提及癌症,不少人总是和死亡联系上,认为一旦患上癌症,不仅是对生命的威胁,生活质量也会大打折扣。
其实,癌症与遗传因素、生活方式、环境因素等息息相关,如果发现及时,癌症早期治疗的效果还是不错的!所以,大家只要提高防癌意识,增强早筛早诊早治,癌症也不是那么可怕!
而在我们的日常生活中,存在着许多致癌物质。小编就为大家整理了以下十个字,它们都与癌症密不可分,来看看你中招了没!
སྐྲན་ནད་སྐོར་གླེང་སྐབས་མི་མི་ཉུང་བ་ཞིག་གིས་རྟག་ཏུ་འཆི་བ་དང་འབྲེལ་བ་བྱས་ཏེ་སྐྲན་ནད་ཕོག་ཚེ་ཚེ་སྲོག་ལ་འཇིགས་སྣང་སྐུལ་བ་མ་ཟད་འཚོ་བའི་སྤུས་ཚད་ཀྱང་ཧ་ཅང་ཞན་དུ་འགྲོ་བའི་ངོས་འཛིན་བྱེད་ཀྱི་ཡོད།
དོན་དངོས་སུ་སྐྲན་ནད་ནི་རྒྱུད་འཛིན་གྱི་རྒྱུ་རྐྱེན་དང་།འཚོ་བ་སྐྱེལ་སྟངས།ཁོར་ཡུག་གི་རྒྱུ་རྐྱེན་སོགས་དང་འབྲེལ་བ་དམ་པོ་ཡོད།གལ་ཏེ་དུས་ལྟར་ཤེས་ན།སྐྲན་ནད་ཀྱི་སྔ་དུས་སྨན་བཅོས་ཀྱི་ཕན་འབྲས་བཟང་། དེར་བརྟེན།ཚང་མས་སྐྲན་ནད་འགོག་པའི་འདུ་ཤེས་ཇེ་མཐོར་བཏང་སྟེ།སྔ་མོར་ནད་གཞི་བརྟག་ན་སྔ་མོར་སྨན་བཅོས་བྱེད་པ་དང་།སྐྲན་ནད་ཀྱང་དེ་འདྲ་འཇིགས་སུ་རུང་མི་སྲིད།
ང་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྐྲན་ནད་བཟོ་བའི་དངོས་རྫས་མང་པོ་ཡོད། ད་ལྟ་ངས་ཚང་མར་གཤམ་གྱི་ཡི་གེ་བཅུ་ལེགས་སྒྲིག་བྱས་པ་དང་།དེ་དག་ཚང་མ་སྐྲན་ནད་དང་ཁ་འབྲལ་ཐབས་མེད་པ་རེད།ཁྱོད་ལ་གཡོ་འོག་ཏུ་ཚུད་ཡོད་མེད་ལ་བལྟ་རུ་ཤོག།
1
霉 / 黄曲霉素毒性是砒霜的68倍
ཧམ།ཧོང་ཆུས་མེ་སུའུ་དུག་གཤིས་ནི་ངོ་ཕུར་གྱི་ལྡབ་68རེད།
黄曲霉素是一种毒性极强的物质,早在1993年就被世界卫生组织定为I类致癌物,1mg黄曲霉素就达到了致癌的剂量。
黄曲霉素最喜欢藏在水分含量高、霉变的禾谷类作物、油料作物籽实及其加工品中,如发霉的玉米、花生等。
此外,苦味或哈喇味的坚果、长期使用的木块、案板中也有黄曲霉素的身影。
ཧོང་ཆུས་མེ་སུའུ་ནི་དུག་ཤུགས་ཤིན་ཏུ་ཆེ་བའི་དངོས་པོ་ཞིག་ཡིན། 1993ལོ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྐྲན་ནད་འབྱུང་བའི་དངོས་པོའི་རིགས་Iརུ་གཏན་འཁེལ་བྱས་པ་དང་།༡mgཧོང་ཆུས་མའེ་སུའུ་སྐྲན་ནད་འབྱུང་བའི་ཚད་ལ་སླེབས་པ་རེད།
ཧོང་ཆུས་མེ་སུའུ་ནི་ཆུའི་འདུས་ཚད་མཐོ་བ་དང་ཧམ་སྤུ་བརྒྱབ་པའི་ལོ་ཏོག་དང་སྣུམ་རྒྱུའི་ལོ་ཏོག་གི་འབྲུ་རིགས་དང་དེ་བཞིན་ལས་སྣོན་དངོས་རྫས་ནང་སྦས་རྒྱུར་དགའ་ཤོས་ཡིན་པ་དཔེར་ན་ཧམ་སྤུ་བརྒྱབ་པའི་མ་རྨོས་ལོ་ཏོག་དང་བ་དམ་སོགས་ལྟ་བུ་རེད།
དེ་ལས་གཞན་པ་ལ།བྲོ་བ་ཁ་མོ་འམ་ཡང་ན་ཧ་ལ་བྲོ་བ་ཅན་གྱི་ཤུན་མཁྲེགས་ཤིང་ཏོག་ཡུན་རིང་ལ་བཀོལ་སྤྱོད་བྱེད་པའི་ཤིང་ལེབ།ཅོག་ཙེ་སྟེང་ན་ཡང་ཧོང་ཆུས་མའེ་སུའུ་ཡི་གཟུགས་བརྙན་ཡོད།
2
烫 / 65度很危险
ཚ་དྲགས་པ།/ཏུའུ་65ཉེན་ཁ་ཤིན་ཏུ་ཆེ་།
中国人在饭桌上爱说“趁热吃、多吃点儿”。但劝人“趁热吃”可是在害人呐。
日前,世界卫生组织下属的国际癌症研究机构(IARC)发布在最新出版的《柳叶刀·肿瘤学》杂志上的一份研究报告显示,饮用65℃以上的热饮,会增加患食道癌的风险。不仅是热饮,深受川渝地区人民偏爱的火锅等热食也有同样的危害。
65℃以上的温度会烫伤黏膜,引起起泡、脱皮、发炎、破损、出血等伤害,而长期食用过热、过烫的食物,会增加患食管癌的风险。
ཀྲུང་གོའི་མི་ཡི་ཁ་ལག་ཟ་སའི་སྒྲོག་ཙེའི་ཐོག་བཤད་རྒྱུར་དགའ་བ་ཞིག་ནི་།“ཚ་བ་དང་བསྟུན་ནས་མང་ཙམ་ཟ་དང་།མང་ཙམ་ཟོ་།” ཡིན་ནའི་མི་གཞན་ལ་ཁ་ཏ་བྱས་ནས་“ཚ་ཐོག་ལ་ཟ་”དེ་ནི་མི་ལ་གནོད་འཚེ་གཏོང་བཞིན་ཡོད།
ཉིན་ཤས་གོང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་སྒྲིག་གཞི(IARC)གསར་དུ་པར་སྐྲུན་བྱས་པའི《ལིའུ་ཡེ་ཏའོ·སྐྲན་ནད་རིག་པའི་》དུས་དེབ་ཐོག་གི་ཞིབ་འཇུག་སྙན་ཞུ་ཞིག་ལས་མངོན་པར།འཐུང་ཆུའི་65℃ཡན་གྱི་འཐུང་ཇ་ཚ་པོ་འཐུང་ཚེ་མིད་སྐྲན་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པ་རེད། འཐུང་ཆུ་ཚ་པོ་ཙམ་གྱིས་མ་ཚད།སི་ཁྲོན་དང་ཁྲུང་ཆིན་ས་ཁུལ་གྱི་མི་དམངས་ཀྱིས་དགའ་པོ་བྱེད་པའི་རྒྱ་ཁོག་སོགས་ཟ་བར་ཡང་དེ་དང་འདྲ་བའི་གནོད་འཚེ་ཡོད།
65℃ཡན་གྱི་དྲོད་ཚད་ཀྱིས་འབྱར་སྐྱིའི་སྟེང་དུ་བསྲེགས་ནས་ཆུ་ལྒང་ཐོན་པ་དང་།པགས་པ་བུད་པ།གཉན་ཁ་རྒྱས་པ།རལ་བ།ཁྲག་ཐོན་པ་སོགས་ཀྱི་གནོད་འཚེ་ཕོག་གི་ཡོད།འོན་ཀྱང་དུས་ཡུན་རིང་པོར་ཚ་དྲགས་པའི་ཟས་རིགས་བཟས་ན་མིད་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད།
3
烟 / 炒菜油烟易导致肺癌
དུ་བ་/ཚལ་རྔོ་བའི་སྣུམ་དང་དུ་བ་ཡི་གློ་སྐྲན་འབྱུང་སླ་།
中老年女性因长期接触高温油烟,其患肺癌的危险性增加了2-3倍。调查显示,在非吸烟的女性肺癌危险因素中,超过60%的女性长期接触厨房油烟。
དར་མ་དང་རྒན་རྒོན་གྱི་བུད་མེད་ཀྱིས་དུས་ཡུན་རིང་པོར་དྲོད་ཚད་མཐོ་བའི་སྣུམ་གྱི་དུ་བ་དང་འཕྲད་པས་གློ་སྐྲན་གྱི་ཉེན་ཁའི་རང་བཞིན་ལྡབ2ནས3བར་འཕར་། བརྟག་དཔྱད་བྱས་པ་ལས་མངོན་པར།ཐ་མག་མི་འཐེན་པའི་བུད་མེད་ཀྱི་གློ་སྐྲན་གྱི་ཉེན་ཁའི་རྒྱུ་རྐྱེན་ཁྲོད་60%ལྷག་ཙམ་གྱིས་བུད་མེད་ཀྱིས་ཡུན་རིང་ཐབ་ཚང་གི་སྣུམ་དང་དུ་བ་ལ་འབྲེལ་བ་ཡོད།
4
腌 / 亚硝酸盐会致癌
བསྙལ།/ཟེ་སྐྱུར་ཚྭ་ཡི་སྐྲན་ནད་འབྱུང་སྲིད།
中国人喜欢吃腌制食品,特别是逢年过节,香肠腊肉、咸鱼、酸菜等腌制食品更是饭桌上必不可少的美味佳肴。在这些腌制食品中,含有一种强致癌物——亚硝酸盐。事实上,90%的亚硝胺类物质都被证实属于致癌物。
ཀྲུང་གོའི་མི་ནི་བསྙལ་བཟོས་ཟས་རིགས་ཟ་རྒྱུར་དགའ།ལྷག་པར་དུ་ལོ་གསར་སྐབས་དང་དུས་ཆེན་སྐབས་དང་བསྟུན་ནས་ཕག་རྒྱུ་ཤ་དང་།ཉ་ཚྭ་ཅན།སྐྱུར་ཚལ་སོགས་བསྙལ་བཟོས་ཟས་རིགས་ནི་སྒྲོག་ཙེ་ཐོག་མེད་དུ་མི་རུང་བའི་ཞིམ་ཟས་ཤིག་རེད། བསྙལ་བཟོས་ཟས་རིགས་འདི་དག་གི་ཁྲོད་དུ་སྐྲན་ནད་བཟོ་བའི་དངོས་པོ་སྟེ་ཟེ་སྐྱུར་ཚྭ་འདུས་ཡོད། དོན་དངོས་སུ་90%ཡི་ཟེ་ཨེན་རིགས་ཀྱི་དངོས་པོ་ཚང་མ་སྐྲན་ནད་བཟོ་བའི་དངོས་པོ་ཡིན་པ་བདེན་དཔང་བྱས་ཡོད།
5
糖 / 每天超过25克就很危险
མངར་ཆ།/ཉིན་རེར་ཁེ་25ལས་བརྒལ་ན་ཉེན་ཁ་ཧ་ཅང་ཆེ་།
每日摄入的糖尽量不超过25g。
ཉིན་རེར་བསྡུ་ལེན་བྱས་པའི་མངར་ཆ་སྤྱི་རྒྱ་༢༥ལས་མི་བརྒལ་བ་བྱེད་དགོས།
瑞典科学家曾对8万名参与者进行了长达9年的跟踪调查。结果显示,与很少喝甜饮料的人相比,每天喝两杯甜饮料的人患胰腺癌的风险要高90%;每天吃5小勺糖的人,患胰腺癌的风险要比不吃糖的人高70%;每天用甜水果酱涂抹面包片的人,患胰腺癌风险也比不吃甜食者增大50%。
这一结果发表在《美国临床营养学杂志》上,引起了营养界和医学界的普遍关注。
སུའེ་ཏེན་གྱི་ཚན་རིག་མཁས་ཅན་གྱིས་སྔོན་ཆད་མི་ཁྲི་8ལ་ལོ་9ཡི་རྗེས་འདེད་བརྟག་དཔྱད་བྱས་པ་རེད། མཇུག་འབྲས་ལས་མངོན་པར།བཏུང་བྱ་མངར་མོ་འཐུང་རྒྱུ་ཉུང་བའི་མི་དང་བསྡུར་ན།ཉིན་ལྟར་བཏུང་བྱ་མངར་མོ་པི་ཙེ་གཉིས་འཐུང་མཁན་ལ་ཤན་རྨེན་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་90%མཐོ་བ་དང་། ཉིན་རེར་ཀ་ར་ཐུར་མ་ལྔ་ཟ་བའི་མི་ལ་ཤན་རྨེན་སྐྲན་ནད་ཀྱི་ཉེན་ཁ་ནི་ཀ་ར་མི་ཟ་བའི་མི་ལས་བརྒྱ་ཆའི་70ཡིས་མཐོ་བ་དང་། ཉིན་རེར་ཞིམ་ཆུ་ཤིང་ཏོག་བསྣུར་མ་བཀོལ་ནས་བག་ལེབ་ལ་བྱུགས་ནས་ཟ་བའི་མིས་ཤན་རྨེན་སྐྲན་ཀྱི་ཉེན་ཁ་ཡང་མངར་ཟས་མི་ཟ་མཁན་ལས་50%ཡིས་ཆེ།
མཇུག་འབྲས་དེ་《ཨ་རིའི་ནད་ཐོག་འཚོ་བཅུད་རིག་པའི་དུས་དེབ་》ཐོག་བཀོད་ཡོད་པས་འཚོ་བཅུད་ལས་རིགས་དང་གསོ་རིག་ལས་རིགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད།
6
油 / 高脂饮食不提倡
སྣུམ།/ཚིལ་མཐོ་བཟའ་བཏུང་དར་སྤེལ་མི་བྱེད་པ།
脂肪饮食是指饮食中包括高脂肪食物的一种饮食方式,比如油炸食品、肥肉、动物内脏、奶油制品等都属于高脂肪食物。要知道,油炸食物中含有苯并芘,是一种常见的致癌物,长期食用高脂肪垃圾食品或可诱发肠癌等多种癌症。
ཚིལ་གྱི་བཟའ་བཏུང་ནི་བཟའ་བཏུང་གི་ཁྲོད་དུ་ཚིལ་མཐོ་ཟས་རིགས་འདུས་པའི་བཟའ་བཏུང་བྱེད་སྟངས་ཤིག་ཡིན།དཔེར་ན།སྣུམ་བཙོས་ཟས་རིགས་དང་།ཤ་ཚོད།སྲོག་ཆགས་ཀྱི་ནང་ཁྲོལ།མར་གྱི་ཐོན་རྫས་སོགས་ཚང་མ་ཚིལ་མཐོ་ཟས་རིགས་སུ་གཏོགས། ཤེས་དགོས་པ་ཞིག་ལ།སྣུམ་བཙོས་བཟའ་བཅའི་ནང་བོན་པིན་བེ་འདྲེས་ཡོད་ལ།དེ་ནི་རྒྱུན་མཐོང་གི་སྐྲན་ནད་བཟོ་བའི་དངོས་པོ་ཞིག་ཡིན།དུས་ཡུན་རིང་བོར་ཚིལ་མང་གད་སྙིགས་ཀྱི་ཟས་རིགས་སྤྱོད་ན་རྒྱུ་མའི་སྐྲན་ནད་སོགས་སྐྲན་ནད་སྣ་ཚོགས་སློང་སྲིད།
7
酒 / 醉酒一次相当于一次肝炎
ཆང།ར་བཟི་བ་ཐེངས་གཅིག་ནི་མཆིན་ཚད་ཐེངས་གཅིག་ཕོག་པ་དང་མཚུངས་།
酒精可以致癌,长期饮酒的人容易发生肝硬化,进而引发肝癌。
研究发现,醉酒1次,就相当于得1次轻度肝炎。
正常人平均每日饮酒精40-80克,5年内患慢性酒精性肝病的概率为50%,8-10年就可发生肝硬化,进而引发肝癌。长期过量饮酒者,平均缩短寿命20-30年,无疑是慢性自杀。
ཆང་བཅུད་ཀྱིས་སྐྲན་ནད་སློང་ཐུབ་པ་དང་།དུས་ཡུན་རིང་བོར་ཆང་འཐུང་བའི་མི་ལ་མཆིན་པ་སྲ་འགྱུར་འབྱུང་སླ་།དེ་ནས་མཆིན་སྐྲན་འབྱུང་སྲིད་པ་རེད།
ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར།ཆང་གིས་བཟི་ཐེངས་གཅིག་ལ་མཆིན་ཚད་ཐེངས་1ཕོག་པ་དང་གཅིག་མཚུངས་ཡིན།
རྒྱུན་ལྡན་གྱི་མི་ཡིས་ཉིན་རེར་ཆ་སྙོམས་སུ་ཆང་ཁེ་40-80འཐུང་བ་དང་།ལོ5ཡི་ནང་དུ་དལ་གཤིས་ཆང་བཅུད་རང་བཞིན་གྱི་མཆིན་ནད་བྱུང་བའི་སྲིད་ཕྱོད་ནི་50%ཡིན།ལོ8-10ཡི་ནང་དུ་མཆིན་པ་སྲ་འགྱུར་བྱུང་ནས་སྐྲན་ནད་འབྱུང་། དུས་ཡུན་རིང་པོར་ཆང་འཐུང་ནས་ཚད་ལས་བརྒལ་བ་འཐུང་མཁན་ལ་ཆ་སྙོམས་ཀྱིས་བཀོལ་ཡུན་ལོ་20-30ཇེ་ཐུང་དུ་བཏང་ན།དལ་མོའི་ངང་རང་སྲོག་བཅད་པར་ཐེ་ཚོམ་མེད།
8
咸 / 每日食用不超过6g
ཚྭ་ཁུ།/ཉིན་རེར་ཁ་ཟས་སྤྱི་རྒྱ་6ལས་བརྒལ་མི་རུང་།
中国人饮食有一个习惯就是重口味,然而,吃得太咸会导致胃黏膜屏障的慢性损伤,日久会增加对致癌物质的易感性,导致胃癌发生。高盐饮食的人和那些清淡饮食的人相比,胃癌的相对发病风险要增加接近两倍。
中国营养学会建议,健康成年人每天食盐量不超过5g。
ཀྲུང་གོའི་མིའི་བཟའ་བཏུང་ལ་གོམས་གཤིས་ཤིག་ཡོད་པ་དེ་ནི་ཟས་ཀྱི་བྲོ་བ་ལྕི་མོ་ཡིན་མོད།འོན་ཀྱང་ཚྭ་མང་དུ་ཟོས་ན་ཕོ་བའི་འབྱར་སྐྱི་འགོག་ཡོལ་གྱི་དལ་བའི་རང་བཞིན་གྱི་དམས་སྐྱོན་འབྱུང་ལ།ཡུན་རིང་འགོར་ན་སྐྲན་བཟོ་བའི་དངོས་རྫས་ཀྱི་འབྱུང་སླ་བའི་རང་བཞིན་ཇེ་མཐོར་སོང་སྟེ་ཕོ་བའི་སྐྲན་ནད་འབྱུང་བར་བྱེད། ཚྭ་མང་བའི་བཟའ་འཐུང་གི་མི་དང་ལྟོ་འཇུ་བདེ་བའི་རིགས་ཀྱི་མི་བསྡུར་ན།ཕོ་བའི་སྐྲན་གྱི་བལྟོས་བཅས་ཀྱི་ནད་འབྱུང་བའི་ཉེན་ཁ་ལྡབ་གཉིས་ཙམ་མང་དུ་འགྲོ་བཞིན་ཡོད།
ཀྲུང་གོ་འཚོ་བཅུད་སློབ་ཚོགས་ཀྱིས་བདེ་ཐང་དར་མའི་ཉིན་རེའི་བཟའ་ཚྭའི་ཚད་སྤྱི་རྒྱ་5ལས་བརྒལ་མི་རུང་བའི་གྲོས་འགོ་བཏོན་པ་རེད།
9
熏 / 含强致癌物苯并芘
དུ་བདུག།/སྐྲན་ནད་འབྱུང་བའི་དངོས་པོ་བོན་པིན་བེ་འདུས་པ།
很多人喜欢吃烧烤喝啤酒,但是,这样过瘾的美味烤肉却存在着致癌风险。
烤肉时产生的致癌物有两类:一类叫做“杂环胺”,另一类叫做“多环芳烃”。肉类的蛋白质遇热后容易产生杂环胺,而烤肉的香味来源就是多环芳香烃类化合物,最多的就是苯并芘。
这些致癌物会在人体内长期积聚,损伤人的肠胃、肝脏,容易造成胃癌、肝癌及胰腺癌。
མི་མང་པོ་ཞིག་བསྲེགས་ཟས་དང་སྦི་རག་འཐུང་བར་དགའ།འོན་ཀྱང་འདི་འདྲའི་བྲོ་བ་ཞིམ་པའི་ཤ་བསྲེགས་མ་ལ་སྐྲན་ནད་འབྱུང་བའི་ཉེན་ཁ་ཡོད།
ཤ་བསྲེགས་སྐབས་སུ་བྱུང་བའི་སྐྲན་སྐྱེད་དངོས་རྫས་ལ་རིགས་གཉིས་ཡོད་དེ།རིགས་གཅིག་ལ་“འདྲེས་གདུབ་ཨེན་”ཟེར་བ་དང་།རིགས་གཞན་ཞིག་ལ་“མང་གདུབ་ཧྥང་ཅིང་”ཟེར། ཤ་རིགས་ཀྱི་སྤྲི་དཀར་རྫས་ཚ་པོ་ཆ་རྗེས་འདྲེས་གདུབ་ཨེན་འབྱུང་སླ་བ་དང་།ཤ་བསྲེགས་མའི་དྲི་ཞིམ་འབྱུང་ཁུངས་ནི་མང་གདུབ་ཧྥང་ཅིང་གྱི་འདྲེས་འགྱུར་རྫས་ཡིན་ལ།མང་ཤོས་ནི་བོན་པིན་བེ་ཡིན།
སྐྲན་སྐྱེད་དངོས་རྫས་འདི་དག་མིའི་ལུས་སྟེང་དུ་དུས་ཡུན་རིང་པོར་བསགས་ནས་མིའི་ཕོ་རྒྱུ་དང་མཆིན་པ་ལ་གནོད་པ་ཐེབས་པས།ཕོ་བའི་སྐྲན།མཆིན་པའི་སྐྲན།ཤན་རྨེན་གྱི་སྐྲན་བཅས་འབྱུང་སླ།
10
懒 / 运动是有效预防癌症手段
སྒྱིད་ལུག།/ལུས་རྩལ་ནི་སྐྲན་ནད་སྔོན་འགོག་བྱེད་པའི་ཐབས་ཤེས་ནུས་ལྡན་ཞིག་ཡིན་།
我们现在常说“懒癌”,懒虽然不算是一种病,但懒可以引起很多疾病。
有研究发现,久坐的生活方式会增加患结肠癌等癌症的风险,因此,为了我们身体的健康,一起动起来吧!
ང་ཚོས་ད་ལྟ་རྒྱུན་དུ་“སྒྱིད་ལུག་གི་སྐྲན་ནད་”ཅེས་བཤད་ཀྱི་ཡོད་ཅིང།སྒྱིད་ལུག་ནི་ནད་ཞིག་ཏུ་མི་བརྩི་མོད།འོན་ཀྱང་སྒྱིད་ལུག་གིས་ནད་མང་པོ་སློང་སྲིད།
ཞིབ་འཇུག་ལས་ཤེས་པ་ལྟར་ན།ཡུན་རིང་བསྡད་ནས་འཚོ་བ་རོལ་ན་རྒྱུ་མའི་སྐྲན་སོགས་སྐྲན་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ།དེའི་ཕྱིར་ང་ཚོའི་ལུས་ཕུང་བདེ་ཐང་གི་ཆེད་དུ་མཉམ་དུ་ལུས་སྦྱོང་བྱ་དགོས།