您的位置:首页> 医院动态 > >

西藏康城肿瘤医院开展“服务百姓健康行动”全国大型义诊活动周活动

发布时间:2021-09-24 10:29:37 来源:西藏康城肿瘤医院 阅读:0
 
 

​西藏康城肿瘤医院开展“服务百姓健康行动”全国大型义诊活动周活动

为方便群众在家门口看病就医。加强健康宣教,提升公众防护意识和防护水平,根据卫生健康委员会《2021年“服务百姓健康行动”全国大型义诊活动周实施方案》文件精神,西藏康城肿瘤医院结合现阶段疫情形势和常态化防控工作需要,突出学科特色、结合互联网线上、线下等方式,于2021年9月19日-25日,实行到医院就诊患者实行免挂号费活动,并组织多学科领域骨干,走进社区、开展的2021年“服务百姓健康行动”主题大型义诊活动。同时,采取网络形式,与四川省肿瘤医院联合开展线上义诊活动,以实际行动为民众提供更加“高效、优质、便捷、廉价”的医疗服务。

  མང་ཚོགས་ཀྱི་རང་ཁྱིམ་གྱི་སྒོ་ཁར་སྨན་པ་བསྟེན་པར་སྟབས་བདེ་ཡོང་ཆེད།བདེ་ཐང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས།སྤྱི་དམངས་ཀྱི་འགོག་སྲུང་འདུ་ཤེས་དང་འགོག་སྲུང་ཆུ་ཚད་མཐོ་རུ་གཏོང་བ།འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་《༢༠༢༡ལོའི་“མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་”ཅེས་པའི་རྒྱལ་ཡོངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་གཟའ་འཁོར་ཆེ་གྲས་ཀྱི་ལག་བསྟར་ཇུས་གཞི།》ཞེས་པའི་ཡིག་ཆའི་དགོངས་དོན་གཞིར་བཟུང། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གིས་ད་ལྟའི་དུས་རིམ་གྱི་རིམས་ནད་གནས་འབབ་དང་རྒྱུན་རྣམ་ཅན་གྱི་སྔོན་འགོགཚོད་འཛིན་བྱ་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ།རིགཚན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་དྲ་སྦྲེལ་གྱི་དྲ་ཐོག་དང་དྲ་འོགས་སོགས་ཀྱི་བྱ་ཐབས་དང་ཟུང་འབྲེལ་བྱས་ཏེ་༢༠༢༡ལོའི་ཟླ་༩ཚེས་༡༩ཉིན་ནས་ཚེས་༢༥ཉིན་བར་སྨན་ཁང་དུ་ནད་པར་སྨན་བཅོས་བྱེད་པར་བསྐྱོད་སྐབས་ཨང་ཐོ་འགོད་པར་རིན་པ་མི་དགོས་པའི་བྱེད་སྒོ་སྤེལ་བ་དང་རིག་གཞུང་ཚན་ཁག་མང་པོའི་ཁྱབ་ཁོངས་ཀྱི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་དུ་བསྐྱོད་པ་དང་༢༠༢༡ལོའི“མི་སེར་ལ་བདེ་ཐང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་སྤེལ་བ་རེད། དེ་དང་ཆབས་ཅིག་དྲ་རྒྱའི་རྣམ་པ་སྤྱད་དེ་སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་དང་མཉམ་འབྲེལ་ཐོག་དྲ་ཐོག་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཚོགས་ལ་དེ་བས་“ཕན་འབྲས་ཆེ་བ་དང།སྤུས་ཀ་དག་པ།སྟབས་བདེ་བ།གོང་ཁེ་བ།”བཅས་ཀྱི་སྨན་བཅོས་ཞབས་ཞུ་སྔར་བས་མཁོ་འདོན་བྱས་པ་རེད། 

    9月22日,联合拉萨市城关区蔡公堂白定村村委会,由医务科组织肿瘤内科、肿瘤外科、肿瘤妇科等多学科骨干11人,为白定村村民开展“服务百姓健康行动”主题义诊活动。

   ཟླ་༩ཚེས་༢༢ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་ཐོག་སྨན་དོན་ཁོའོ་ཡིས་སྐྲན་ནད་ཁོག་ནད་ཚན་ཁག་དང།སྐྲན་ནད་ཕྱི་བཅོས་ཚན་ཁག་སྐྲན་ནད་བུད་མེད་ཚན་ཁག་སོགས་རིག་ཚན་མང་བའི་རྐང་འཛིན་པ་11སྒྲིག་འཛུགས་བྱས་ནས་དཔལ་སྡིངས་གྲོང་ཚོའི་གྲོང་མིར“མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད། 

   义诊现场,前来咨询、问诊的群众络绎不绝,结合疫情防控的要求,采取了在现场分发口罩、进行体温检测和溯源登记、设置一米线、现场对患者进行分类、分流等多项措施,使得整个义诊活动安全有序进行。

 འོས་འགན་སྨན་བཅོས་བྱ་ཡུལ་དུ་བློ་འདྲི་དང་ནད་དཔྱད་བྱེད་པར་ཡོང་མཁན་མང་ཚོགས་རྒྱུན་ཆད་མེད་པར་ཡོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ས་གནས་ས་ཐོག་ཏུ་ཁ་རས་སྤྲད་པ་དང།ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་ཁུངས་འདེད་ཐོ་འགོད་བྱེད་པ།སྨི་གཅིག་ཐིག་བཟོ་བ།ས་གནས་ས་ཐོག་ཏུ་ནད་པར་རིགས་དབྱེ་དང་ཁག་བགོས་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པས་འོས་འགན་སྨན་བཅོས་བྱེད་སྒོ་ཧྲིལ་པོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱུང་ཡོད། 

   义诊过程中,专家们详细询问患者病史,耐心解答疑问,特别针对老年人易发疾病、呼吸道感染及妇科常见疾病现场诊疗,并为其免费发放治疗其疾病的药品,现场还对肿瘤疾病的预防和治疗等进行了健康科普,引导群众了解肿瘤疾病及正确的预防肿瘤疾病,提出合理膳食、适量运动等生活指导,并发放肿瘤预防宣传手册。

  འོས་འགན་སྨན་བཅོས་བྱེད་རིང་སུ། རིགས་གཅིག་མཁས་ཅན་རྣམས་ཀྱིས་ནད་པའི་ནད་རྒྱུས་ཞིབ་ཏུ་དྲིས་པ་དང། ངང་རྒྱུད་རིང་པོས་དོགས་གནད་ལ་ལན་བཏབ། ལྷག་པར་དུ་རྒན་རྒོན་ལ་ཕོག་སླ་བའི་ནད་རིགས་དང་དབུགས་ལམ་གྱི་འགོས་ནད།བུད་མེད་ཚན་ཁག་གི་རྒྱུན་མཐོང་ནད་རིགས་སོགས་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་སྨན་བཅོས་བྱས།སྨན་རིན་མི་དགོས་པར་དེའི་ནད་གཞི་བཅོས་པའི་སྨན་སྤྲད་པ་མ་ཟད།ས་གནས་ས་ཐོག་ཏུ་ད་དུང་སྐྲན་ནད་སྔོན་འགོག་དང་སྨན་བཅོས་སོགས་ཐད་ཀྱི་བདེ་ཐང་ཚན་རིག་ཁྱབ་གདལ་བཏང་ནས་མང་ཚོགས་ལ་སྐྲན་ནད་དང་དེ་བཞིན་ཡང་དག་པའི་སྐྲན་ནད་སྔོན་འགོག་གི་ནད་གཞི་ཤེས་རྟོགས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་ལུགས་མཐུན་གྱི་བཟའ་བཅའ་དང་འགུལ་སྐྱོད་འོས་འཚམ་སོགས་ཀྱི་འཚོ་བའི་མཛུབ་ཁྲིད་བཏོན་པ་མ་ཟད།སྐྲན་ནད་སྔོན་འགོག་གི་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲད་པ་རེད། 

    此次义诊活动共服务了402名患者,其中线上252人,线下150人,其中测量血压59人,问诊76人,现场发放药品108盒,发放肿瘤预防宣传手册200余份。

 ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོས་ཁྱོན་ནད་པ་༤༠༢ལ་ཞབས་འདེགས་ཞུས་ཤིང།དེའི་ཁྲོད་དྲ་ཐོག་ཏུ་མི་༢༥༢དང་དྲ་འོག་ཏུ་མི་༡༥༠ཡོད་པ།དེའི་ནང་ཁྲག་ཤེད་ཚད་འཇལ་མི་༥༩བྱས་པ་དང།མི་༧༦ལ་སྨན་བཅོས་བརྟག་དཔྱད་བྱེད་པ།ས་གནས་ས་ཐོག་ཏུ་སྨན་སྒམ་༡༠༨སྤྲད་པ།སྐྲན་ནད་སྔོན་འགོག་དྲིལ་བསྒྲགས་ལག་དེབ་༢༠༠ལྷག་ཙམ་སྤྲད་པ་བཅས་རེད།