您的位置:首页> 医院动态 > >

我院选派护理骨干到四川省肿瘤医院参加专科护士培训

发布时间:2023-01-23 11:13:46 来源:西藏康城肿瘤医院 阅读:0
202231日,我院选派肿瘤外科姚丽敏、肿瘤内科李玉梅、肿瘤内科扎西玉珍、手术室罗鑫四位护理业务骨干到四川省肿瘤医院参加为期两个月的肿瘤专科培训、手术室专科培训、静脉治疗专科护士培训。

༢༠༢༢ལོའི་ཟླ་བ་༣ཚེས་༡ཉིན་ངེད་སྨན་ཁང་གིས་སྐྲན་ནད་ཕྱི་བཅོས་ཚན་ཁག་ཡའོ་ལི་མིན་དང་།སྐྲན་ནད་ཁོག་ནད་ཚན་ཁག་གི་ལི་ཡུས་མེ།སྐྲན་ནད་ཁོག་ནད་ཚན་ཁག་གི་བཀྲ་ཤིས་གཡུ་སྒྲོན།གཤགས་བཅོས་ཁང་ལུའོ་ཤིན་བཅས་ནད་སྐྱོང་ལས་སྒོའི་རྐང་འཛིན་པ་བཞི་སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་དུ་དུས་ཡུན་ཟླ་བ་གཉིས་ཀྱི་སྐྲན་ནད་ཆེད་ལས་ཚན་ཁག་གི་གསོ་སྦྱོང་དང་།གཤག་བཅོས་ཁང་གི་ཆེད་ལས་ཚན་ཁག་གི་གསོ་སྦྱོང་།སྡོད་རྕིའི་སྨན་བཅོས་ཆེད་ལས་ཚན་ཁག་གི་ནད་སྐྱོང་གསོ་སྦྱོང་ནང་ཞུགས་སུ་བཅུག་པ་རེད།

图片


肿瘤内科姚丽敏的学习汇报
感谢院领导给我这次宝贵的学习机会,同时也要感谢在学习期间仍然在科室辛勤忙碌的同事,也感谢给予我帮助和支持的四川省肿瘤医院的老师和同学们。在学习期间不仅让我收获了丰富的专科理论知识,也见识到了先进的仪器设备、高超的操作技能、扎实的理论知识及综合能力和综合素质突出的护理团队,我自己在实践技能方面也有了很大的提升,使我对静脉治疗有了全新的认识。
སྨན་ཁང་གི་འགོ་ཁྲིད་ཀྱིས་ང་ལ་ད་ཐེངས་ཀྱི་རྩ་ཆེའི་སློབ་སྦྱོང་གི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་སློབ་སྦྱོང་བྱེད་རིང་སྔར་བཞིན་ཚན་ཁག་ཏུ་དཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་ལས་རོགས་རྣམས་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།ད་དུང་ང་ལ་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་གི་དགེ་རྒན་དང་སློབ་གྲོགས་ཚོར་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན། སློབ་སྦྱོང་བྱེད་རིང་ང་ལ་ཆེད་ལས་ཚན་ཁག་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་ཐོབ་པ་མ་ཟད།སྔོན་ཐོན་གྱི་དཔྱད་ཆས་སྒྲིག་ཆས་དང་།ཁྱད་དུ་འཕགས་པའི་བཀོལ་སྤྱོད་ལག་རྩལ།རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ཕྱོགས་བསྡུས་ནུས་པ།ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པའི་ནད་སྐྱོང་ཚོགས་པ་བཅས་ཀྱང་ཤེས་རྟོགས་ཐུབ་བྱུང་།ང་རང་ཉིད་ཀྱང་ལག་ལེན་གྱི་ནུས་རྩལ་ཐད་ལའང་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང།ལྷག་པར་དུ་སྡོད་རྩའི་སྨན་བཅོས་བྱེད་པར་ཡང་ངོས་འཛིན་གསར་བ་ཞིག་བྱུང། 

1.进修医院概况ཟབ་སྦྱོང་སྨན་ཁང་གི་གནས་ཚུལ་མདོར་བསྡུས།






四川省肿瘤医院(四川省第二人民医院),始建19792月,占地面积110亩,是一所集肿瘤治疗、预防、科研、教学,康复为一体的三级甲等肿瘤专科医院,是四川省、成都市医保和新农合定点单位医院,编制病床1500张,开放床位1590张。
སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་(སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པ་)ནི་༡༩༧༩ལོའི་ཟླ་བ་༢པར་བཙུགས་པ་དང།རྒྱ་ཁྱོན་མུའུ་༡༡༠ཟིན་པ་དེ་ནི་སྐྲན་ནད་སྨན་བཅོས་དང་།སྔོན་འགོག།ཚན་རིག་ཞིབ་འཇུག།སློབ་ཁྲིད་བཅས་གཞི་གཅིག་ཏུ་འདུས་པའི་ཀ་པ་རིམ་པ་གསུམ་པའི་སྐྲན་ནད་ཆེད་སྦྱོང་ཚན་ཁག་གི་སྨན་ཁང་ཞིག་ཡིན་པ།སི་ཁྲོན་ཞིང་ཆེན་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་དམིགས་འཛུགས་ཚན་པའི་སྨན་ཁང་ཡིན་པ་དང་ཉལ་ཁྲི་༡༥༠༠བཟོས་པ་དང་ཉལ་ཁྲི་༡༥༩༠སྤྱོད་ཆོག།

2.专科理论知识及技能方面 ཆེད་སྦྱོང་ཚན་ཁག་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ནུས་རྩལ་ཐད།






到院的第一天由郭老师组织举行静脉治疗专科培训开学典礼,并给我们讲解了在院培训期间的要求和专科护士的发展趋势。第一二周由各位优秀的护理前辈们为我们讲解了静脉治疗发展现状、主动治疗理念与静脉治疗护理技术操作规范以及静脉治疗前的血管评估等一系列专业知识,并在培训过程中,让同学们借助这个平台以案例分析进行讨论交流,分享成功的经验和学习心得,讨论平时工作中的疑难问题,在互相学习的同时相互交流各科室在护理专业及管理模式上的优势,在学习的过程中也深深体会到了自己的不足。第三周老师为我们进行了超声引导下PICC仿真血管穿刺、输液港维护和化疗药物静脉滴注操作规范技术的操作演练,此后便在导管室和临床科室进行了的置管操作和维护培训。

སྨན་ཁང་དུ་འབྱོར་བའི་ཉིན་དང་པོར་རྒན་ཀུའོ་ལགས་ཀྱིས་སྡོད་རྩའི་སྨན་བཅོས་ཆེད་སྦྱོང་ཚན་ཁག་གི་གསོ་སྦྱོང་སློབ་འགོ་ཚུགས་པའི་མཛད་སྒོ་སྒྲིག་འཛུགས་བྱས་ནས་འཚོགས་པ་མ་ཟད།ང་ཚོར་སྨན་ཁང་དུ་སློབ་སྦྱོང་བྱེད་རིང་གི་བླང་བྱ་དང་ཆེད་ལས་ཚན་ཁག་གི་ནད་སྐྱོང་བ་ཚོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བཤད་ཀྱང་གནང་བྱུང། གཟའ་འཁོར་དང་པོ་དང་གཉིས་པའི་ནང་ཕུལ་བྱུང་གི་སྨན་གཡོག་རྒན་ལགས་རྣམས་ཀྱིས་ང་ཚོར་སྡོད་རྩའི་སྨན་བཅོས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་རང་འགུལ་གྱི་སྨན་བཅོས་འདུ་ཤེས་དང་སྡོད་རྩའི་སྨན་བཅོས་ནད་སྐྱོང་ལག་རྩལ་གྱི་ཚད་གཞི།དེ་བཞིན་སྡོད་རྩའི་སྨན་བཅོས་སྔོན་གྱི་ཁྲག་རྩའི་དཔྱད་དཔོག་སོགས་ཆེད་ལས་ཀྱི་ཤེས་བྱ་རབས་དང་རིམ་པ་འགྲེལ་བཤད་སྐྱོན་འབྱུང་། ད་དུང་གསོ་སྦྱོང་བྱེད་པའི་རྒྱུད་རིམ་ནང་སློབ་གྲོགས་ཚོས་སྟེགས་བུ་དེ་སྤྱད་ནས་དཔེ་མཚོན་དབྱེ་ཞིབ་བྱས་ཏེ་གྲོས་བསྡུར་དང་སྤེལ་རེས་བྱེད་པ།ལེགས་གྲུབ་ཀྱི་ཉམས་མྱོང་དང་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱེད་པ།དུས་རྒྱུན་གྱི་ལས་ཀའི་ཁྲོད་ཀྱི་དཀའ་གནད་ལ་གྲོས་བསྡུར་བྱེད་པ།ཕན་ཚུན་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཚན་ཁག་ཁག་གི་ནད་སྐྱོང་ཆེད་ལས་དང་དེ་བཞིན་དོ་དམ་བྱེད་སྟངས་ཐད་ཀྱི་ལེགས་ཆ་ཕན་ཚུན་སྤེལ་རེས་བྱེད་པ།སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ཀྱི་ཀྱང་སོ་སོའི་ཞན་ཆ་མྱོང་ཚོར་ཟབ་མོ་ཐུབ་འབྱུང། གཟའ་འཁོར་གསུམ་པར་རྒན་ལགས་གྱིས་ང་ཚོར་སྒྲ་འདས་ཀྱི་སྣེ་ཁྲིད་འོག་PICCའདྲ་བཟོ་བྱས་པའི་ཁྲག་རྩ་གཙགས་རྟོལ་དང་།སྨན་ཆུ་བླུགས་ཁབ་རྩེ་ཁྲག་རྩར་འཇོག་པའི་སྲུང་སྐྱོང་།རྫས་འགྱུར་སྨན་རྫས་ཀྱི་སྡོད་རྩའི་བཀོལ་སྤྱོད་ཚད་ལྡན་ལག་རྩལ་གྱི་བཀོལ་སྤྱོད་དངོས་སྦྱོང་།དེ་རྗེས་འདྲེན་སྦུག་ཁང་དང་ནད་ཐོག་ཚན་ཁག་ཏུ་སྦུ་གུ་བཀོལ་སྤྱོད་དང་སྲུང་སྐྱོང་སྦྱོང་བརྡར་བྱས་པ་རེད།



  3.回院后的工作计划སྨན་ཁང་དུ་ལོག་རྗེས་ཀྱི་ལས་ཀའི་འཆར་གཞི། 






1.针对在院置管的患者及带管出院的患者进行统一管理,有记录、宣教、随访,降低导管相关并发症的发生,保证导管使用率,提高患者的满意度,降低医患矛盾。
2.巩固培训班学习的内容并在医院全面开展PICC穿刺
3.指导并参与全院静脉治疗各导管的使用及维护,并持续质量改进
4.积极参与指导全院中心静脉导管的维护、并发症的预防及处理、培训有置管能力的护士
5.在临床实践中不断学习,不断总结,及时了解静脉治疗新进展,提升自己的能力
6.取得各辅助科室及后勤的帮助与支持,如超声下赛丁格穿刺技术的开展需要超声科的协助,穿刺后的定位需要放射科的帮助,还有相关器材物资的准备需要后勤科室的帮助。
针对在院置管的患者及带管出院的患者进行统一管理,有记录、宣教、随访,降低导管相关并发症的发生,保证导管使用率,提高患者的满意度,降低医患矛盾。

༡.སྨན་ཁང་གི་སྦུ་གུ་ཡོད་པའི་ནད་པ་དང་སྦུ་གུ་བཏགས་ནས་སྨན་ཁང་ནས་ཐོན་པའི་ནད་པར་གཅིག་གྱུར་གྱིས་དོ་དམ་བྱས་ཏེ།ཟིན་ཐོ་ཡོད་པ་དང་།དྲིལ་བསྒྲགས་སློབ་གསོ་གཏོང་བ།འཚམས་འདྲི་བཅས་བྱས་པས།འདྲེན་སྦུག་དང་འབྲེལ་བ་ཡོད་པའི་ཞར་བྱུང་ནད་རིགས་འབྱུང་ཚད་ཇེ་དམའ་རུ་བཏང་བ་དང་།འདྲེན་སྦུག་སྤྱོད་ཚད་ལ་འགས་ལེན་བྱེད་པ།ནད་པའི་བློ་ཡིད་ཚིམ་ཚད་ཇེ་མཐོར་བཏང་ཞིང་།སྨན་པ་དང་ནད་པའི་བར་གྱི་འགལ་བ་ཇེ་ཆུང་དུ་བཏང་བ།

.གསོ་སྦྱོང་བྱེད་པའི་སློབ་སྦྱོང་གི་ནང་དོན་ཡག་པོ་ངེས་པ་དང།སྨན་ཁང་དུ་PICCགཙགས་རྟོལ་བྱེད་པ་ཕྱོགས་ཡོངས་ནས་སྤེལ་བ།

.སྨན་ཁང་ཡོངས་ཀྱི་སྡོད་རྩའི་གསོ་བཅོས་འདྲེན་སྦུག་སོ་སོའི་བཀོལ་སྤྱོད་དང་སྲུང་སྐྱོང་ལ་མཛུབ་སྟོན་དང་ཞུགས་པ། སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་གཏོང་

.ཧུར་ཐག་གིས་སྨན་ཁང་ཡོངས་ཀྱི་ལྟེ་བའི་སྡོད་རྩའི་འདྲེན་སྦུག་ལ་སྲུང་སྐྱོབ་དང་།ཞར་འབྱུང་ནད་རིགས་སྔོན་འགོག་དང་ཐག་གཅོད།སྦུ་གུའི་བདག་སྐྱོང་གི་ནུས་པ་ལྡན་པའི་སྨན་གཡོག་ལ་གསོ་སྦྱོང་བྱེད་

.ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་སློབ་སྦྱོང་དང་།རྒྱུན་ཆད་མེད་པར་ཕྱོགས་བསྡོམས།དུས་ཐོག་ཏུ་སྡོད་རྩའི་སྨན་བཅོས་ཀྱི་འཕེལ་རིམ་གསར་པ་ཤེས་རྟོགས་བཅས་བྱས་ནས་རང་ཉིད་ཀྱི་ནུས་པ་ཆེ་རུ་གཏོང་བ།

.རམ་འདེགས་ཚན་ཁག་དང་རྒྱབ་ཕྱོགས་འགས་ལེན་པུའུ་གི་རོགས་རམ་དང་རྒྱབ་སྐྱོར་དགོས་པ།དཔེར་ན།སྒྲ་འདས་འོག་གི་སེ་ཏིན་ཀེ་གཙགས་རྟོལ་ལག་རྩལ་སྤེལ་བར་སྒྲ་འདས་ཚན་ཁག་གི་རོགས་སྐྱོར་དགོས།གཙགས་རྟོལ་རྗེས་ཀྱི་གནས་ངེས་ལ་གློག་པར་ཚན་ཁག་གི་རོགས་རམ་དགོས།ད་དུང་འབྲེལ་ཡོད་ཡོ་བྱད་དང་དངོས་ཟོག་གི་གྲ་སྒྲིག་ལ་རྒྱབ་ཕྱོགས་འགས་ལེན་པུའུ་གི་རོགས་རམ་དགོས། 

作为一名静脉输液专科护士,要有全面的专业理论知识,具备一定的操作技能,高度的责任心,才能保证静脉治疗的护理质量,在以后的时间里我还将不断学习专科知识,多多总结,同医院的护理团队一起进步。
སྡོད་རྩར་ཁབ་རྒྱག་པའི་ཆེད་སྦྱོང་ཚན་ཁག་གི་སྨན་གཡོག་ཅིག་གི་ངོས་ནས་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཆ་ཚང་བ་དང་བཀོལ་སྤྱོད་ཀྱི་ནུས་རྩལ་ངེས་ཅན་ལྡན་པ་བྱས་ཏེ་ཚད་མཐོའི་འགན་འཁྲིའི་བསམ་པ་ཡོད་ན་།གཞི་ནས་སྡོད་རྩའི་སྨན་བཅོས་ཀྱི་བདག་སྐྱོང་སྤུས་ཚད་ལ་འགས་ལེན་བྱེད་ཐུབ།རྗེས་ཕྱོགས་ཀྱི་དུས་ཚོད་ནང་ངས་ད་དུང་རྒྱུན་ཆད་མེད་པར་ཆེད་སྦྱོང་ཚན་ཁག་གི་ཤེས་བྱ་སློབ་སྦྱོང་དང་།ཕྱོགས་བསྡོམས་མང་ཙམ་བྱས་ནས་སྨན་ཁང་གི་ནད་སྐྱོང་ཚོགས་པ་དང་མཉམ་དུ་ཡར་ཐོན་ཡོང་བར་བྱ་རྒྱུ་ཡིན