您的位置:首页> 医院动态 > >

德不近佛者不可以为医,才不近仙者不可以为医 ——西藏康城肿瘤医院组织开展了第四个中国医师节座谈会

发布时间:2021-08-27 11:29:20 来源:西藏康城肿瘤医院 阅读:0
百年华诞同筑梦,医者担当践初心,今天是第四个中国医师节819下午,西藏康城肿瘤医院(四川省肿瘤医院拉萨分院)庆祝2021中国医师节座谈会在行政楼多功能会议室召开。由医务科刘记主任主持,院长多杰太及在院工作的临床专家教授,年轻医师等参加了座谈。

ལོ་ངོ་བརྒྱ་ཕྲག་རིང་མཉམ་དུ་ཕུགས་འདུན་བསྐྲུན།སྨན་པས་ལགས་ལེན་བསྟར་བའི་ཐོག་མའི་བསམ་འདུན།ཞེས་པ་དེ་རིང་ནི་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་བཞི་པ་དེ་རེད།ཟླ་8པའི་ཚེས་19ཉིན་གྱི་ཕྱི་དྲོ་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་ལྷ་ས་ཡན་ལག་སྨན་ཁང་གིས་2021ལོའི་ཀྲུང་གོའི་སྨན་པའི་དུས་ཆེནལ་བརྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་དེ་སྲིད་འཛིན་ཐོག་ཁང་གི་ནུས་མང་ཚོགས་ཁང་དུ་འཚོགས་པ་རེད། སྨན་དོན་ཁོའོ་ཡི་ཀྲུའུ་རེན་ལིའུ་ཅིས་ཡིས་གཙོ་སྐྱོང་གནང་བ་དང་ཡོན་ཀྲང་རྡོ་རྗེ་ཐའེ་དང་དེ་བཞིན་སྨན་ཁང་དུ་ལས་ཀ་བྱེད་བཞིན་པའི་ནད་ཐོག་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་དགེ་རྒན་ཆེ་མོ་བ་དང་ན་གཞོན་སྨན་པ་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། 

 

 

图片

 

 

会上,多杰太代表医院向辛勤工作在全院各个岗位上的医师们致以节日的问候和衷心的感谢!同时指出,医院开业这一年来,医院不断强化内涵建设,改善医疗服务,施行人才科技兴院战略,在医疗、管理等工作中,取得了突出成绩。

ཚོགས་འདུའི་ཐོག་རྡོ་རྗེ་ཐའེ་གྱིས་སྨན་ཁང་གི་ཚབ་ཞུས་ནས་སྨན་ཁང་དེ་ཡོངས་ཀྱི་ལས་གནས་ཁག་ཏུ་དཀའ་སྤྱད་ལས་ཀ་བྱེད་མཁན་སྨན་པ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། དེ་དང་ཆབས་ཅིག་སྨན་ཁང་ལས་གཉེར་བྱེད་འགོ་ཚུགས་པའི་ལོ་དེའི་རིང་སྨན་ཁང་གིས་ནང་དོན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་།སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བ།ཤེས་ལྡན་མི་སྣའི་ཚན་རྩལ་ལ་བརྟེན་ནས་སྨན་ཁང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བྱས་པས་སྨན་བཅོས་དང་དོ་དམ་སོགས་ཀྱི་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བཤད་པ་རེད། 

 

 

图片

 

 

医院在医疗队伍建设中,有坚持战斗在临床一线的老专家、老教授;也有年富力强、承前启后、勇挑重担的中青年骨干;也有雏燕展翅、朝气蓬勃、初露头角的杏林春苗。一年来,我们顽强拼搏、不断进取,对技术精益求精;一年来,我们爱岗敬业、无私奉献,一切为了大众健康,一年来,我们廉洁自律,视病人如亲人,体现了高超医术与高尚医德,医院发展凝聚着们的心血和汗水。正因为有了这样一支医德高尚、医术精湛的医师团队,医院才赢得了社会各界、广大人民群众的尊重与厚爱,医院才有了不断发展的动力和源泉。

སྨན་ཁང་གི་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་ཁྲོད་ནད་ཐོག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོར་དམག་འཐབ་མཐའ་འཁྱོངས་བྱེད་མཁན་གྱི་རིགས་གཅིག་མཁས་ཅན་རྒན་གྲས་དང་དགེ་རྒན་ཆེ་མོ་བ་རྒན་གྲས་ཡོད་པ། ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པ།སྔ་མཐུད་ཕྱི་འཛིན།ལས་འགན་ལྗིད་པོ་འཁུར་ཕོད་པའི་དར་མ་དང་ན་གཞོན་རྐང་འཛིན་པ་ཡང་ གཞན་ཡང་བྱ་བྱེའུ་ཡི་གཤོག་པ་བརྐྱངས་ཤིང་།སྐྱེ་སྟོབས་ཀྱི་དཔལ་འབར་བ།མགོ་བོ་ཐོག་མར་འབུས་པའི་ཁམ་བུའི་མེ་ཏོག་དང་དཔྱིད་ཀྱི་མྱུ་གུ་ཡང་ཡོད། ལོ་གཅིག་གི་རིང་ལ་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་མུ་མཐུད་ནས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ལག་རྩལ་ཡག་ཐོག་ཡག་རྩེག་ཡོང་བ་བཅས་བྱས་པ་དང་། ལོ་གཅིག་གི་རིང་ལ་ང་ཚོས་ལས་ལ་དགའ་ཞིང་བརྩོན་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་ནས་ཡོད་ཚད་མང་ཚོགས་ཀྱི་བདེ་ཐང་ཆེད་དུ་ཡིན།ལོ་གཅིག་གི་རིང་ལ་ང་ཚོས་སྤྱོད་གཙང་རང་གཅུན་དང་བྱས་ནས་ནད་པ་གཉེན་ཉེ་ལྟར་བརྩི་བ་དང་རྩེར་སོན་གྱི་སྨན་བཅོས་ལག་རྕལ་དང་བླ་ན་མེད་པའི་ཀུན་སྤྱོད་བཟང་པོ་མཚོན་པར་བྱས་པས་སྨན་ཁང་འཕེལ་རྒྱས་སུ་འགྲོ་བར་ང་ཚོའི་སེམས་ཤུགས་དང་རྔུལ་ཆུ་འདུས་ཡོད། སྨན་པའི་ཀུན་སྤྱོད་བཟང་བ་དང་།སྨན་པའི་ཀུན་སྤྱོད་བླ་ན་མེད་པ་དང་སྨན་བཅོས་ལག་རྩལ་ཕུལ་དུ་བྱུང་བའི་སྨན་པ་ཚོགས་པ་དེ་འདྲ་ཞིག་ཡོད་པའི་དབང་གིས་སྨན་ཁང་ལ་ད་གཟོད་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་འཇོག་དང་དགའ་ཞེན་ཟབ་མོ་ཐོབ་པ་དང་སྨན་ཁང་ལ་ད་གཟོད་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་དང་འབྱུང་ཁུངས་ཡོད་པ་རེད། 

 

 

图片

 

 

座谈会上,外科主任医师张家墉主任说,我毕业从医已经30年了,我常扪心自问,杏林行走 30多载,是否让每一个经过我诊治的病人感到温暖,是否做到了想病人之所想,急病人之所急。我深感自己做得还很不够,早年读过裘老先生一句话:德不近佛者不可以为医,才不近仙者不可以为医。立德就是做人,立功就是做事,立言就是做学问。我们做医生的,是做学问的,但是做人是最起码的要求因此我常常思索如何做人、做事和做学问的道理。

བཞུགས་མོལ་ཚོགས་འདུའི་ཐོག་ཕྱི་ནད་ཚན་ཁག་གི་སྨན་རམས་པ་ཀྲུའུ་རེན་ཀྲང་ཅ་ཡུང་གིས་ང་སློབ་གྲྭ་ཐོན་ནས་ལོ་30ལྷག་ཙམ་ཕྱིན་སོང་ངས་རྒྱུན་དུ་རང་སྐྱོན་རང་ཞིབ་བྱས་ནས་ལོ་30ལྷག་ཙམ་དེའི་ནང་ངས་སྨན་བཅོས་བྱས་པའི་ནད་པ་ཚང་མར་དྲོ་སྐྱིད་ཚོར་ཐུབ་མིན་དང་ནད་པས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ནད་པས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་ཐུབ་མིན་ལ་བསམ་བློ་ཡང་ཡང་བཏང་བ་ཡིན་ཡོད་ཅེས་བཤད། ངས་རང་ཉིད་ཀྱིས་བསྒྲུབས་པ་ད་དུང་ཧ་ཅང་མི་འདང་ཚོར་སྣང་ཟབ་མོ་བྱུང་ཆུང་དུས་སྐུ་ཞབས་བགྲེས་པོ་ཆིའུ་ལགས་ཀྱིས་ཀུན་སྤྱོད་སངས་རྒྱས་ཉིད་དང་མི་མཉམ་སྨན་པ་བསྟེན་མི་བྱ།ཡོན་ཏན་ལྷ་དང་མི་མཉམ་སྨན་པ་བསྟེན་མི་བྱ།ཅེས་ཚིག་གཅིག་བཤད་མྱོང་ཡོད། སྤྱོད་བཟང་ཞེས་པ་ནི་མི་ཚུལ་ལྡན་ཞིག་བྱེད་པ་དང་།བྱས་རྗེས་འཇོག་པ་ཞེས་པ་ནི་བྱ་བ་སྒྲུབ་པ་ཡིན་ལ་།གཏམ་གླེང་བྱེད་པ་ནི་ཡོན་ཏན་སྒྲུབ་པ་རང་རེད། ང་ཚོ་སྨན་པ་བྱེད་མཁན་ནི་ཡོན་ཏན་སྒྲུབ་མཁན་ཡིན་མོད་འོན་ཀྱང་མི་ཚུལ་ལྡན་ཞིག་བྱ་རྒྱུ་ནི་མ་མཐའི་བླང་བྱ་ཞིག་ཡིན་པས་དེར་བརྟེན་ངས་རྟག་ཏུ་མི་ཚུལ་ལྡན་ཞིག་བྱ་རྒྱུ་དང་ལས་ཀ་བྱ་རྒྱུ་ཡོན་ཏན་སྦྱོང་རྒྱུ་བཅས་ཀྱི་ཐད་ལ་བསམ་བློ་ཡང་ཡང་གཏོང་གི་ཡོད། 

 

 

 

图片

 

各位主任医师、副主任医师、科室负责人都积极发言,同时,围绕医院文化建设、优良传统继承、青年员工培养、加强人文医学教育、医院未来发展等提出了一些诚恳的意见和建议。座谈会在欢快热烈的气氛中结束。

ཀྲུའུ་རེན་སྨན་པ་་དང་ཀྲུའུ་རེན་སྨན་པ་གཞོན་པ་ཚན་ཁག་ཁང་གི་འགན་འཁུར་བ་བཅས་ཚང་མས་གཏམ་བཤད་ཧུར་ཐག་གནང་བ་དང་ཆབས་ཅིག་སྨན་ཁང་གི་རིག་གནས་འཛུགས་སྐྱོང་དང་སྲོལ་རྒྱུན་བཟང་པོ་ཤུལ་འཛིན།ན་གཞོན་ལས་བཟོ་གསོ་སྐྱོང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གསོ་རིག་སློབ་གསོར་ཤུགས་སྣོན།སྨན་ཁང་གི་མ་འོངས་འཕེལ་རྒྱས་སོགས་ལ་དམིགས་ནས་ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། བཞུགས་མོལ་ཚོགས་འདུ་དེ་སྤྲོ་སེམས་འཁོལ་བའི་ངང་མཇུག་འགྲིལ་བ་རེད།