您的位置:首页> 医院动态 > >

无影灯下的笑脸像极了春天里的格桑花 གཟུགས་བརྙན་མེད་པའི་གློག་འོད་འོག་གི་འཛ

发布时间:2021-09-14 12:49:55 来源:西藏康城肿瘤医院 阅读:0

无影灯下的笑脸像极了春天里的格桑花

གཟུགས་བརྙན་མེད་པའི་གློག་འོད་འོག་གི་འཛུམ་མདངས་ནི་དཔྱིད་ཀྱི་སྐལ་བཟང་མེ་ཏོག་དང་འདྲ།

 

 

9月9日傍晚西藏康城肿瘤医院肿瘤内科一位鼻咽癌患者突发大出血,引来院内多学科的积极联合紧急抢救,经过医务科、内科、介入科、外科通力合作,成功抢救一例鼻咽癌动脉破裂大出血的患者 

 

ཟླ་༩པའི་ཚེས་༩ཉིན་གྱི་ས་སྲིབ་མཚམས་སུ།བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་སྐྲན་ནད་ཁོག་ནད་ཚན་ཁག་ཏུ་སྣ་སྐྲན་ཕོག་པའི་ནད་པ་ཞིག་གློ་བུར་དུ་སྣ་ཁྲག་མང་པོ་ཐོན་པ་དང།དེར་རྐྱེན་སྨན་ཁང་ནང་གི་ཚན་ཁག་མང་པོ་མཉམ་འབྲེལ་བྱས་ནས་མྱུར་སྐྱོབ་ཧུ་ཐག་བྱས་པ་རྒྱུད།སྨན་དོན་ཚན་ཁག།ཁོག་ནད་ཚན་ཁག།སྨན་བཅོས་ཚན་ཁག།ཕྱི་བཅོས་ཚན་ཁག་བཅས་ཀྱིས་མཉམ་ལས་ཧུར་ཐག་བྱས་ཏེ་སྣ་སྐྲན་གྱི་འཕར་རྩ་ཆད་ནས་ཁྲག་མང་པོ་ཐོན་པའི་ནད་པ་ཞིག་སྐྱོབ་ཐུབ་པ་བྱུང་ཡོད།

 

 

图片

 

 

“医生,医生,8床在流血,快来呀!”当日下午1830分左右瘤内科几位准备下班的护士在经过护士站时,听到呼叫系统中传来紧急呼救。她们相视一看心领神会立刻不约而同地投入到抢救中去,并有条不紊地分工协作,肿瘤内科主任蔡晓丽主治医生邢爱民第一时间赶到并投入到抢救的行列当中不到五分钟便完成了心电监护、静脉通道、鼻腔填塞。

སྨན་པ་ལགས།སྨན་པ་ལགས།ཉལ་ཁྲི་བརྒྱད་པའི་ནད་པ་སྣ་ཁྲག་ཐོན་གྱིན་འདུག་མགྱོགས་པོ་ཕེབས་དང།” ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༣༠ཙམ་ལ་སྐྲན་ནད་ཁོག་ནད་ཚན་ཁག་གྱི་སྨན་གཡོག་འགའ་ཞིག་སྨན་གཡོག་ས་ཚུགས་ནས་བརྒྱུད་སྐབས་བརྡ་གཏོང་མ་ལག་ནས་ཛ་དྲག་གི་འབོད་བརྡ་གཏོང་བ་ཐོས་པས། ཁོ་ཚོས་ཕན་ཚུན་ལ་ཅིག་བལྟས་ནས་དེ་མ་ཐག་མ་གྲོས་གཅིག་མཐུན་གྱིས་མྱུར་སྐྱོབ་ལ་བྲེལ་བ་མ་ཟད།གོ་རིམ་ཡོད་པའི་ངང་ནས་ལས་བགོས་མཉམ་སྒྲུབ་བྱས།སྐྲན་ནད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཚའེ་ཞའོ་ལི་དང་གཙོ་སྐྱོང་སྨན་པ་ཞིན་ཨའེ་མིན་གཉིས་དེ་མ་ཉིད་དུ་ཕེབས་ནས་མྱུར་སྐྱོབ་གནང་།དུས་ཡུན་སྐར་མ་ལྔ་ཡང་མ་འགོར་བར་སྙིང་གློག་ལྟ་རྟོག་དང་།སྡོད་རྩའི་བརྒྱུད་ལམ།སྣ་ཁུང་ཁ་སྐོང་བ་བཅས་ཀྱི་བྱ་བ་བསྒྲུབས། 

 

 

 

图片

 

 

时,患者生命体征虽然平稳,鼻腔填塞未能实现压迫止血的治疗目的,大出血从患者口中喷涌而出当即给予药物止血,情况出现好转,同时向介入科发出院内会诊请求。分钟内,介入科医生吴春方、薛申匆匆赶到肿瘤内科,经过紧急会诊、了解病史和现状给出建议,继续进行鼻腔填塞压迫止血和药物止血,并积极准备进一步介入止血。

སྐབས་དེར་ནད་པའི་ཚེ་སྲོག་བརྟན་པོ་ཡིན་རུང།སྣ་ཁུང་ཁ་སྐོ་བྱས་ཀྱང་ཁྲག་གཅོད་པར་གཉའ་གནོན་བྱེད་པའི་སྨན་བཅོས་ཀྱི་དམིགས་ཡུལ་མངོན་འགྱུར་མ་ཐུབ་པར།སྣ་ཁུང་ནས་ཁྲག་མང་པོ་ཐོན་ཏེ་ནད་པའི་ཁའི་ནང་ནས་ཐོན་ཡོད་རྐྱེན།འཕྲལ་མར་སྨན་ཀྱིས་ཁྲག་གཅོད་ཐུབ་པས།གནས་ཚུལ་ཇེ་བཟང་དུ་འགྲོ་བ་དང་ཆབས་ཅིག་ཏུ་བར་འཇུག་ཚན་ཁག་ལ་མྱུར་དུ་སྨན་བཅོས་བྱེད་པའི་རེ་བ་སྟོན་པ་རེད།སྐར་མ་གསུམ་གྱི་ནང་དུ་བར་འཇུག་ཚན་ཁག་གི་སྨན་པ་ཝུའུ་ཁྲུན་ཧྥང་དང་ཞུའེ་ཧྲེན་གཉིས་ཀྱིས།བྲེལ་འཚུབ་ངང་སྐྲན་ནད་ཚན་ཁག་ཏུ་ཕྱིན་ནས་འཕྲལ་མར་མཉམ་བསྡུས་ནད་དཔྱད་དང།ནད་རྒྱུད་དེ་བཞིན་ད་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད།མུ་མཐུད་ནས་སྣ་ཁུང་ཁ་སྐོང་ནས་གཉའ་གནོན་བྱས་ཏེ་ཁྲག་གཅོད་པ་དང་།སྨན་གྱིས་ཁྲག་གཅོད་པ་སོགས།སྔར་ལས་ལྷག་པའི་ངང་ནས་ཁྲག་གཅོད་རྒྱུའི་གྲ་སྒྲིག་ཧུར་ཐག་བྱས་ཡོད། 

 

 

图片

 

 

患者一声咳嗽再一次发生鼻大量出血,情况更危急,蔡医生全然不顾喷到自己身上的血液,继续为患者进行现有的止血并准备介入手术这时,患者出现心率增快、血压下降、烦躁不安等早期休克表现家属情绪波动较大,医生护士一边抢救一边安抚,并马不停蹄地把患者送到了介入手术室。

ནད་པ་གློ་རྒྱག་སྐབས་སྣ་ཁུང་ནས་ཁྲག་མང་པོ་ཐོན་པས།ཉེན་ཁ་དེ་བས་ཆེ་བས་ཚའེ་ཞའོ་ལིས་ཀྱིས་རང་གི་ལུས་སྟེང་དུ་ཁྲག་འཐོར་བར་མི་འཛེམ་པར་མུ་ཐུད་ནས་ནད་པའི་ཁྲག་བཀག་པ་དང་དུས་མཚུངས་གཤགས་བཅོས་བྱེད་པའི་གྲ་སྒྲིག་གནང་།སྐབས་དེར།ནད་པའི་སྙིང་གི་འཕར་སྟངས་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་ཤེད་ཇེ་དམའ་རུ་འགྲོ་བ།སེམས་འཚབ་པ་སོགས་ཐོག་མའི་དྲན་པ་ཐོར་བའི་སྣང་ཚུལ་བྱུང་སྟེ་ཁྱིམ་མིའི་སེམས་ཁམས་ལ་འགྱུར་ལྡོག་ཅུང་ཆེ་བས་སྨན་པ་དང་ནད་གཡོག་གིས་ཕྱོགས་གཅིག་ནས་མྱུར་སྐྱོབ་བྱེད་པ་དང།ཕྱོགས་གཅིག་ནས་ཁྱིམ་མི་ལ་སེམས་གསོ་གནང།དེ་ནས་འཕྲལ་མར་གཤགས་བཅོས་ཁང་ནང་དུ་འཁྲིད། 

 

 

 

图片

 

 

与此同时,介入科吴春方、薛申医生及他们的护理团队已做好术前准备,经过50多分钟的共同努力,患者破裂的血管终于找到,很快通过介入技术止住了破裂的动脉血管中喷涌的出血。经过大家有条不紊的积极配合、熟练的技术和一心为患者的责任和使命,患者于21点30分安全回到病房,大家看着彼此身上的汗渍和血渍会心一笑,为成功的抢救松了一口气,无影灯下,那认真的眼神和努力奔波的身影融入初秋的夜晚,让患者和家属感到了温暖,事后吴春方、薛申两位医生说:一定要对得起患者及家属那份沉甸甸信任,此刻他们脸上的笑容像极了春天漫山遍野的格桑花,非常普通但装扮了烂漫的高原季节。

དེ་དང་དུས་མཚུངས་སུ་བར་འཇུག་ཚན་ཁག་གི་སྨན་པ་ཝུའུ་ཁྲུན་ཧྥང་དང་ཞུའེ་ཧྲེན།དེ་བཞིན་ཁོང་ཚོའི་ནད་སྐྱོང་རུ་ཁག་བཅས་ཀྱིས་གཤགས་བཅོས་མ་བྱས་གོང་གི་གྲ་སྒྲིག་ཨང་གསར་བྱས་ཡོད་པས།དུས་ཐུང་སྐར་མ་50ལྷག་ནང་ཐུན་མོང་གྱིས་འབད་བརྩོན་བྱས་པ་བརྒྱུད།ཁྲག་རྩ་གཞི་ནས་རྙེད་བས།ལག་རྩལ་ལ་བརྟེན་ནས་ཆད་པར་འགྲོ་བའི་འཕར་རྩ་ཁྲག་ལམ་ནང་ནས་ཁྲག་འཕྱུར་བ་བཀག་ཐུབ་པ་བྱུང། ཚང་མས་གཞོགས་འདེགས་ཧུར་ཐག་དང།བྱང་ཆ་དོད་པའི་ལག་རྩལ། བློ་གཅིག་སེམས་གཅིག་གིས་ནད་པ་སྐྱོབས་པའི་འགན་འཁྲི་དང་ལས་འགན་བཅས་ལ་བརྟེན་ནས།ཆུ་ཚོད་༢༡དང་སྐར་མ་༣༠ལ་བདེ་འཇགས་ངང་ནད་ཁང་དུ་ལོག་ཐུབ་པ་བྱུང་།ཁོ་ཚོས་ལུས་སྟེང་ནས་ཤོར་བའི་རྔུལ་ཆུ་དང་ཁྲག་འཐོར་བར་ཕན་ཚུན་བལྟ་སྐབས་ལེགས་འགྲུབ་ཀྱི་མཛུམ་མདངས་ཤོར།གཟུགས་བརྙན་མེད་པའི་གློག་འོད་འོག་ནན་ཏན་གྱི་མིག་མདངས་དང།འབད་བརྩོན་གྱི་གཟུགས་བརྙན་དེ་སྟོན་དུས་ཀྱི་མཚན་མོ་དང་འདྲེས་ནས་ནད་པ་དང་ཁྱིམ་མིར་དྲོ་སྐྱིད་ཀྱི་འོད་སྣང་ཞིག་འཚོར་ཐུབ་བྱུང། སྨན་པ་ཝུའུ་ཁྲུན་ཧྥང་དང་ཞུའེ་ཧྲེན་རྣམ་གཉིས་ཀྱིས་གསུངས་དོན།ང་ཚོས་ངེས་པར་དུ་ནད་པ་དང་ཁྱིམ་མི་ཚོའི་ཡིད་ཆེས་ལྗིད་ཏིག་ཏིག་དེར་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས།མཚམས་དེའི་ཁོང་ཚོའི་ངོ་གདོང་གི་འཛུམ་མདངས་ནི་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་དང་འདྲ་ལ།ཆེས་སྤྱིར་བཏང་ཡིན་ཡང་ས་མཐོའི་དུས་ཚིགས་དེ་ལ་མཛེས་རྒྱན་སྤྲད་ཡོད་པ།