您的位置:首页> 医院动态 > >

西藏康城肿瘤医院成功完成首例食管癌手术

发布时间:2023-01-23 11:49:20 来源:西藏康城肿瘤医院 阅读:0

食管癌是严重威胁我国居民健康的恶性肿瘤,食管癌是起源于食管黏膜的恶性肿瘤,肿瘤逐渐增大可堵塞管腔并侵犯食管全层,最后突破外膜侵犯周围组织,食管癌患者严重者滴水难进。

  མིད་པའི་འབྲས་སྐྲན་ནི་རང་རྒྱལ་གྱི་སྡོད་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་སྐྲན་ནད་ཞིག་ཡིན་ལ།མིད་པའི་སྐྲན་ནད་ནི་མིད་པའི་འབྱར་སྐྱི་ལས་བྱུང་བའི་སྐྲན་ནད་ཉེན་ཅན་ཞིག་ཡིན་།སྐྲན་ནད་རིམ་བཞིན་ཇེ་ཆེར་སོང་ན་སྦུག་ཁོག་འགག་པ་མ་ཟད་ཟས་སྦུག་གི་རིམ་པ་ཡོངས་ལ་གནོད་འཚེ་གཏོང་བ་དང་།མཇུག་མཐར་ཕྱི་སྐྱི་ལས་བརྒལ་ནས་ཉེ་འཁོར་གྱི་རྩ་འཛུགས་ལ་གནོད་འཚེ་གཏོང་བ་།མིད་པའི་སྐྲན་ནད་ཕོག་མཁན་ཚབས་ཆེན་ཡིན་ན་ཆུ་ཐིགས་བཏུང་བ་ལ་ཡང་དཀའ་བ་རེད།

图片

食管癌常见风险因素大都和饮食有关,长期进食粗硬食物、进食速度太快、咀嚼不细、食物太烫,这些不良饮食习惯长期反复损伤食管就会引起食管黏膜的创伤和慢性炎症,食管黏膜长期处于“炎症-损伤-修复”的状态,进而可能诱发食管癌。

 མིད་པའི་འབྲས་སྐྲན་གྱི་རྒྱུན་མཐོང་གི་ཉེན་ཁའི་རྒྱུ་རྐྱེན་མང་ཆེ་བ་ནི་བཟའ་བཏུང་དང་འབྲེལ་བ་ཡོད།དུས་ཡུན་རིང་བོར་ཟས་རིགས་མཁྲེགས་པོ་ཟ་བ་དང་ཟ་དུས་མགྱོགས་པ།ཞིབ་མོར་ལྡད་མི་ཐུབ་པ།ཟས་ཚ་དྲགས་པ་སོགས་བཟའ་བཏུང་གི་གོམས་གཤིས་མི་ལེགས་པ་འདི་དག་གིས་མིད་པར་ཡང་ནས་ཡང་དུ་གནོད་འཚེ་བཏང་ན་མིད་པ་དང་འབྱར་སྐྱིའི་རྨ་ཁ་དང་དལ་བའི་རང་བཞིན་གྱི་ཚ་ནད་འབྱུང་ཞིང་།མིད་པའི་འབྱར་སྐྱི་དུས་ཡུན་རིང་བོར་ཚ་ནད་-དམས་སྐྱོན་-ཉམས་གསོཡི་རྣམ་པར་གནས་པས།དེ་ན་མིད་པའི་སྐྲན་ནད་འབྱུང་སླ། 


长期进食酸菜、泡菜、腊肉、咸鱼等腌制食物,这些食物中所含的亚硝酸盐、硝酸盐比较多,这些物质在胃内酸性条件下,特别是在维生素C摄入不足时可以合成致癌的亚硝胺,亚硝胺是当之无愧的强致癌物。此外霉变的食物也有很强的致癌作用,霉菌毒素与亚硝胺起协同致癌作用。

དུས་ཡུན་རིང་བོར་སྐྱུར་ཚལ་དང་ཚལ་བསྙལ་མ་བསྙལ་ཤ་ཚྭ་མང་བའི་ཉ་སོགས་བསྙལ་བཟོས་ཟས་རིགས་ཟ་བ་།ཟས་རིགས་འདི་དག་གི་ནང་དུ་འདུས་པའི་ཡ་ཞོའ་སྐྱུར་ཚྭ་དང་ཞོའ་སྐྱུར་ཚྭ་ཅུང་མང་།དངོས་པོ་འདི་དག་ཕོ་བའི་ནང་གི་སྐྱུར་གཤིས་ཆ་རྐྱེན་འོག་དང་།ལྷག་པར་དུ་འཚོ་རྒྱུ་Cམ་འདང་ན་འབྲས་སྐྲན་སློང་བའི་ཡ་ཞོའ་ཨེན་འདྲེས་འབྱུང་།ཡ་ཞོའ་ཨེན་ནི་སྐྲན་ནད་སློང་མཁན་དྲག་པོ་ཞིག་ཡིན་། དེ་མིན་ཧམ་སྤུ་རྒྱག་པའི་ཟས་རིགས་ལའང་འབྲས་སྐྲན་སློང་བའི་ནུས་པ་ཆེན་པོ་ཡོད།རླམ་ཕྲའི་དུག་རྒྱུ་དང་ཡ་ཞོའ་ཨེན་མཉམ་དུ་འབྲས་སྐྲན་སློང་བའི་ནུས་པ་ཐོན་གྱི་ཡོད། 

患有胃食管反流、Barrett(巴雷特食管)疾病的患者患食管癌的风险极高,胃内容物反流入食管,胃酸长期腐蚀损伤食管黏膜,最终诱发食管腺癌。

ཕོ་བའི་ཟས་སྦུག་གི་བཞུར་རྒྱུན་ལྡོག་པ་དང་།Barrett(པ་ལེ་ཐི་ཟས་སྦུག་)ནད་ཕོག་པའི་ནད་པར་ཟས་སྦུག་སྐྲན་ནད་ཕོག་པའི་ཉེན་ཁ་ཧ་ཅང་ཆེ།ཕོ་བའི་ནང་དོན་དངོས་པོ་ཟས་སྦུག་ནང་དུ་བཞུར་བ་དང་།ཕོ་སྐྱུར་གྱིས་དུས་ཡུན་རིང་བོར་ཟས་སྦུག་གི་འབྱར་སྐྱི་རུལ་བསླད་དང་གནོད་སྐྱོན་ཐེབས་པ་།མཇུག་མཐར་མིད་པའི་འབྲས་སྐྲན་སློང་བ་རེད།

由于西藏地区人们的饮食习惯,胃癌、食管癌是高发疾病。食管癌治疗手段较多,只有手术治疗才能有治愈的机会,并最终解决进食梗阻问题。我院经常有食管癌患者前来就诊,肿瘤外科就有几例食管癌住院病人,有的在行新辅助化疗,近期有一例已行手术治疗。

བོད་དུ་མི་རྣམས་ཀྱི་བཟའ་བཏུང་གོམས་གཤིས་ཀྱི་དབང་གིས་ཕོ་བའི་སྐྲན་ནད་དང་མིད་པའི་སྐྲན་ནད་ནི་ཐོན་མང་བའི་ནད་ཅིག་རེད་། མིད་པའི་སྐྲན་ནད་ལ་སྨན་བཅོས་བྱེད་ཐབས་ཅུང་མང་སྟེ།གཤག་བཅོས་བྱས་ན་ད་གཟོད་སྨན་བཅོས་བྱེད་པའི་གོ་སྐབས་ཡོད་པ་མ་ཟད།མཐར་ཟས་འགག་པའི་གནད་དོན་ཐག་གཅོད་བྱེད་ཐུབ། ང་ཚོའི་སྨན་ཁང་དུ་རྒྱུན་དུ་མིད་པའི་སྐྲན་ནད་ཕོག་མཁན་སྨན་པ་བསྟེན་པར་ཡོང་མཁན་ཡོད་ཅིང་།སྐྲན་ནད་ཕྱི་ནད་ཚན་ཁག་ཏུ་མིད་སྐྲན་གྱི་ནད་པ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མཁན་འགའ་ཡང་ཡོད་།ལ་ལ་རྫས་འགྱུར་སྨན་བཅོས་གསར་པའི་རམ་འདེགས་བྱེད་ཀྱི་ཡོད། ཉེ་ཆར་གཤགས་བཅོས་བྱས་ཟིན་པའི་དཔེ་ཞིག་ཡོད། 
图片

患者68岁,男性,因食管癌致进食困难,入院时体重仅40公斤,几乎不能自行行走,经我们予以新辅助化疗,空肠营养管置入予以营养支持后,体重达到45公斤,患者体力明显好转,于2022年2月14日在全麻下行左侧开胸食管癌根治术。麻醉师向永红、夏艳洁熟练进行全身麻醉,在可视喉镜下插入双腔气管导管,麻醉满意,摆手术体位。手术于10:55分开始,主刀江波涛、助手罗志强、高桂梅,在手术室护士的全力配合下,于13:25分顺利结束,手术历时2.5小时,患者出血少,苏醒顺利,恢复好。

ནད་པ་འདི་ནི་ལོ༦༨ཡིན་ལ།སྐྱེས་པ་།མིད་པའི་སྐྲན་གྱི་རྐྱེན་གྱིས་ཟ་མ་ཟ་དཀའ་བ་།སྨན་ཁང་དུ་བསྡད་དུས་ལྗིད་ཚད་ལ་སྤྱི་རྒྱ༤༠མ་གཏོགས་མེད་ལ།རང་འགུལ་གྱིས་འགྲོ་མི་ཐུབ།ང་ཚོས་རམ་འདེགས་རྫས་འགྱུར་སྨན་བཅོས་གསར་པ་བྱས་ཏེ།རྒྱུ་མ་སྟོང་པའི་འཚོ་བཅུད་དོ་དམ་ལ་འཚོ་བཅུད་ཀྱི་རྒྱབ་སྐྱོར་བྱས་རྗེས་ལུས་པོའི་ལྗིད་ཚད་སྤྱི་རྒྱ་༤༥ཟིན་པ་དང་ནད་པའི་ལུས་སྟོབས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།༢༠༢༢ལོའི་ཟླ་༢པའི་ཚེས་༡༤ཉིན་ལུས་པོ་ཡོངས་རྫོགས་སྦྲིད་པར་བྱས་ནས་གཡོན་ཕྱོགས་བྲང་ཁ་ཕྱེ་ནས་མིད་པའི་འབྲས་སྐྲན་རྩ་བ་ནས་བཅོས་པའི་ལག་རྩལ་སྤྱད་པ་།སྦྲིད་སྨན་རྒྱག་མཁན་ཞང་ཡུང་ཧུང་དང་ཞ་ཡན་ཅེ་ཀྱི་བྱང་ཆུབ་པའི་ངང་གཟུགས་པོ་ཡོངས་རྫོགས་སྦྲིད་པར་བྱེད་པ་དང་།མིད་པའི་མེ་ལོང་འོག་ཏུ་ཁོག་གཉིས་སྦུག་འདྲེན་སྦུ་གུ་འཛུགས་པ་དང་།སྦྲིད་སྨན་ཡིད་ཚིམ་པ།གཤག་བཅོས་ཀྱི་གནས་སུ་འཇོག་པ། གཤག་བཅོས་ཆུ་ཚོད་༡༠དང་སྐར་མ་༥༥ཡི་ཐོག་འགོ་ཚུགས་ཤིང་།གྲི་གཙོ་བོ་ཅང་པོ་ཐའོ་དང་།ལས་རོགས་ལུའོ་ཀྲི་ཆང་།ཀའོ་ཀུའེ་མེ།གཤག་བཅོས་ཁང་གི་སྨན་གཡོག་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པར་བརྟེན་ཆུ་ཚོད་༡༣དང་སྐར་མ་༢༥ལ་བདེ་བླག་ངང་མཇུག་འགྲིལ་བ་དང་གཤག་བཅོས་ཆུ་ཚོད་༢.༥བྱས་པ་།ནད་པ་ཁྲག་ཐོན་ཉུང་བ་དང་དྲན་པ་གསོས་ནས་དྲག་སྐྱེད་ཡག་པོ་བྱུང་ཡོད་པ་རེད། 

食管癌手术方式有多种,一般有一切口,两切口,三切口之分,手术创伤大,难度大,风险高,出血较多,并发症出现率高,死亡率高,西藏开展食管癌手术少,以往这类病患有的外出成都,北京等地就医,有的拖延病情,放弃治疗,等待死亡,严重增加了患方的心理和经济负担,西藏康城肿瘤医院开展了此类手术,将为西藏人民提供更好的治疗机会,减轻了病患的负担,提高了社会效益。

མིད་པའི་འབྲས་སྐྲན་ལ་གཤག་བཅོས་བྱེད་ཐབས་སྣ་ཚོགས་ཡོད། སྤྱིར་བཏང་དུ་གཏུབ་ཁ་གཅིག་དང། གཏུབ་ཁ་གཉིས་གཏུབ་ཁ་གསུམ་གྱི་དབྱེ་བ་ཡོད། གཤག་བཅོས་ཀྱི་རྨ་ཁ་ཆེ། དཀའ་ཚེགས་ཆེ་ཞིང་ཉེན་ཁ་ཆེ་བ། ཁྲག་མང་པོ་དོན་པ་། འདུས་ནད་འབྱུང་ཚད་མཐོ་ལ། ཤི་ཚད་མཐོ་བ། བོད་དུ་མིད་པའི་འབྲས་སྐྲན་གཤག་བཅོས་ཉུང་བས་ དེ་སྔོན་ནད་གཞི་དེ་རིགས་ཐོན་སྐབས་ཁྲེང་ཏུའུ་དང།པེ་ཅིང་སོགས་དུ་སྨན་བཅོས་བྱེད་པར་འགྲོ་ཀྱི་ཡོད་།དེར་ནད་གཞི་ནར་འགྱངས་དང་།སྨན་བཅོས་བྱེད་མཚམས་འཇོག་པ།འཆི་རྒྱུ་བསྒུགས་ནས་སྡོད་པ་བཅས་བྱས་ནས་ནད་པའི་སེམས་ཁམས་དང་དཔལ་འབྱོར་གྱི་ཁུར་པོ་ལྕི་རུ་ཕྱིན་སྲིད།ང་ཚོའི་སྨན་ཁང་གིས་གཤག་བཅོས་དེ་རིགས་བྱས་ཚེ་བོད་ཀྱི་མི་དམངས་ལ་དེ་བས་ལེགས་པའི་སྨན་བཅོས་ཀྱི་གོ་སྐབས་མཁོ་འདོན་ཐུབ་ནས་ནད་ཕོག་པའི་ནད་པའི་ཁུར་པོ་ཡང་དུ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད་པ་རེད། 

良好的生活习惯,规律的体检,及时规范的治疗,将大大提高食管癌的治愈率,我们将不再谈“癌”色变。

འཚོ་བའི་གོམས་གཤིས་བཟང་པོ་དང་།དུས་ཐོག་ཏུ་གཟུགས་པོར་བརྟག་དཔྱད་བྱེད་པ།དུས་ཐོག་ཏུ་ཚད་ལྡན་གྱི་སྨན་བཅོས་བཅས་བྱས་ཚེ་མིད་པའི་འབྲས་སྐྲན་བཅོས་ཚད་མཐོ་རུ་ཆེས་ཆེར་འགྲོ་གི་ཡོད་པས་ང་ཚོསསྐྲན་ནདགླེང་སྐབས་མདོག་འགྱུར་མི་སྲིད།