您的位置:首页> 医院动态 > >

喜讯!西藏康城肿瘤医院普外科共享病区正式开科运行

发布时间:2023-01-23 11:28:44 来源:西藏康城肿瘤医院 阅读:0

西藏康城肿瘤医院又一项为群众办实事的重大举措落地——普外科共享病区(住院楼7楼)于4月9日正式开科运行。该科从人员部署、设备运行、质量控制、流程管理等方面均实现了与西藏大学附属阜康医院本部“同质化”,让周边及全市市民享受到一流的医疗服务。

ཟླ་༤ཚེས་༩ཉིན་བོད་ལྗོངས་ཁང་ཁྲེན་སྐྲན་ནད་སྨན་ཁང་གིས་སླར་ཡང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བྱ་ཐབས་གལ་ཆེན་ཞིག་དོན་འཁྱོལ་བྱས་པ་སྟེ།སྤྱིར་བཏང་ཕྱི་ནད་ཚན་ཁག་མཉམ་སྤྱོད་ནད་ཁུལ་ནད་སྡོད་ཁང་གི་ཐོག་བརྩེགས་བདུན་པ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཚན་ཁག་འདིའི་མི་སྣ་བཀོད་སྒྲིག་དང་།སྒྲིག་ཆས་འཁོར་སྐྱོད།སྤུས་ཚད་ཚོད་འཛིན།ལས་རིམ་དོ་དམ་སོགས་ཀྱི་ཐད་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཧྥུ་ཁང་སྨན་ཁང་དཀྱིལ་ཁུལ་དང་ངོ་བོ་གཅིག་མཚུངས་ཅན་མངོན་འགྱུར་བྱུང་ནས་མཐའ་འཁོར་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་གྲོང་མིར་སྨན་བཅོས་ཞབས་ཞུ་རྩེ་གྲ་ལོངས་སྤྱོད་ཐུབ་པ་ཡོང་བའི་ཆེད་དུ་ཡིན། 


图片

▲普外科共享病区开科合影留念

普外科共享病区的顺利开科运行,在王斌董事长的大力支持与关心下,西藏大学附属阜康医院与西藏康城肿瘤医院领导班子的精诚配合,双方领导多次前往现场进行统筹安排,指导人员配备、设备安装和测试等筹备工作。

སྤྱིར་བཏང་ཕྱི་ནད་ཚན་ཁག་མཉམ་སྤྱོད་ནད་ཁུལ་བདེ་བླག་ངང་འགོ་ཚུགས་ནས་འཁོར་སྐྱོད་བྱས་པ་དང་།ཏུང་ཧྲི་ཀྲང་ཝང་པིན་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཧྥུ་ཁང་སྨན་ཁང་དང་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་འགོ་ཁྲིད་ཚན་ཁག་དབར་ལྷག་བསམ་རྣམ་དག་ངང་གཞོགས་འདེགས་བྱས་ནས་ཕྱོགས་གཉིས་པོའི་འགོ་ཁྲིད་ཀྱིས་ས་གནས་ས་ཐོག་ཏུ་ཐེངས་མང་བསྐྱོད་དེ་གཅིག་གྱུར་བཀོད་སྒྲིག་བྱས་ནས་མི་སྣ་བཀོད་སྒྲིག་དང་།སྒྲིག་ཆས་སྒྲིག་སྦྱོར།ཚད་ལེན་ཚོད་ལྟ་སོགས་ཀྱི་གྲ་སྒྲིག་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། 

西藏康城肿瘤医院普外科共享病区是西藏大学附属阜康医院普外科的延续和壮大,秉承了普外科“认真负责,严谨求学,精益求精,团结奉献,开拓创新”的科室精神风貌。普外科现有病床31张,可随时收治病人,开展各专科相关大、中手术。

བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་སྤྱིར་བཏང་ཕྱི་ནད་ཚན་ཁག་གི་མཉམ་སྤྱོད་ནད་ཁུལ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཧྥུ་ཁང་སྨན་ཁང་གི་ཡན་ལག་ཕྱི་ནད་ཚན་ཁག་རྒྱུན་མཐུད་དང་སྟོབས་ཆེར་བཏང་བ་ཞིག་ཡིན་པ་དང་།ཕྱི་ནད་ཚན་ཁག་གིནན་ཏན་ངང་འགན་འཁུར་བ་དང་།གཟབ་ནན་ངང་སློབ་སྦྱོང་བྱེད་པ།ཡག་ཐོག་ཡག་བརྩེགས།མཐུན་སྒྲིལ་ངང་ལེགས་སྐྱེས་འབུལ་བ།གསར་འབྱེད་གསར་གཏོད་བཅས་ཀྱི་ཚན་ཁག་གི་བསམ་པའི་ཉམས་འགྱུར་རྒྱུན་འཛིན་བྱས་པ་རེད། སྤྱིར་བཏང་ཕྱི་ནད་ཚན་ཁག་ལ་ད་ལྟ་ནད་པའི་ཉལ་ཁྲི་༣༡ཡོད་པ་དང་ག་དུས་ཡིན་ནའང་ནད་པར་སྨན་བཅོས་བྱས་ན་ཆོག།ཚན་ཁག་ཁག་གི་འབྲེལ་ཡོད་ཆེ་འབྲིང་གཤགས་བཅོས་བྱེད་ཆོག་གི་ཡོད་པ་རེད། 


▲普外科共享病区开科动员会宁晓总讲话

开科动员会上,宁晓总指出,新科室的成立,不仅带来更多的机遇,同时也带来了更多的挑战。我们要时刻凸显“团队精诚合作,客户需求至上”的企业发展理念,我们的业务范围在不断扩大,医院的综合实力在稳步上升,只要我们团结一心,努力拼搏,为每一位患者提高高质量有温度的医疗服务,会上,西藏大学附属阜康医院外科陈主任为普外科全体医护人员鼓劲。

ཚན་ཁག་གི་སྐུལ་སློང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཉིང་ཞའོ་ཡིས་ཚན་ཁག་གསར་པ་བཙུགས་པ་དེས་ང་ཚོར་གོ་སྐབས་དེ་བས་མང་བ་ཐོབ་ཡོད་མ་ཟད།དུས་མཚུངས་འགྲན་རྩོད་དེ་བས་མང་བ་འཕྲད་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཚོགས་པའི་ལྷག་བསམ་མཉམ་ལས་དང་།ནད་པའི་དགོས་མཁོ་གོང་དུ་བཀུར་བའི་ཁེ་ལས་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང། ང་ཚོའི་ལས་སྒོའི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་སྨན་ཁང་གི་ཕྱོགས་བསྡུས་སྟོབས་ཤུགས་བརྟན་པོའི་ངང་ཆེ་རུ་འགྲོ་བཞིན་ཡོད་པས་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ཧུར་ཐག་བྱས་ཏེ་ནད་པ་མི་རེ་ངོ་རེར་སྤུས་ཚད་མཐོ་ལ་དྲོད་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་བྱེད་དགོས་ཞེས་གསུངས་པ་རེད། ཚོགས་འདུའི་ཐོག་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཧྥུ་ཁང་སྨན་ཁང་གི་སྤྱིར་བཏང་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཁྲེན་གྱིས་སྤྱིར་བཏང་ཕྱི་ནད་ཚན་ཁག་གི་སྨན་དོན་མི་སྣ་ཡོངས་ལ་སྐུལ་ལྕག་བྱས་པ་རེད། 


图片

▲普外科共享病区开科动员会现场

新起点新动力,普外科共享病区全体医护人员将以“团队精诚合作,客户需求至上”贯彻始终,为拉萨市及周边市民提供安全、优质、高效的医疗护理服务。

འགོ་འཛུགས་ས་གསར་པ་དང་སྒུལ་ཤུགས་གསར་པའི་ཐོག་ནས་སྤྱིར་བཏང་ཕྱི་ནད་ཚན་ཁག་གི་མཉམ་སྤྱོད་ནད་ཁུལ་གྱི་སྨན་དོན་མི་སྣ་ཡོངས་ཀྱིས་"ཚོགས་པས་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱེད་པ་དང་ནད་པའི་དགོས་མཁོ་གོང་དུ་བཀུར་བ་"ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཏེ་།ལྷ་ས་གྲོང་ཁྱེར་དང་དེ་བཞིན་ཉེ་འཁོར་གྱི་གྲོང་མིར་བདེ་འཇགས་དང་།སྤུས་ལེགས།ཕན་འབྲས་ཆེ་བ་བཅས་ཀྱི་སྨན་བཅོས་ནད་གཡོག་གི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།