您的位置:首页> 医院动态 > >

护士站不灭的灯

发布时间:2021-09-28 10:53:08 来源:西藏康城肿瘤医院 阅读:0

 

护士站不灭的灯

ནད་གཡོག་ས་ཚུགས་མ་བསད་པའི་གློག་ཞུ།

 

今天,科室又接到患者送来的两面锦旗,虽然这样的事在科室里屡见不鲜,但每每这个时刻,都有一种莫名的激动,两面鲜红的锦旗,一面写着“医德高尚,仁心仁术”,一面写着“挽救生命医术高,医德高尚似亲人”,望着这沉甸甸的感谢,我突然想起了老公给我起的一个雅号“灯神”。

དེ་རིང།ཁོའོ་ཧྲི་ལ་སླར་ཡང་ནད་པས་བསྐྱལ་ཡོང་བའི་གོས་དར་གཉིས་འབྱོར། གནས་ཚུལ་དེ་དང་དེ་འདྲ་བ་ཁོའོ་ཧྲི་ནང་རྟག་ཏུ་མཐོང་རྒྱུ་ཡོད་མོད།འོན་ཀྱང་དུས་དང་རྣམ་པ་ཀུན་ཏུ་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད།དམར་མདངས་བཀྲ་བའི་གོས་དར་གཉིས་ལས་ཐོག་ཕྱོགས་གཅིག་ནས་སྨན་པའི་ཀུན་སྤྱོད་བླ་ན་མེད་པ་དང་བྱམས་སྙིང་རྗེ་སྒོམ་པ།ཞེས་བྲིས་ཡོད་པ་དང་།གཅིག་ཤོས་ནི་ཚེ་སྲོག་སྐྱོབ་པའི་སྨན་བཅོས་ལག་རྩལ་མཐོ་བ་དང།སྨན་པའི་ཀུན་སྤྱོད་བླ་ན་མེད་པའི་གཉེན་ཉེ་དང་འདྲ་བ།ཞེས་བྲིས་ཡོད།ལྗིད་ཏིག་ཏིག་གི་ཐུགས་རྗེའི་གོས་དར་དེ་ལ་ལྟ་བཞིན་དུ་ངས་གློ་བུར་དུ་ཁྱོ་གས་ང་ལ་བཏགས་པའི་སྒྲོན་ལྷ་ཞེས་པ་དེ་དྲན་བྱུང་། 

 

 

小时候,特别是天一黑,对灯的渴望特别强烈。慢慢的长大了,才知道为什么对灯的渴望那么的特别。因为在漆黑的夜里,灯给我光明,给我安全。曾经读过巴金先生的《灯》,对灯的寓意又有了一层新的认识。

ཆུང་དུས་སུ།ལྷག་པར་དུ་ས་རུབ་ན།གློག་སྒྲོན་ལ་རེ་བ་ཆེན་པོ་ཡོད། ག་ལེར་ནར་སོན་རྗེས།ད་གཟོད་གློག་སྒྲོན་ལ་དེ་འདྲ་ཁྱད་པར་ཅན་ཞིག་འདོད་པ་ཤེས་སོང་། རྒྱུ་མཚན་ནི་མུན་ནག་གི་མཚན་མོར་གློག་སྒྲོན་གྱིས་ང་ལ་འོད་སྣང་སྦྱིན།ང་ལ་བདེ་འཇགས་བྱིན། དེ་སྔོ་སྐུ་ཞབས་པ་ཅིན་གྱི་སྒྲོན་མེ་ཞེས་པ་བཀླགས་མྱོང་ལ།གློག་གི་གོ་དོན་ལ་སླར་ཡང་ངོས་འཛིན་གསར་པ་ཞིག་ཐོབ་བྱུང། 

 

 

 

长大了,毕业了,工作了,我成了一盏“灯”。这盏灯是南丁格尔手里千千万万盏“灯”中的一小盏。如今我当“灯”十几载,老公还美其名曰称我“灯神”。

ཆེན་པོ་ཆགས་ནས་སློབ་གྲྭ་ཐོན་ལས་ཀ་སོང་རྗེས་ང་གློག་སྒྲོན་ཞིག་ཏུ་གྱུར་སོང།གློག་སྒྲོན་འདི་ནི་ནན་ཏིང་ཀེར་གྱི་ལག་ཏུ་གློག་སྒྲོན་ཁྲི་སྟོང་མང་པོའི་ཁྲོད་ཀྱི་སྒྲོན་མེ་ཆུང་ཆུང་ཞིག་རེད།ད་ཆ་ང་སྒྲོན་མེལྟ་བུའི་ལས་ཀ་བྱས་ནས་ལོ་བཅུ་གྲངས་ཁ་ཤས་ཕྱིན་སོང།ཁྱོ་གས་ང་ལ་སྒྲོན་ལྷ་ཞེས་པའི་མིང་ཧ་ཅང་སྙན་པོ་ཞིག་བཏགས་བྱུང། 

 

 

 

今晚又是夜班,虽然熬夜辛苦,但也有一丝向往。让自己变成南丁格尔附体的灯神,不断鼓励自己,我送去的是温暖和光明,哪怕是微弱的一丁丁。

 

     དོ་དགོང་ཡང་མཚན་ལས་རེད།མཚན་འཁྱོངས་བྱས་ན་དཀའ་ལས་ཡོད་སྲིད།འོན་ཀྱང་རེ་སྨོན་ཅུང་ཙམ་ཡོད།རང་ཉིད་ནན་ཏིང་ཀེར་ཨར་ཟུར་གཟུགས་ཀྱི་གློག་སྒྲོན་ལྟ་བུར་འགྱུར་དུ་བཅུག་ནས་རང་ཉིད་ལ་རྒྱུན་ཆད་མེད་པར་སྐུལ་མ་གཏོང་གི་ཡོད།ངས་སྐྱེལ་བ་ནི་དྲོད་སྣང་དང་འོད་གསལ་ཡིན།ཐ་ན་ནི་ཉམས་ཞན་པའི་ཉུང་ཉུང་ཞིག་ལས་མེད།

 

 

 

到了科室,重复着千篇一律的工作:交接班,接药品、物品。新入院的病人;病情有变化的病人;病情需要特殊观察的病人。漫漫长夜,就这样开始了。

ཁོའི་ཧྲི་རུ་སླེབས་རྗེས་རྩོམ་རྒྱ་དོན་གཅིག་ལྟ་བུའི་ལས་ཀ་བསྐྱར་ཟློས་བྱེད་ཀྱི་ཡོད་པ་སྟེ།ལས་རེས་རྩིས་སྤྲོད་དང་།སྨན་རྫས་དང་དངོས་རྫས་རྩིས་ལེན་བྱེད་པ། སྨན་ཁང་དུ་གསར་དུ་སྡོད་པའི་ནད་པ། ནད་གཞི་འགྱུར་ལྡོག་ཡོད་པའི་ནད་པ། ནད་གཞིའི་གནས་ཚུལ་དམིགས་བསལ་གྱི་ལྟ་ཞིབ་བྱེད་དགོས་པའི་ནད་པ། ཡུན་རིང་གི་མཚན་མོ་འདི་ལྟར་མགོ་བརྩམས་སོང། 

 

 

前半夜还好,病人病情比较稳定,陪护的家属也都照顾的周到一些。但是到了后半夜,问题就来了,陪护的家属都困得要命。这边莫卓嘎拉要小便,陪护的人员三声五声都叫不醒;那边不听劝的波旺加拉稍一活动就气喘吁吁,可他偏要下床活动,真是忙了西家劝东家。这不啊佳拉姆拉的体温突然升高到三十八点八摄氏度,退热药物、物理降温,忙忙活活一小时……

མཚན་གུང་དུ་ནད་པའི་ནད་གཞི་བརྟན་ཙམ་ཡོད་པ་དང།ནད་གཡོག་བྱེད་མཁན་ཀྱི་ཁྱིམ་མིས་ཀྱང་ལྟ་རྟོག་ཞིབ་ཚགས་བྱེད་ཀྱི་ཡོད། འོན་ཀྱང་ནམ་སྨད་ལ་སླེབས་རྗེས།གནད་དོན་ཐོན་བྱུང།ནད་གཡོག་བྱེད་མཁན་ཀྱི་ཁྱིམ་མི་ཚང་མ་ཐང་ཆད་འདུག་འདི་ཕྱོགས་གཅིག་ནས་རྨོའོ་སྒྲོལ་དཀར་ལགས་གཅིན་པ་གཏོང་དགོས་པས་ནད་གཡོག་བྱེད་མཁན་ཀྱི་མི་སྐད་ཡང་ཡང་བཏང་ཀྱང་གཉིད་མ་སད་པ། ཕ་གིའི་ཁ་ཏ་ལ་མི་ཉན་པའི་སྤོའོ་དབང་རྒྱལ་ལགས་ཡིས་འགུལ་སྐྱོད་ཅུང་ཙམ་བྱས་མ་ཐག་དབུགས་ཧལ་ཧལ་བྱེད་པ།འོན་ཀྱང་ཁོང་ནི་ཡིན་གཅིག་མིན་གཅིག་ཉལ་ཁྲི་ནས་བབས་ཏེ་འགུལ་སྐྱོད་བྱེད་ཀྱི་ཡོད་པ། ཨ་ཅག་ལྷ་མོ་ལགས་ལུས་དྲོད་གློ་བུར་དུ་ཧྲེ་ཧྲི་ཏུའུ་༣༨དང་ཚག་༨ལ་འཕར་བ།ཚ་བ་འཇགས་བྱེད་སྨན།དངོས་ལུགས་ཀྱི་དྲོད་ཚད་ཇེ་དམའ་རུ་སོང།བྲེལ་བྲེལ་འཚུབ་འཚུབ་དུས་ཚོད་ཆུ་ཚོད་གཅིག་སོང་པ།

 

 

 

 

凌晨四点了,黎明即将来临。我的患者们折腾了我一宿,失眠的病人入睡了,体温高的患者退热了,做护士的我仍旧是精神抖擞,又开始了交班前的工作。抽血、测血压,写交接报告、整理治疗室护士站,还时刻准备着迎接新病人。

  ཐོ་རེངས་ཆུ་ཚོད་བཞི་པ་ཟིན་སོང།སྐྱ་རེངས་འཆར་གྲབས་འདུག། ངའི་ནད་པ་རྣམས་ཀྱིས་ང་ལ་ཞག་གང་བོར་དཀའ་ལས་བཟོས་བྱུང།གཉིད་མི་ཁུག་པའི་ནད་པ་གཉིད་ཁུག་སོང།ལུས་དྲོད་མཐོ་བའི་ནད་པ་ཚ་བ་འཇགས་སོང།ནད་གཡོག་པ་ང་སྔར་བཞིན་སྙིང་སྟོབས་ཆེར་སྐྱེད་ཀྱིས་ལས་རེས་མ་སྤྲད་གོང་གི་བྱ་བ་སྒྲུབ་མགོ་བརྩམས་བྱུང་། ཁྲག་འཐེན་པ་དང་།ཁྲག་ཤེད་འཇལ་བ།རྩིས་སྤྲོད་རྩིས་ལེན་གྱི་སྙན་ཞུ་འབྲི་བ།སྨན་བཅོས་ཁང་གི་ནད་གཡོག་ས་ཚིགས་ལེགས་སྒྲིག་བྱེད་པ་བཅས་མ་ཟད།ད་དུང་ནད་པ་གསར་པ་བསུ་རྒྱུའི་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད། 

 

 

 

亲人们,您说我这盏“灯”能没电吗?能断油吗?当然不能!闲暇的时候我经常会想,我的周围有许许多多盏像我一样的“灯”,她们和我一样为了守候患者的健康彻夜通明。猛然间,我又想到了巴金先生的《灯》。领悟到了灯的另外一层寓意。温暖人心,指引方向,守护健康。

གཉེན་ཉེ་ཚོ།ཁྱོད་ཀྱིས་བཤད་ན་ངའི་གློག་འདི་ལ་གློག་མེད་ན་ཆོག་གམ། སྣུམ་ཆད་ན་ཡོང་གི་རེད་པས། ཡོང་གི་མ་རེད། ཁོམ་པ་ཡོད་པའི་དུས་ངས་རྒྱུན་དུ་ངའི་ཉེ་འཁོར་དུ་ང་དང་འདྲ་བའི་གློག་སྒྲོན་མང་པོ་ཡོད་པ་དང།ཁོ་མོ་ཚོས་ང་དང་འདྲ་བར་ནད་པའི་བདེ་ཐང་སྲུང་ཆེད་ཉིན་མཚན་གང་བོར་གསལ་བོར་དྲན་གྱི་འདུག་པས།གློ་བུར་དུ་ངས་ཡང་སྐུ་ཞབས་པ་ཅིན་གྱི་གློག་སྒྲོན་ཞེས་པ་དེ་དྲན་བྱུང་། གློག་སྒྲོན་གི་གོ་དོན་གཞན་ཞིག་རྟོགས་བྱུང་། མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཁ་ཕྱོགས་ཁྲིད་སྟོན་བྱས་ཏེ་བདེ་ཐང་སྲུང་སྐྱོང་བྱེད་དགོས།