཤིན་ཡིང་།ཧའར་པིན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྐྲན་ནད་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ལི་ཡན་ཧྥུང་།ཅི་ལིན་སློབ་ཆེན་པའེ་ཆིའུ་ཨེན་སྨན་ཁང་དང་པོའི་དགེ་རྒན་ཆེ་མོ་བ་ལི་ཝུའེ།ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་དགེ་རྒན་ཆེ་མོ་བ་ཀོང་ལིན་སོགས་དྲ་ཐོག་གི་རིག་གཞུང་ཚོགས་འདུར་ཞུགས་པ་པ་རེད། 

图片

  西藏康城肿瘤医院自成立以来,一直致力于加强团队学习能力与学习风气建设,打造一支学习型的团队,会议从6:30开始,一直到晚上8:40结束,院长多杰太及全院临床等相关临床科室专家参加线下学习。保证了临床疑难复杂病例的多学科诊疗,同时加强与外界同行的沟通、交流,促进学科建设和发展,为全院学科平台建设做出良好榜样。

  བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་བཙུགས་པ་ནས་བཟུང་ཚོགས་པའི་སློབ་སྦྱོང་ནུས་པ་དང་སློབ་སྦྱོང་གི་དར་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཐོག་མཐའ་བར་གསུམ་དུ་གཞོལ་ནས་སློབ་སྦྱོང་རྣམ་པའི་ཚོགས་པ་ཞིག་གཏོད་ཅིང་།གྲོས་ཚོགས་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་མགོ་བརྩམས་ཏེ་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་བཞི་བཅུའི་བར་དུ་མཇུག་རྫོགས་པ་རེད།ཡོན་ཀྲང་རྡོ་རྗེ་ཐའེ་དང་དེ་བཞིན་སྨན་ཁང་ཡོངས་ཀྱི་ནད་ཐོག་སྨན་བཅོས་སོགས་འབྲེལ་ཡོད་ཚན་ཁག་གི་རིགས་གཅིག་མཁས་ཅན་དྲ་ཐོག་སློབ་སྦྱོང་ནང་ཞུགས་ཡོད་པ་རེད། ནད་ཐོག་སྨན་བཅོས་ཀྱི་དཀའ་གནད་དང་རྙོག་འཛིང་ཆེ་བའི་ནད་པར་རིག་ཚན་མང་བའི་སྨན་བཅོས་བྱ་རྒྱུ་འགན་ལེན་བྱས་པ་དང་ཆབས་ཅིག་ཕྱི་ཕྱོགས་དང་ལས་རིགས་གཅིག་པའི་དབར་འབྲེལ་གཏུག་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་ཚན་འཛུགས་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ངེད་སྨན་ཁང་ཡོངས་ཀྱི་རིག་ཚན་ལས་སྟེགས་འཛུགས་སྐྱོང་ལ་མིག་དཔེ་བཟང་པོ་ཞིག་སྟོན་པ་རེད། 

图片

  此次学术交流会主要针对胃肠间质瘤(GIST)展开了深入的讨论,在线的专家对进一步治疗提出了宝贵的意见和建议,对胃肠间质瘤(GIST)患者的全程管理做了很好的规划。此次活动充分体现了MDT模式在肿瘤诊疗发展中的重要作用,并且为我们提供了一个很好的学术机会。

 ད་ཐེངས་ཀྱི་རིག་གཞུང་སྤེལ་རེས་ཚོགས་འདུའི་ཐོག་གཙོ་བོ་ཕོ་རྒྱུའི་སྐྲན་ནད་GISTལ་གྲོས་བསྡུར་གཏིང་ཟབ་བྱས་པ་དང་།དྲ་ཐོག་གི་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་ཐད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་བཏོན་ནས་ཕོ་རྒྱུའི་སྐྲན་ནད་GISTལ་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱ་རྒྱུའི་ཐད་འཆར་འགོད་ཡག་པོ་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནསMDTརྣམ་པས་སྐྲན་ནད་སྨན་བཅོས་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་གལ་ཆེན་གང་ལེགས་མཚོན་པ་མ་ཟད།ང་ཚོར་རིག་གཞུང་གི་གོ་སྐབས་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད། 

图片


   在一个多小时的线上交流学习中,四家医院的肿瘤多学科联合诊疗团队成员各抒己见,如切如磋,如琢如磨,大家都收获满满,受益匪浅。最后由主持人曲宏岩教授做会议总结,他殷切地希望所有志同道合的肿瘤诊疗医生,以后能够一起多交流、多学习,一起参加肿瘤相关的临床实验,一起为中国肿瘤的治疗作出自己的贡献。

  ཆུ་ཚོད་གཅིག་ལྷག་ཙམ་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་རིང་སྨན་ཁང་བཞིའི་སྐྲན་ནད་རིག་ཚན་མང་པོའི་མཉམ་འབྲེལ་ནད་རྟགས་སྨན་བཅོས་ཚོགས་པའི་ཁོངས་མིས་རང་ཉིད་ཀྱི་ལྟ་སྟངས་གླེང་ནས་ཞིབ་འཇུག་ཡང་ཡང་བྱས་པ་ལྟར་ཚང་མར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། མཇུག་ཏུ་གཙོ་སྐྱོང་དགེ་རྒན་ཆེ་མོ་བ་ཆུས་ཧུང་ཡན་གྱིས་ཚོགས་འདུའི་ཐོག་ཕྱོགས་སྡོམ་བྱས་པ་དང་ཁོང་གིས་གཅིག་མཚུངས་ཀྱི་སྐྲན་ནད་སྨན་བཅོས་བྱེད་མཁན་སྨན་པ་ཚང་མས་སླད་ཕྱིན་མཉམ་དུ་སྤེལ་རེས་དང་སློབ་སྦྱོང་མང་ཙམ་བྱས་ནས་སྐྲན་ནད་དང་འབྲེལ་བ་ཡོད་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནང་མཉམ་དུ་ཞུགས་ཏེ་མཉམ་དུ་ཀྲུང་གོའི་སྐྲན་ནད་སྨན་བཅོས་ཐད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།