您的位置:首页> 党工群建设 > >

不忘初心 牢记健康使命——我院“送健康 送爱心”义诊活动圆满结束

发布时间:2022-05-16 09:15:26 来源:西藏康城肿瘤医院 阅读:0


为通过开展下基层为民办实事活动,推进新时代文明实践工作走深走实,2022年1月6日下午,蔡公堂街道新时代文明实践所邀请西藏康城肿瘤医院在易地扶贫搬迁点恩惠苑社区开展“送健康 送爱心”义诊活动,活动共出动志愿者5人、医务工作者10余人。

གཞི་རིམ་དུ་བསྐྱོད་ནས་དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་སྤེལ་བ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད།༢༠༢༢ལོའི་ཟླ་༡ཚེས་༦ཉིན་གྱི་ཕྱི་དྲོ།ཚལ་གུང་ཐང་ཁྲོམ་གཞུང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གདན་དྲངས་ནས་ཡུལ་གཞན་ནས་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཨེན་ཧུའེ་ཡོན་སྡེ་ཁུལ་དུབདེ་ཐང་བསྐྱལ་ནས་གཅེས་སེམས་མཚོན་པར་བྱེདཅེས་པའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཞིང།བྱེད་སྒོའི་ནང་དང་བླངས་པ་༥དང་སྨན་དོན་ལས་དོན་པ་༡༠ལྷག་ཙམ་ཡོད་པ་རེད། 

图片

图片

确保“送健康 送爱心”大型义诊活动扎实有效开展,西藏康城肿瘤医院院领导高度重视,明确任务,落实责任。企划部与新时代文明实践所志愿者进行沟通,制定了可操作性强、见实效的活动计划,并对活动中需要注意的问题进行了详细的安排。

བདེ་ཐང་བསྐྱལ་ནས་གཅེས་སེམས་མཚོན་པར་བྱེད་པའིའོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་འདི་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུར་འགན་ལེན་བྱས་ནས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་འགན་ཁ་གསལ་དང་འགན་འཁྲི་དོན་འཁྱོལ་བཅས་བྱས་པ་རེད། ཁེ་ལས་འཆར་འགོད་པུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་ཡི་དང་བླངས་པ་དང་འབྲེལ་གཏུག་བྱས་ནས་བཀོལ་སྤྱོད་རང་བཞིན་ཆེ་བ་དང་ཕན་འབྲས་དངོས་ཐོན་པའི་བྱེད་སྒོའི་འཆར་གཞི་བཟོས་པ་མ་ཟད།བྱེད་སྒོའི་ནང་དོ་སྣང་བྱེད་དགོས་པའི་གནད་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད། 

图片

图片

在义诊现场,新时代文明实践所志愿者为医务人员担任翻译协助进行分科(妇科、内科)诊疗,同时医务人员为在场的居民进行血压、血糖监测,做心肺听诊,仔细查看身体情况,耐心细致地解答群众疾病的问题,对检查中发现的问题提出治疗建议,指导居民们合理就医吃药,鼓励居民养成健康的生活方式,并叮嘱用药注意事项。让居民们感受贴心服务,现场气氛热烈,前来就诊的患者络绎不绝。

འོས་འགན་སྨན་བཅོས་བྱེད་སར། དུས་རབས་གསར་པའི་ཤེས་རིག་ལག་ལེན་ཁང་གི་དང་བླངས་པས་སྨན་བཅོས་མི་སྣར་སྐད་སྒྱུར་གྱི་རོགས་སྐྱོར་བྱས་ཏེ་ཚན་ཁག་དབྱེ་ནས་བུད་མེད་ཚན་ཁག་དང་ཁོག་ནད་ཚན་ཁག་སྨན་བཅོས་བྱས། དེ་དང་ཆབས་ཅིག་སྨན་དོན་མི་སྣས་དེ་གར་ཡོད་པའི་གྲོང་མིར་ཁྲག་ཤེད་དང་ཁྲག་མངར་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་སྙིང་དང་གློ་བར་བརྟག་དཔྱད་བྱས་ནས་གཟུགས་པོའི་གནས་ཚུལ་ལ་ཞིབ་ཕྲ་བལྟས་པ་དང་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་མང་ཚོགས་ཀྱི་ནད་གཞིའི་གནད་དོན་ལ་ལན་བརྒྱབ་པ་མ་ཟད།ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་སྨན་བཅོས་ཀྱི་གྲོས་འགོ་འདོན་པ།གྲོང་མིར་ལུགས་མཐུན་ངང་སྨན་བཅོས་བྱས་ནས་སྨན་ཟ་རྒྱུར་མཛུབ་ཁྲིད་བྱེད་པ།གྲོང་མིར་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་ལྕག་སྐུལ་བྱེད་པ་བཅས་བྱས་པ་མ་ཟད།སྨན་རྫས་ཀྱི་དོ་སྣང་བྱེད་དགོས་པའི་མངགས་བཅོལ་ཡང་བྱས་པ་རེད། གྲོང་མི་ཚོས་སྙིང་ཉེ་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་།ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པ།སྨན་པ་བསྟེན་པར་ཡོང་མཁན་ནད་པ་རྒྱུན་མི་ཆད་པ་བཅས་རེད། 

图片

图片

据了解,此次义诊活动将优质的医疗服务送到了基层群众身边,向社区居民免费发放价值7500余元的药物,义诊覆盖200余人次。健康义诊活动着眼基层群众的健康需求,是落实好“我为群众办实事”实践活动的有力举措和重要抓手,下一步,西藏康城肿瘤医院将继续创新举措、躬身践行,通过下层医疗资源,开展义诊、健康宣教等活动,让百姓在家门口享受同质化的健康服务,切实提升基层群众健康水平,推进新时代文明实践工作走深走实。

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་གཞི་རིམ་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་ནས་སྡེ་ཁུལ་གྱི་གྲོང་མིར་སྨན་རིན་མི་དགོས་པར་རིན་ཐང་སྒོར་༧༥༠༠ལྷག་ཙམ་རི་བའི་སྨན་སྤྲད་པ་དང་མི་ཐེངས་༢༠༠ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ཡོད་པ་རེད། བདེ་ཐང་འོས་འགན་སྨན་བཅོས་བྱེད་སྒོ་དེ་གཞི་རིམ་མང་ཚོགས་ཀྱི་བདེ་ཐང་དགོས་མཁོར་དམིགས་པ་ནི་"ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་"ལག་ལེན་བྱེད་སྒོ་དོན་འཁྱོལ་ཡག་པོ་བྱེད་པའི་བྱ་ཐབས་ནུས་ལྡན་དང་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན།གོམ་སྟབས་རྗེས་མར་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གིས་མུ་མཐུད་བྱ་ཐབས་གསར་གཏོད་དང་རང་ལུས་དངོས་སུ་ལག་ལེན་བསྟར་ནས་འོག་རིམ་གྱི་སྨན་བཅོས་ཐོན་ཁུངས་བརྒྱུད་འོས་འགན་སྨན་བཅོས་དང་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་།མི་དམངས་མང་ཚོགས་ལ་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ཚད་གཅིག་མཚུངས་ཅན་གྱི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

图片