您的位置:首页> 医院动态 > >

西藏康城肿瘤医院重症医学科(ICU)正式开科啦

发布时间:2023-01-23 11:41:23 来源:西藏康城肿瘤医院 阅读:0
为了进一步提升我院对肿瘤患者专业化、规范化的综合救治水平,保障危重患者的术前会诊,术后监护,围治疗期如手术、放疗、全身治疗后出现的并发症患者的抢救和器官支持治疗等,经过精心筹备,在上级领导的大力支持、院领导班子的高度关注和科室成员的共同努力下,西藏康城肿瘤医院重症医学科(ICU)2022年3月8日正式开科啦!

རང་རེའི་སྨན་ཁང་གིས་སྐྲན་ནད་ཕོག་མཁན་ལ་ཆེད་ལས་ཅན།ཚད་གཞི་ཅན་གྱི་ཕྱོགས་བསྡུས་སྲོག་སྐྱོབ་ཆུ་ཚད་སྔར་ལས་མཐོ་རུ་གཏོང་ཆེད་དང། ཚབས་ཆེ་བའི་ནད་པ་ལ་གཤགས་བཅོས་མ་བྱས་གོང་གི་ཞིབ་བཤེར། གཤགས་བཅོས་བྱས་རྗེས་ལྟ་སྐྱོང།སྨན་བཅོས་བྱེད་པའི་སྐབས་སུ་དཔེར་ན་གཤགས་བཅོས་དང་འགྱེད་འཕྲོའི་སྨན་བཅོས་བྱེད་པ་གཟུགས་པོ་ཡོངས་ལ་སྨན་བཅོས་བཅས་བྱས་རྗེས་ཐོན་པའི་འདུས་ནད་ཕོག་མཁན་ལ་མྱུར་སྐྱོབ་དང་དབང་པོར་རྒྱབ་སྐྱོར་བྱེད་པའི་སྨན་བཅོས་སོགས་ཀྱི་ཐད་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་གོང་རིམ་འགོ་ཁྲིད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་།སྨན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཚད་མཐོའི་དོ་ཁུར།ཚན་ཁག་གི་ལས་མི་བཅས་ཐུན་མོང་འབད་བརྩོན་འོག་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་ནད་ལྕི་བའི་གསོ་རིག་ཚན་ཁག་(ICU)༢༠༢༢ལོའི་ཟླ་༣པའི་ཚེས་༨ཉིན་དངོས་སུ་ཚན་ཁག་སྒོ་ཕྱེ་བ་རེད 
图片
▲重症医学科(ICU)开科仪式现场
当日上午10点18分,我院宁晓院长、外科张家墉主任、内科蔡晓丽主任、妇科邱勇华主任,麻醉科向永红主任、院办王晶晶主任、人力资源部刘凯主任、各科室护士长及科室所有医护人员共同参与并见证重症医学科(ICU)的正式成立。
ཉིན་དེའི་སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༡༨ཐོག་ངེད་སྨན་ཁང་གི་ཡོན་ཀྲང་ཉིང་ཞའོ་དང་།ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཀྲང་ཅ་ཡུང་།ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཚའེ་ཞའོ་ལི།བུད་མེད་ཚན་ཁག་གི་ཀྲུའུ་རེན་ཆིའུ་ཡུང་ཧྭ།སྦྲིད་སྨན་ཚན་ཁག་ཀྲུའུ་རེན་ཤངས་ཡུང་ཧུང།སྨན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཅིན་ཅིན།མི་ཤུགས་ཐོན་ཁུངས་པུའི་ཀྲུའུ་རེན་ལིའུ་ཁའེ།ཚན་ཁག་ཁག་གི་ནད་གཡོག་དཔོན་དང་ཚན་ཁག་གི་སྨན་དོན་མི་སྣ་ཚང་མ་བཅས་མཉམ་དུ་ནད་ལྕི་བའི་གསོ་རིག་ཚན་ཁག་(ICU)དངོས་སུ་བཙུགས་པའི་དཔང་པོའང་བྱས་པ་རེད།
图片
参观重症医学科(ICU)
随后,西藏康城肿瘤医院宁晓院长致辞,对重症医学科开科表示祝贺。他表示,重症医学科(ICU)的成立标志着我院已具备独立开展重症监护技术的能力,填补了西藏康城肿瘤医院长期以来在重症监护领域的空白,将极大地缓解广大重症患者的就诊难题,保障重症患者能够得到完善、专业的救治,进一步提升西藏康城肿瘤医院的核心竞争能力,标志着我院抢救危重症患者方面又迈上了一个新的台阶,逐渐走向规范化、系统化、专业化。今后更要进一步提高对危重患者的抢救成功率,为危重患者的救治提供强有力的保障。希望未来全体ICU同仁能满怀信心,踏踏实实地努力,争取打造一支高水平的重症救治团队,全方面提升科室内涵建设和学科发展。
དེ་རྗེས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཡོན་ཀྲང་ཉིང་ཞའོ་ཡིས་སྨོན་ཚིག་གསུངས་པ་དང་ནད་ལྕིའི་གསོ་རིག་ཚན་ཁག་སྒོ་ཕྱེ་བ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ནད་ལྕིའི་གསོ་རིག་ཚན་ཁག(ICU)བཙུགས་པ་དེ་ཐོག་ནས་ངེད་སྨན་ཁང་ལ་རང་ཚུགས་ངང་ནད་གཞི་ལྕི་བའི་ལྟ་སྐྱོང་ལག་རྩལ་སྤེལ་བའི་ནུས་པ་ལྡན་པ་མཚོན་གྱི་ཡོད་ལ། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གིས་དུས་ཡུན་རིང་པོའི་ནང་ནད་ལྕི་ལྟ་སྐྱོང་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པ་དང་། རྒྱ་ཆེའི་ནད་གཞི་ལྕི་པོ་ཕོག་མཁན་གྱི་སྨན་བཅོས་དཀའ་གནད་ཞི་ལྷོད་དུ་ཆེས་ཆེར་བཏང་ནས་ནད་གཞི་ལྕི་པོ་ཕོག་མཁན་ལ་འཐུས་སྒོ་ཚང་བ་དང་ཆེད་ལས་ཀྱི་སྐྱོབ་བཅོས་ཐུབ་པའི་འགན་ལེན་བྱས་ཏེ་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ལྟེ་བའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་།ང་ཚོའི་སྨན་ཁང་གིས་ནད་གཞི་ཚབས་ཆེན་ཕོག་མཁན་མྱུར་སྐྱོབ་བྱེད་པའི་ཐད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་རིམ་བཞིན་ཚད་ལྡན་ཅན་དང་།མ་ལག་ཅན།ཆེད་ལས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་པ་མཚོན་ཡོད་པ་རེད། སླད་ཕྱིན་ཉེན་ཚབས་ཆེ་བའི་ནད་པ་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་སྔར་བས་མཐོ་རུ་བཏང་ནས་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་བྱ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས།སླད་ཕྱིན་ICUཡི་ལས་རོགས་ཡོངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འབད་བརྩོན་ཏན་ཏིག་བྱས་ཏེ་ཆུ་ཚད་མཐོ་བའི་ནད་གཞི་ལྕི་བའི་སྐྱོབ་བཅོས་ཚོགས་པ་ཞིག་གཏོད་རྒྱུའི་བརྩོན་ལེན་བྱས་ནས་ཕྱོགས་ཡོངས་ནས་ཚན་ཁག་གི་ནང་དོན་འཛུགས་སྐྱོང་དང་རིག་ཚན་འཕེལ་རྒྱས་གཏོང་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
图片
▲宁晓院长致辞
图片
重症医学科(ICU)护士长李艳超讲话
最后,重症医学科(ICU)护士长李艳超讲话,她说在今天这个特殊的日子,伴随着女神节的到来,也迎来了我们ICU的诞生,在此,要感谢宁院长毫不犹豫、掷地有声的决策,使ICU开科的相关事宜高效、快速推进,我们终于可以发挥自己的职业价值了,感谢尊敬的领导!其次感谢兄弟科室带来的surprise,承载着满满的祝福与寄托,我们一定会砥砺前行,不管从技术还是服务上,争取做到从无到有,从有到精,我们科就像一个呱呱坠地的婴儿,还需要各科的哺育,但不希望因为我们是一个新生的科室,就对我们无限宽容,我希望对我们高标准严要求,这样能助力我们快速成为一支有型的技术性团队。众人拾柴火焰高,在接下来的日子里,希望我们通力合作,达成共赢,再次感谢各位主任、护士长的到来!
མཇུག་མཐར།ནད་ལྕི་གསོ་རིག་ཚན་ཁག་(ICU)གི་ནད་གཡོག་དཔོན་ལི་ཡན་ཁྲའོ་ཡིས་གསུང་བཤད་གནང་སྟེ། ཁོང་གིས་དེ་རིང་གི་དམིགས་བསལ་གྱི་ཉིན་མོ་འདིར་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་དུས་སུ་ང་ཚོ་ICUབཙུགས་པ་དང་བསྟུན་ནས་ཡོན་ཀྲང་ཉིང་ཞའོ་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཐབས་ཇུས་བཏོན་པར་ཐུགས་རྗེ་ཆེ་ཞུས་ཏེ་ICUསྒོ་ཕྱེ་བའི་འབྲེལ་ཡོད་བྱ་བ་ཕན་འབྲས་ཆེ་བ་དང་མགྱོགས་མྱུར་ངང་སྤེལ་ཐུབ་པ་བྱས་ནས་ང་ཚོས་མཐར་རང་ཉིད་ཀྱི་ལས་རིགས་ཀྱི་རིན་ཐང་འདོན་སྤེལ་ཐུབ་པར་གུས་པར་འོས་པའི་འགོ་ཁྲིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་ནས་སྤུན་ཟླའི་ཚན་ཁག་གིས་འཁྱེར་ཡོང་བའི་surpriseལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལ་སྨོན་འདུན་དང་རེ་བས་ཁེངས་འདུག་། ང་ཚོས་ངེས་པར་དུ་སྦྱོང་བརྡར་གྱིས་མདུན་དུ་སྐྱོད་དེ་། ལག་རྩལ་དང་ཞབས་ཞུའི་ཐད། མེད་པ་ནས་ཡོད་པའི་བར་དང་།ཡོད་པ་ནས་མཁས་པའི་བར་བྱ་རྒྱུ་ཡིན།ང་ཚོའི་ཚན་ཁག་ནི་བྱིས་པ་ཞིག་དང་འདྲ་བར་ད་དུང་ཚན་ཁག་སོ་སོས་གསོ་སྐྱོང་བྱ་དགོས་མོད།འོན་ཀྱང་ང་ཚོ་ནི་གསར་དུ་སྐྱེས་པའི་ཚན་ཁག་ཅིག་ཡིན་པའི་རྐྱེན་།ཁྱེད་རྣམས་པས་བཟོད་སྒོམ་སྤུ་ཙམ་ནས་མེད་པར།ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་འདོན་རྒྱུའི་རེ་བ་ཡོད།དེ་འདྲ་བྱ་ན་ང་ཚོས་མགྱོགས་མྱུར་ངང་བཟོ་ལྟ་ཡོད་པའི་ལག་རྩལ་རང་བཞིན་གྱི་རུ་ཁག་ཅིག་ཏུ་འགྱུར་རྒྱུར་རོགས་རམ་བྱེད་ཐུབ་ཀྱི་ཡོད། བུད་ཤིང་མང་ན་མེ་ལྕེ་མཐོ་བས།དེའི་རྗེས་ཀྱི་ཉིན་མོའི་ནང་ང་ཚོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ་མཉམ་རྒྱལ་ཡོང་བར་བྱ་རྒྱུ་གཏན་འཁེལ་ཡིན།ཀྲུའུ་རེན་རྣམས་དང་ནད་གཡོག་དཔོན་རྣམ་པ་ཕེབས་པར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

图片
重症医学科(ICU)设施设备
重症医学科(ICU)位于住院部三楼,开放床位10张,功能布局合理,配备呼吸机、除颤仪等急救与生命支持设备,集院内抢救和重症监护为一体,依托院内优势医疗资源,将以先进的模式、高效的管理,并借助先进的医疗设备,构建危急重症患者快速反应、救治的“绿色通道”,将在提高危急重症患者的抢救成功率、降低死亡率、减少并发症和促进急危重症患者康复上发挥重要的作用。
ནད་ལྕི་གསོ་རིག་ཚན་ཁག་(ICU)ནི་ནད་སྡོད་ཁང་ཡི་ཐོག་བརྩེགས་གསུམ་པར་གནས་ཤིང་། ཉལ་ཁྲི་༡༠ཡོད་པ། བྱེད་ལས་བཀོད་སྒྲིག་ལུགས་མཐུན་དང། འབྱིན་རྔུབ་འཕྲུལ་ཆས་དང་འདར་སེལ་འཕྲུལ་ཆས་སོགས་མྱུར་སྐྱོབ་དང་ཚེ་སྲོག་གི་རྒྱབ་སྐྱོར་སྒྲིག་ཆས་བཀོད་སྒྲིག་བྱས་ནས། སྨན་ཁང་ནང་གི་མྱུར་སྐྱོབ་དང་ལྟ་རྟོག་ལྕི་མོ་གཅིག་ཏུ་བསྡུས་ཏེ། སྨན་ཁང་ནང་གི་ལེགས་ཆའི་སྨན་བཅོས་ཐོན་ཁུངས་ལ་བརྟེན་ནས་སྔོན་ཐོན་གྱི་རྣམ་པ་དང་ཕན་འབྲས་མཐོ་བའི་དོ་དམ་བྱེད་པ་དང་འབྲེལ་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ལ་བརྟེན་ནས་ཉེན་ཚབས་ཆེ་བའི་ནད་པ་མྱུར་སྐྱོབ་དང་སྐྱོབ་བཅོས་བྱེད་པའི་"ལྗང་མདོག་བགྲོད་ལམ་"་བསྐྲུན་ནས་ཉེན་ཚབས་ཆེ་བའི་ནད་པ་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་མཐོ་རུ་གཏོང་བ་དང་འཆི་ཚད་དམའ་རུ་གཏོང་བ་དང་།འདུས་ནད་ཉུང་དུ་གཏོང་བ་དང་ནད་གཞི་ལྕི་བའི་ནད་པ་དྲག་སྐྱེད་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་རེད།
图片▲重症医学科(ICU)开科合影留念
科室全体医护人员将以更加饱满的工作热情,更加扎实的工作作风对待每一名患者,以更加优质的医疗服务为广大肿瘤患者排忧解难。
ཚན་ཁག་གི་སྨན་དོན་མི་སྣ་ཡོངས་ཀྱིས་ལས་ཀའི་སྤྲོ་སེམས་དེ་བས་ཆེ་བ་དང་ལས་ཀའི་སྤྱོད་ཚུལ་དེ་བས་ཏན་ཏིག་གི་ཐོག་ནས་ནད་པ་མི་རེ་ངོ་རེར་སྨན་བཅོས་ཞབས་ཞུ་དེ་བས་ལེགས་པ་བྱས་ཏེ་རྒྱ་ཆེའི་སྐྲན་ནད་ཕོག་མཁན་གྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱ་རྒྱུ་ཡིན།