您的位置:首页> 科普宣传 > >

警惕!你身边的这些物品,可能都是致癌的元凶!

发布时间:2022-06-29 09:38:51 来源:西藏阜康肿瘤医院 阅读:0

01

酒及含酒精的饮料

乙醇在体内代谢的中间产物为乙醛,乙醛会造成细胞中的DNA损伤或双链断裂,从而致癌。乙醇还是很好的溶剂,很多致癌物会溶解在乙醇中。某些酒精饮料中含石棉纤维、砷、镍等致癌物质;酒、酒精饮料生产发酵、蒸馏过程中还可能产生多环芳烃类(如苯并芘)等致癌物。因此,酒精是产生诱发口咽癌、喉头癌、食道癌、肝癌、大肠癌以及乳腺癌的重要危险因素。‍

.ཨ་རག་དང་ཆང་བཅུད་འདྲེས་པའི་འཐུང་ཆ་།

ཁ་ཕྲུན་གྱིས་ལུས་པོའི་ནང་རྙིང་ཚབ་གསར་བྱེད་བྱས་པའི་ཐོན་དངོས་ནི་ཁ་ཆོན་ཡིན།ཁ་ཆོན་གྱིས་ཕྲ་ཕུང་ཁྲོད་ཀྱི་DNAལ་གནོད་སྐྱོན་དང་ཡང་ན་གས་ཆག་བྱུང་ནས་འབྲས་སྐྲན་སློང་སྲིད། ཁ་ཕྲུན་ནི་ཞུ་བྱེད་རྫས་ལེགས་པོ་ཞིག་ཡིན་པས།སྐྲན་ནད་འབྱུང་བའི་དངོས་པོ་མང་པོ་ཞིག་ཁ་ཁྲུན་ནང་དུ་ཞུ་བཞིན་ཡོད། ཆང་བཅུད་བཏུང་བྱ་ཁ་ཤས་ནང་དུ་རྡོ་བལ་ཚི་སྣ་དང་།སེན།ནིའེ་སོགས་སྐྲན་ནད་བཟོ་བའི་དངོས་པོ་འདུས་ཡོད། ཨ་རག་དང་ཆང་བཅུད་བཏུང་བྱ་ཐོན་སྐྱེད་བསྙལ་བ།རླངས་འབེབས་བྱེད་པའི་གོ་རིམ་ཁྲོད་ད་དུང་གདུབ་ཧྥང་ཐིན་རིགསདཔེར་ན་བོན་པིན་བེ་སོགས་སྐྲན་ནད་བཟོ་བའི་རྫས་ཀྱང་འབྱུང་སྲིད། དེར་བརྟེན།ཆང་བཅུད་ནི་མིད་པའི་སྐྲན་དང་།ཨོལ་མགོའི་སྐྲན།མིད་ལམ་སྐྲན།མཆིན་པའི་སྐྲན།རྒྱུ་མའི་སྐྲན།ནུ་མའི་སྐྲན་བཅས་སློང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།


图片



02

吸烟

香烟中含大量苯并芘等多环芳烃、酚类化合物、甲醛等致癌物,是诱发肺癌、喉癌、唇癌、舌癌、口腔癌、食道癌、胃癌、结肠癌、胰腺癌、膀胱癌、肾癌和子宫颈癌的重要危险因素。‍

.ཐ་མག་འཐེན་པ་།

ཐ་མག་གི་ནང་དུ་བོན་པིན་བེ་སོགས་གདུབ་མང་ཧྥང་ཐིན་དང་།ཧྥུན་རིགས་འདྲེས་འགྱུར་རྫས་།ཆོན་ཀ་པ་སོགས་འབྲས་སྐྲན་སྐྱེད་རྫས་མང་པོ་འདུས་ཡོད།དེ་ནི་གློ་སྐྲན་དང་།ཨོལ་སྐྲན།མཆུ་སྐྲན་།ལྕེ་སྐྲན།ཁའི་སྐྲན་ནད།ཕོ་བའི་སྐྲན།རྒྱུ་མའི་སྐྲན།ཤན་རྨེན་སྐྲན།ལྒང་སྐྲན།མཁལ་མའི་སྐྲན།བུ་སྣོད་སྐྲན་བཅས་སློང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།



03

二手烟雾

吸烟者吐出的冷烟雾中,焦油含量比吸烟者吸入的热烟雾中的多1倍,苯并芘多2倍。‍

.ཐ་མག་འཐེན་མཁན་གྱི་གམ་དུ་བསྡད་ན་ཡང་གནོད་ཚབས་ཆེ་།

ཐ་མག་འཐེན་མཁན་གྱིས་བཏོན་པའི་དུ་བའི་ནང་དུ་འཚིག་སྣུམ་འདུས་ཚད་ནི་ཐ་མག་འཐེན་མཁན་གྱི་རྔུབ་པའི་དུ་བའི་ཁྲོད་ལས་ལྡབ་གཅིག་གིས་མང་ལ།བོན་པིན་བེ་ལྡབ་2ཀྱིས་མང་།



04

加工过的肉类(摄入)

腌制肉类含有较多亚硝酸盐、磷酸盐,熏制肉类含有多环芳香烃化合物(苯并芘)。可能产生诱发多种癌症,是产生诱发结直肠癌的重要危险因素。‍

.ལས་སྣོན་བྱས་ཟིན་པའི་ཤ་རིགས།

བསྙལ་བའི་ཤ་རིགས་ལ་ཅུང་མང་བའི་ཟེ་སྐྱུར་ཚྭ་དང་ལཱིན་སྐྱུར་ཚྭ་འདུས་པ་དང་།ཤའི་རིགས་ཀྱི་ནང་དུ་གདུབ་མང་དྲི་ཞིམ་ཐིན་འདྲེས་འགྱུར་རྫས་འདུས་ཡོད། སྐྲན་ནད་སྣ་ཚོགས་སློང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།




05

中式咸鱼

腌制过程产生大量亚硝酸盐,是产生诱发鼻咽癌的重要危险因素。‍

.ཀྲུང་ལུགས་བསྙལ་ཉ་།

བསྙལ་བའི་གོ་རིམ་ཁྲོད་ཟེ་སྐྱུར་ཚྭ་མང་པོ་འབྱུང་ནས།དེ་ནི་སྣ་མིད་སྐྲན་ནད་སློང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།



06

槟榔果

槟榔粗纤维多,经常吃会对口腔黏膜组织造成持续伤害,导致癌变。制作过程中残留的碱性物质和槟榔中含有的生物碱,会破坏黏膜细胞的细胞膜,破坏细胞的DNA。是产生诱发口腔癌的重要危险因素。‍

. གོ་ཡུ་ །

གོ་ཡུ་ལ་ཚི་སྣ་མང་པས།རྒྱུན་དུ་ཟས་ན་ཁའི་འབྱར་སྐྱིའི་ཕུང་གྲུབ་ལ་མུ་མཐུད་དུ་གནོད་འཚེ་བཟོས་ཏེ་སྐྲན་དུ་འགྱུར་སྲིད། བཟོ་བའི་བརྒྱུད་རིམ་ཁྲོད་ཀྱི་བུལ་གཤིས་དངོས་པོ་དང་གོ་ཡུའི་ནང་དུ་འདུས་པའི་སྐྱེ་དངོས་བུལ་གྱིས་འབྱར་སྐྱི་ཕྲ་ཕུང་གི་ཕྲ་ཕུང་སྐྱི་མོར་གཏོར་བརླག་དང་ཕྲ་ཕུང་གི་DNAལ་གཏོར་བརླག་བྱེད་སྲིད། ཁའི་སྐྲན་ནད་སློང་བའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།


图片



07

室外空气污染

易导致肺癌,患膀胱癌的风险也会增加。‍

.ཕྱིའི་མཁའ་རླུང་སྦག་བཙོག་འབྱུང་བ།

གློ་སྐྲན་འབྱུང་སླ་ལ།ལྒང་སྐྲན་འབྱུང་བའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད།



08

柴油发动机排气

尾气中含有上百种不同的化合物,已证实与肺癌、膀胱癌有关联性。‍

.ཁྲའེ་ཡིའུ་སྣུམ་གྱི་སྒུལ་བྱེད་འཕྲུལ་འཁོར་གྱི་རླངས་འདོན།

མཇུག་རླངས་ནང་དུ་མི་འདྲ་བའི་འདྲེས་འགྱུར་རྫས་རིགས་བརྒྱ་ལྷག་འདུས་ཡོད་ལ།གློ་སྐྲན་དང་ལྒང་སྐྲན་ལ་འབྲེལ་བ་ཡོད་པ་བདེན་དཔང་བྱས།



09

苯并芘

存在于煤焦油中的化学物质,而煤焦油常见于汽车废气(尤其是柴油引擎)、烟草与木材燃烧产生的烟和炭烤食物中。是引起肺癌、消化道癌、膀胱癌、乳腺癌的高危因素。‍

.བོན་པིན་བེ་།

རྡོ་སོལ་འཚིག་སྣུམ་ཁྲོད་དུ་གནས་པའི་རྫས་འགྱུར་དངོས་རྫས་ཡིན་ལ།རྡོ་སོལ་འཚིག་སྣུམ་ནི་རླངས་འཁོར་གྱི་རླངས་རོ་དང་།ལྷག་པར་དུ་ཁྲའེ་ཡིའུ་སྣུམ་གྱི་སྒུལ་ཤུགས།རྡོ་ཐ་དང་ཤིང་ཆ་འབར་བ་ལས་བྱུང་བའི་དུ་བ་དང་སོལ་བསྲེགས་ཟས་རིགས་བཅས་ལ་རྒྱུན་དུ་མཐོང་རྒྱུ་ཡོད། དེ་ནི་གློ་སྐྲན་དང་འཇུ་ལམ་སྐྲན།ལྒང་སྐྲན།ནུ་མའི་སྐྲན་བཅས་སློང་བའི་ཉེན་ཆེའི་རྒྱུ་རྐྱེན་ཞིག་ཡིན།


图片



10

油漆、墙纸、地毯、打印机、汽车废气、合成纤维、建筑装饰材料、人造板家具和香烟的烟雾中都含有苯。苯在人体中代谢的产物会导致DNA链的断裂和破碎,诱发白血病。‍

༡༠བོན་།

བཀྲག་རྩི་དང་།གྱང་ཤོག།བསྐྱར་པར་འཕྲུལ་འཁོར།རླངས་འཁོར་གྱི་རླངས་རོ།འདྲེས་གྲུབ་ཚི་སྣ།ཨར་ལས་ཀྱི་རྒྱན་ཆ།མིས་བཟོས་པང་ལེབ་ཀྱི་ཁྱིམ་ཆས།ཐ་མག་བཅས་ཚང་མའི་ནང་དུ་བོན་འདུས་ཡོད། བོན་གྱིས་མིའི་ལུས་ཁམས་སུ་རྙིང་ཚབ་གསར་བྱེད་བྱས་པའི་ཐོན་དངོས་ཀྱིས་DNAསྦྲེལ་མཐུད་ཆད་་སྟེ་ཁྲག་རིལ་དཀར་པོའི་ནད་སློང་སྲིད



11

甲醛

普通人主要通过新装修家居中的人造板材接触到甲醛。可导致鼻咽癌、新生儿畸形、儿童白血病、霍奇金淋巴瘤、多发性骨髓瘤、骨髓性白血病等。‍

༡༡.ཆོན་ཀ་པ།

སྤྱིར་བཏང་གི་མིས་གཙོ་བོ་གསར་དུ་སྒྲིག་སྦྱོར་བྱས་པའི་ཁྱིམ་ཆས་ཁྲོད་ཀྱི་མིས་བཟོས་པང་ལེབ་རྒྱུ་ཆ་བརྒྱུད་ནས་ཆོན་ཀ་པ་དང་འཕྲད་ཡོད། དེས་སྣ་འགྲེ་སྐྲན།ཕྲུ་གུ་དམར་འབྱར་ཡ་མ་གཟུགས་ཅན།བྱིས་པའི་ཁྲག་རིལ་དཀར་པོའི་ནད།ཧོ་ཆི་ཅིན་རྨེན་བུའི་སྐྲན།ཕོག་སླའི་རང་བཞིན་གྱི་རུས་རྐང་སྐྲན། རུས་རྐང་རང་བཞིན་གྱི་ཁྲག་རིལ་དཀར་པོའི་ནད།



12

未经处理或轻度处理矿物油

用于制造发乳、发油、发蜡、口红、面油、护肤脂等,也用于食品添加剂。它是石油的副产物,含多种烃类物质,多环芳烃、重金属等杂质可能诱发癌症。‍

༡༢.ཐག་གཅོད་མ་བྱས་པའམ་ཡང་ན་གཏེར་རྫས་སྣུམ་ཐག་གཅོད་ཡང་མོ་བྱས་པ།

སྣུམ།སྐྲ་སྣུམ།མཆུ་བྱུག་རྫས་དམར་པོ།གདོང་སྣུམ།པགས་སྲུང་ཚིལ་སོགས་བཟོ་བར་སྤྱོད་ལ།ཟས་རིགས་ཀྱི་སྦྱོར་རྟར་ཡང་སྤྱོད་ཀྱིན་ཡོད། དེ་ནི་རྡོ་སྣུམ་གྱི་ཐོན་དངོས་ཕལ་བ་ཞིག་ཡིན་ལ།ཐིན་རིགས་ཀྱི་དངོས་པོ་མང་པོ་འདུས་ཡོད།གདུབ་མང་ཧྥང་ཐིན་དང་ལྕགས་རིགས་ལྗིད་གྲས་སོགས་ཀྱི་སྙིགས་རོ་ཡིས་སྐྲན་ནད་སློང་སྲིད།



13

太阳辐射

过度暴晒,太阳光中的紫外线可导致皮肤癌。‍

༡༣.ཉི་མའི་འགྱེད་འཕྲོ་ཚད་ལས་བརྒལ་བ།

ཉི་མར་སྡོད་དྲགས་ན།ཉི་མའི་ནང་གི་སྨུག་ཕྱིའི་འོད་ཀྱིས་པགས་སྐྲན་བཟོ་སྲིད།



14

电离辐射(所有类型)

主要包括α射线、β射线、质子流、中子流、X射线、γ射线等。电离辐射可诱发多种类型DNA分子损伤,从而致癌。可能产生诱发白血病。‍

༡༤.གློག་གྱེས་འགྱེད་འཕྲོ་།

དེར་གཙོ་བོaའཕྲོ་ཐིག་དད་βའཕྲོ་ཐིག་རྫས་རྡུལ་རྒྱུན།དཀྱིལ་རྡུལ་རྒྱུན།Xའཕྲོ་ཐིག།γའཕྲོ་ཐིག་སོགས་འདུས། གློག་གྱེས་འགྱེས་འཕྲོ་ཡིས་DNAཆ་རྡུལ་རིགས་མང་པོ་ལ་གནོད་འཚེ་གཏོང་དུ་བཅུག་ནས།སྐྲན་སློང་བ་ཡིན།ཁྲག་རིལ་དཀར་པོའི་ནད་ཀྱང་སློང་སྲིད།



15

乙型肝炎病毒(慢性感染)

乙肝病毒可引起DNA重排和DNA片段丢失,并使肝细胞对其他致癌物的降解能力下降。‍

༡༥.མཆིན་ཚད་ཁ་པའི་ནད་དུག་།

མཆིན་ཚད་ཁ་པའི་ནད་དུག་གིསDNAབསྐྱར་སྒྲིག་དང་DNAདུམ་ཚན་བོར་བརླག་འབྱུང་དུ་འཇུག་པ་མ་ཟད།མཆིན་པའི་ཕྲ་ཕུང་གིས་སྐྲན་ནད་བཟོ་བའི་དངོས་པོ་གཞན་དག་གི་ཞུ་འབྱེད་བྱེད་ནུས་ཇེ་དམའ་རུ་གཏོང་སྲིད།



16

丙型肝炎病毒(慢性感染)

病毒核心蛋白与肝癌关系密切。‍

༡༦.མཆིན་ནད་ག་བའི་ནད་དུག་།

ནད་དུག་གི་ལྟེ་བའི་སྤྲི་དཀར་དང་མཆིན་སྐྲན་འབྲེལ་བ་དམ་པོ་ཡོད།



17

人乳头瘤病毒

DNA病毒,目前已分离出130多种亚型,分高危型和低危型,其中高危型16和18是导致宫颈癌的主要类型。‍

༡༧.མིའི་ནུ་ཏོག་སྐྲན་གྱི་ནད་དུག་།

DNAནད་དུག་ནི་མིག་སྔར་ཡཱ་རིགས་130ལྷག་དབྱེ་འབྱེད་བྱས་ཡོད་པ་དང་།ཉེན་ཁ་ཆེ་བའི་རིགས་དང་ཉེན་ཁ་ཆུང་བའི་རིགས་གཉིས་སུ་དབྱེ་ཡོད།དེའི་ནང་ཉེན་ཁ་ཆེ་བའི་རིགས་16དང་18ནི་མངལ་སྐེའི་སྐྲན་སློང་བའི་རིགས་གཙོ་བོ་ཡིན།



18

幽门螺杆菌(感染)

长期定居在胃部,会逐渐破坏胃肠道壁,是诱发胃癌的高危因素。‍

༡༨.ཕོ་སྲིན་དོག་བཅངས་འཁྲུགས་པ་། 

དུས་ཡུན་རིང་བོར་ཕོ་བ་ན་ཡོད་པས་རིམ་བཞིན་ཕོ་བར་གཏོར་བརླག་ཐེབས་སྲིད།དེ་ནི་ཕོ་བའི་སྐྲན་ནད་སློང་བའི་ཉེན་ཆེའི་རྒྱུ་རྐྱེན་ཞིག་ཡིན།



19

黄曲霉毒素

主要存在于发霉的粮食、坚果和油类产品中。长时间食用含低浓度黄曲霉毒素的食物,被认为是导致肝癌、胃癌和肠癌等疾病的主要原因。‍

༡༩.ཧོང་ཆུས་མེ་ཡི་དུག་རྒྱུ་།

གཙོ་བོ་ཧམ་སྤུ་རྒྱག་པའི་འབྲུ་རིགས་དང་།མཁྲེགས་འབྲས་སྣུམ་རིགས་ཐོན་རྫས་བཅས་ཀྱི་ནང་གནས་ཡོད། དུས་ཡུན་རིང་བོར་གར་ཚད་དམའ་བའི་ཧོང་ཆུས་མེ་ཡི་དུག་རྒྱུ་འདུས་པའི་ཟས་རིགས་ཟ་བ།དེ་ནི་མཆིན་སྐྲན་དང་ཕོ་བའི་སྐྲན།རྒྱུ་མའི་སྐྲན་ནད་སོགས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད།



20

雌激素-孕激素口服避孕药(合用)

可诱发肝癌,并增加患乳腺癌和子宫颈癌的风险。‍

༢༠.མོ་སྐུལ་རྩི།སྦྲུམ་སྐུལ་རྩི་ཁོང་དུ་བསྟེན་པའི་སྦྲུམ་འགོག་སྨན།མཉམ་སྤྱོད་བྱས་པ།

དེ་ལ་མཆིན་སྐྲན་འབྱུང་བར་མ་ཟད།ནུ་སྐྲན་དང་མངལ་སྐེའི་སྐྲན་གྱི་ཉེན་ཁ་ཡང་འབྱུང་སྲིད།



21

画家,油漆工,粉刷工等(职业暴露)

颜料中含镉、铅、汞、铬等重金属,涂料和有机溶剂含苯和甲醛等,长期接触会增加患癌风险。

༢༡.རི་མོ་བ།ཚོན་རྩིའི་བཟོ་པ།རྩི་བྱུགས་མཁན།ལས་རིགས་ཕྱིར་མངོན་པ།

ཚོན་རྫས་ཀྱི་ནང་དུ་ཁད་དང་།ཞ།ཆུ།ཁིར་སོགས་ལྕི་བའི་ལྕགས་རིགས་དང་།བྱུག་རྫས་དང་སྐྱེ་ལྡན་ཞུ་བྱེད་རྫས་སུ་བོན་དང་ཆོན་ཀ་པ་སོགས་འདུས་པས།དུས་ཡུན་རིང་བོར་འབྲེལ་གཏུག་བྱས་ན་སྐྲན་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།


图片




注意:

    以上所讲的致癌物会导致某些癌症,指的是长期、超量摄入或接触后的一种可能。如果你只是偶尔、少量吃一点,或偶尔、少量接触,还是不用担心的。‍

དོ་སྣང་བྱེད་དགོས་པ།

གོང་དུ་བཤད་པའི་སྐྲན་ནད་འབྱུང་བའི་དངོས་པོས་སྐྲན་ཁ་ཤས་འབྱུང་དུ་འཇུག་པ་ཞེས་པ་ནི་དུས་ཡུན་རིང་པོར་ཚད་ལས་བརྒལ་ནས་བསྡུ་ལེན་བྱེད་པའམ་ཡང་ན་འབྲེལ་གཏུག་བྱས་རྗེས་ཀྱི་འབྱུང་སྲིད་པའི་རིགས་ཤིག་ཡིན།གལ་ཏེ་ཁྱོད་ཀྱིས་མཚམས་རེར་ཉུང་ཙམ་ཟ་བ་དང་།སྐབས་འགར་ཉུང་ཙམ་ཟ་བ།མཚམས་རེར་ཉུང་ཙམ་ལེན་པ་སོགས་ལ་སེམས་ཁྲལ་བྱེད་མི་དགོས།