您的位置:首页> 医院动态 > >

2021西藏自治区核技术利用辐射安全与防护培训会议

发布时间:2021-09-20 09:19:38 来源:西藏康城肿瘤医院 阅读:0

916日,西藏自治区核技术利用辐射安全与防护培训会议在西藏康城肿瘤医院召开,本次会议旨在持续推进核与辐射安全的日常防护、使用安全和合理治理工作,推动西藏核技术利用辐射设备安全监管工作科学化、制度化、精细化,进一步提高我区辐射安全监管人员和核技术利用单位辐射防护从业人员业务水平和安全意识。为扎实推进核与辐射安全监管工作取得新突破奠定了坚实基础,规范放射诊疗防护,保护患者就诊安全。全区放射科、介入科、放疗科、核医学科医生、护士、技师、安全管理人员共80人参加本次培训。

ཟླ་༩ཚེས་༡༦ཉིན།བོད་རང་སྐྱོང་ལྗོངས་ཀྱི་ཉིང་རྡུལ་ལག་རྩལ་བེད་སྤྱོད་ཁྱབ་འགྱེད་བདེ་འཇགས་དང་འགོག་སྲུང་གསོ་སྦྱོང་ཚོགས་འདུ་དེ་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་དུ་འཚོགས་ཤིང། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ཀྱི་རྒྱུན་ལྡན་འགོག་སྲུང་དང་བེད་སྤྱོད་བདེ་འཇགས།ལུགས་མཐུན།བཅོས་སྐྱོང་ལུགས་མཐུན་བཅས་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང།བོད་ཀྱི་ཉིང་རྡུལ་ལག་རྩལ་གྱི་ཕན་པ་དང།ཁྱབ་འགྱེད་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་དེ། ཚན་རིག་ཅན་དང།ལམ་ལུགས་ཅན།ཞིབ་ཕྲ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང།རང་ལྗོངས་ཀྱི་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་དོ་དམ་མི་སྣ་དང་ཉིང་རྡུལ་ལག་རྩལ་བེད་སྤྱོད་ཚན་པའི་འགྱེད་འཕྲོའི་འགོག་སྲུང་ལས་དོན་མི་སྣའི་ལས་སྒོའི་ཆུ་ཚད་དང་བདེ་འཇགས་འདུ་ཤེས་སྔར་བས་མཐོ་རུ་གཏོང་དགོས། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཚད་བརྒལ་གསར་པ་ཡོང་བར་རྨང་གཞི་བརྟན་པོ་གཏིང་བ་དང།འགྱེད་འཕྲོའི་ནད་བརྟག་སྨན་བཅོས་ཚད་ལྡན་དུ་གཏང་ནས།ནད་པའི་སྨན་བཅོས་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས།ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་ནང་བར་འཇུག་ཚན་ཁག་དང་།གསོ་བཅོས་ཚན་ཁག།ཉིང་རྡུལ་གསོ་རིག་ཚན་སོགས་ཀྱི་སྨན་པ།ད་དུང་ནད་གཡོག་དང་།ལག་རྩལ་པ།བདེ་འཇགས་དོ་དམ་མི་སྣ་བཅས་མི་80ལྷག་ཙམ་ཞུགས་ཡོད་པ་རེད། 

 

 

 
 

 

 

 

 
 

 中国建材检验认证集团安徽有限公司培训中心主任,助理工程师师圆,国检集团安徽公司核安全文化宣贯讲师团队核医学专家司宏伟以及放射治疗专家吴爱东共同组成了讲师团队,各位讲师细致讲解了核技术安全与核安全法律、法规,辐射安全监督检查规范与要求及日常执法监管中发现的环境违法违规问题。核技术利用的放射性污染防治、辐射事故应急处理、放射性废物的管理、申请辐射安全许可证条件、基于风险分类、分级管理、非密封放射性放射性物质场所分级。放射工作人员条件、受检者的防护、患者防护要求、X射线诊断与介入放射学的辐射危害因素,电离辐射安全与防护。

 ཀྲུང་གོ་འཛུགས་སྐྲུན་རྒྱུ་ཆ་ཞིབ་བཤེར་ར་སྤྲོད་ཚོགས་པ་ཨན་ཧུའེ་ཚད་ཡོད་ཀུང་སི་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ལས་རོགས་བཟོ་བཀོད་པ་ཧྲེ་ཡོན།རྒྱལ་ཁབ་ཞིབ་དཔྱོད་ཚོགས་པའི་ཨན་ཧུའེ་ཀུང་སིའི་ཉིང་རྡུལ་བདེ་འཇགས་རིག་གནས་དྲིལ་བསྒྲགས་ཚོགས་པའི་འཆད་ཁྲིད་ཉིང་རྡུལ་གསོ་རིག་རིགས་གཅིག་མཁས་པ་སི་ཧུང་ཝུའུ།དེ་བཞིན་འགྱེད་འཕྲོ་སྨན་བཅོས་རིགས་གཅིག་མཁས་པ་ཝུའུ་ཨའེ་ཏུང་བཅས་ཀྱིས་མཉམ་དུ་འཆད་ཁྲིད་དགེ་རྒན་ཚོགས་པ་བཙུགས།ཁོང་རྣམ་ཚོས་ཉིང་རྡུལ་ལག་རྩལ་བདེ་འཇགས།ཉིང་རྡུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་ཞིབ་ཚགས་གནང་བ་དང་།འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གྱི་ཚད་གཞི་དང་བླང་བྱ། དེ་བཞིན་རྒྱུན་ལྡན་གྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཁྲོད་ཤེས་རྟོགས་བྱུང་བའི་ཁོར་ཡུག་གི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་བཅས་འགྲེལ་བཤད་ཞིབ་ཚགས་གནང། ཉིང་རྡུལ་ལག་རྩལ་བེད་སྤྱོད་བྱེད་པའི་ཁྲོད་ཀྱི་རང་བཞིན་གྱི་སྦགས་བཙོག་འགོག་བཅོས་དང།འགྱེད་འཕྲོའི་འབྱུང་་རྐྱེན་འཕྲལ་སྡོམ་ཐག་གཅོད།དེ་ལས་འཕྲོ་བའི་རང་བཞིན་གྱི་བེད་མེད་དངོས་རྫས་དོ་དམ།འགྱེད་འཕྲོའི་བདེ་འཇགས་ཆོག་འཐུས་ལག་ཁྱེར་ཐོབ་པའི་རེ་ཞུའི་ཆ་རྐྱེན།ཉེན་ཁ་ལ་གཞིགས་ནས་རིགས་དབྱེ་བ།རིམ་ཕྱེ་དོ་དམ།ཁ་དམ་པོར་མིན་པ་བཅས་ཀྱི་འཕྲོ་བའི་རང་བཞིན་དངོས་པོའི་གནས་ཡུལ་གྱི་རིམ་པ།འགྱེད་འཕྲོ་ལས་སྒྲུབ་མི་སྣའི་ཆ་རྐྱེན།ཞིབ་བཤེར་བྱ་ཡུལ་གྱི་འགོག་སྲུང།ནད་པའི་འགོག་སྲུང་གི་བླང་བྱ།Xའཕྲོ་ཐིག་བརྟག་དང་བར་འཇུག་འགྱེད་འཕྲོ་རིག་པའི་རྩིབས་འཕྲོའི་གནོད་འཚེའི་རྒྱུ་རྐྱེན། གློག་གྱེས་རྩིབས་འཕྲོའི་བདེ་འཇགས་དང་འགོག་སྲུང་སོགས་ནས་སློབ་སྟོན་གནང། 

 

 

 
 

 

 

 
 

院长多杰太同志高度重视此次培训会议,并带头参加了此次培训考核,为了提高大家学习的热情和缓解疲劳,西藏康城肿瘤医院厨房为参会人员精心准备丰富的茶歇小吃和饮品。

ཡོན་ཀྲང་རྡོ་རྗེ་ཐར་གྱིས་ད་ཐེངས་ཀྱི་གསོ་སྦྱོང་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད།ད་ཐེངས་ཀྱི་གསོ་སྦྱོང་དང་དཔྱད་ཞིབ་ནང་ཞུགས་རྒྱུའི་སྣེ་ཁྲིད་མི་སྣ་ཚང་མའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བ་དང་ངལ་དུབ་ཆུང་དུ་གཏོང་ཆེད། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཐབ་ཚང་གིས་ཚོགས་ཞུགས་མི་སྣར་ཕུན་སུམ་ཚོགས་པའི་བཟའ་ཆས་དང་འཐུང་ཆས་གྱ་ནོམ་པ་གྲ་སྒྲིག་བྱེད་དུ་བཅུག་པ་རེད།

 

 
 

 

 

 

 
 

通过培训,提高全区核与辐射安全监管、使用、维护工作人员的业务水平和安全责任意识,为规范全区核与辐射环境安全管理工作,确保辐射环境安全提供了有力保障。了解风险、隐患与事故之间的关联,能够及时消除事故隐患,构建分级管控与隐患排查治理持续改进机制;进一步熟悉和掌握事故管理与应急管理知识,强化事故管理与应急处置能力。同时要求加强放射诊疗患者和受检者个人防护意识,掌握放射诊疗防护的各项规章制度,及时消除各种放射安全隐患,规范医疗机构放射诊疗工作。学员们纷纷表示本次培训收货获颇多,要将所学内容应用在今后的工作中,做好核技术利用辐射安全与防护的工作。培训的目的不仅仅是考核,而是让核技术、放射设备更好造福百姓,让青山绿水依旧在,合理合规合法安全使用核技术和放射技术是大家一起奋斗的目标。

གསོ་སྦྱོང་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང།བེད་སྤྱོད།སྲུང་སྐྱོང་བཅས་བྱེད་མཁན་གྱི་ལས་སྒོའི་ཆུ་ཚད་དང་བདེ་འཇགས་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང།ལྗོངས་ཡོངས་ཀྱི་ཉིང་རྡུལ་དང་འགྱེད་འཕྲོའི་ཁོར་ཡུག་བདེ་འཇགས་དོ་དམ་ལས་དོན་ཚད་ལྡན་དུ་བཏང་ནས་འགྱེད་འཕྲོའི་ཁོར་ཡུག་བདེ་འཇགས་འགན་ལེན་བྱ་ཆེད་འགན་ལེན་ནུས་ལྡན་བྱས་ཡོད། ཉེན་ཁ་དང་མངོན་མེད་རྐྱེན་ངན་དང་ལས་འཛོལ་དབར་གྱི་འབྲེལ་བ་ཤེས་རྟོགས་བྱས་ཚེ་དུས་ཐོག་ཏུ་ལས་འཛོལ་གྱི་མི་མངོན་པའི་རྐྱེན་ངན་བསལ་ནས་རིམ་དབྱེའི་དོ་དམ་ཚོད་འཛིན་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་ངང་ལེགས་སུ་གཏོང་བའི་ལམ་སྲོལ་འཛུགས་ཐུབ་པ། བྱུར་རྐྱེན་དོ་དམ་དང་འཕྲལ་བསྟུན་དོ་དམ་གྱི་ཤེས་བྱ་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས་བྱུར་རྐྱེན་དོ་དམ་དང་འཕྲལ་བསྟུན་ཐག་གཅོད་བྱེད་ནུས་པ་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་འགྱེད་འཕྲོའི་ནད་བརྟག་སྨན་བཅོས་བྱེད་མཁན་དང་བརྟག་དཔྱད་བྱ་ཡུལ་མི་སྒེར་གྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ།འགྱེད་འཕྲོའི་ནད་བརྟག་སྨན་བཅོས་འགོག་སྲུང་གི་སྒྲིག་སྲོལ་ལམ་ལུགས་ཁག་ཁོང་དུ་ཆུད་པ་བྱེད་པ་ཏེ་འགྱེད་འཕྲོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ།སྨན་བཅོས་སྒྲིག་གཞིའི་འགྱེད་འཕྲོའི་ནད་བརྟག་སྨན་བཅོས་ལས་དོན་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་ལ་དངོས་ཟོག་རྩིས་ལེན་མང་པོ་ཐོབ་ཡོད་པས་དེའི་ནང་དོན་སླད་ཕྱིན་གྱི་ལས་དོན་ཁྲོད་སྤྱད་དེ་རྒྱུ་དང་ཉིང་རྡུལ་ལག་རྩལ་གྱི་འགྱེད་འཕྲོའི་བདེ་འཇགས་དང་འགོག་སྲུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། གསོ་སྦྱོང་གི་དམིགས་ཡུལ་ནི་དཔྱད་ཞིབ་ཁོ་ན་མ་ཡིན་པར་ཉིང་རྡུལ་ལག་རྩལ་དང་འགྱེད་འཕྲོའི་སྒྲིག་ཆས་ཀྱིས་མི་སེར་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་རྒྱུ་དེ་ཡིན་པ།རི་སྔོ་ཆུ་དྭངས་སྔར་བཞིན་གནས་པ་དང་ལུགས་མཐུན་དང་ལུགས་མཐུན་ཁྲིམས་མཐུན་ལ་བདེ་འཇགས་ངང་ཉིང་རྡུལ་ལག་རྩལ་དང་འགྱེད་འཕྲོའི་ལག་རྩལ་བེད་སྤྱོད་བྱ་རྒྱུ་དེ་ནི་ཚང་མས་མཉམ་དུ་འབད་བརྩོན་བྱེད་པའི་དམིགས་འབེན་ཅིག་རེད།