ལེགས་སྐྱེས་འབུལ་བ་དང་།གཅེས་སེམས་ལྡན་པ།ཕན་ཚུན་རོགས་རེས།ཡར་ཐོན་བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་དང་བླངས་ཞབས་ཞུ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཐུན་མོང་ཐོག་གཏོད་དེ་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་སྡེ་ཁུལ་གྲོང་མིའི་བདེ་ཐང་འདུ་ཤེས་ཟབ་ཏུ་བཏང་ནས་གྲོང་མིའི་དགོས་མཁོ་དངོས་སྐོང་ཐུབ་པ་བྱེད་ཆེད། ཟླ་༡༢ཚེས་༢༤ཉིན་གྱི་སྔ་དྲོ།ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་ཐོག་ཏང་ཀྲི་པུའུ་དང་།སྨན་དོན་པུའུ།ནད་ཞབས་པུའུ་བཅས་ཀྱིས་ཐུན་མོང་ཐོག་སྐྲན་ནད་ཚན་ཁག་དང་།སྐྲན་ནད་ཕྱི་བཅོས་ཚན་ཁགསྐྲན་ནད་བུད་མེད་ཚན་ཁག་སོགས་རིག་ཚན་མང་པོའི་རྐང་འཛིན་པ་བཅུ་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དཔལ་སྡིངས་གྲོང་ཚོའི་གྲོང་མིར“རིགས་གཅིག་མཁས་ཅན་གྱིས་འོས་འགན་སྨན་བཅོས་བྱས་ནས་བདེ་ཐང་ཡོང་བ་དང་མང་ཚོགས་ལ་བརྩེ་སེམས་བཅངས་ནས་ཞབས་འདེགས་ཞུ་བའི”འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
在义诊活动现场,到场居民有序排队,医护人员免费为居民进行测量血压和血糖,耐心地为前来参与的居民答疑解忧。此次义诊还为居民提供专业咨询,针对肿瘤内科、肿瘤外科、肿瘤妇科等专业,西藏康城肿瘤医院的专业医护团队为居民们耐心地解答疑惑,倡导鼓励居民要树立积极乐观的生活态度,养成健康的生活习惯。
འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཡུལ་དུ་གྲོང་མི་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་སྨན་དོན་མི་སྣས་གྲོང་མིར་རིན་མེད་ངང་ཁྲག་ཤེད་དང་ཁྲག་མངར་ཚད་འཇལ་པ་བྱས་ཏེ་ངང་རྒྱུད་རིང་པོས་ཞུགས་ཡུལ་གྱི་གྲོང་མིར་དོགས་གཞིར་ལན་བརྒྱབ་པ་རེད། ད་ཐེངས་འོས་འགན་སྨན་བཅོས་བྱེད་སྐབས་ད་དུང་གྲོང་མིར་ཆེད་ལས་ཀྱི་བློ་འདྲི་མཁོ་འདོན་བྱས་ཤིང་།སྐྲན་ནད་ཚན་ཁག་དང་།སྐྲན་ནད་ཕྱི་བཅོས་ཚན་ཁགསྐྲན་ནད་བུད་མེད་ཚན་ཁག་སོགས་ཆེད་ལས་ལ་དམིགས་ནས་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཆེད་ལས་སྨན་དོན་རུ་ཁག་གིས་གྲོང་མི་ཚོར་ངང་རྒྱུད་རིང་པོས་དོགས་གནད་ལ་ལན་བརྒྱབ་ནས་གྲོང་མི་ཚོར་ཧུར་བརྩོན་དང་སྤྲོ་སྣང་ལྡན་པའི་འཚོ་བའི་རྣམ་འགྱུར་བཙུགས་ཏེ་བདེ་ཐང་གྱི་འཚོ་བའི་གོམས་གཤིས་འཇགས་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
此次义诊活动共服务了60多名患者,其中测量血压40人,问诊60人,现场发放药品100多盒,发放肿瘤预防宣传手册200余份。
ད་ཐེངས་འོས་འགན་སྨན་བཅོས་བྱེད་སྒོས་ཁྱོན་ནད་པ་༦༠ལྷག་ཙམ་ལ་ཞབས་འདེགས་ཞུས་ཤིང་།དེའི་ཁྲོད་ནས་མི་༤༠ཡི་ཁྲག་ཤེད་ལྟ་བ་དང་།མི་༦༠ལ་ནད་དཔྱད་བྱེད་པ།ས་གནས་ས་ཐོག་ཏུ་སྨན་སྒམ་༡༠༠ལྷག་ཙམ་སྤྲད་པ།སྐྲན་ནད་སྔོན་འགོག་དྲིལ་བསྒྲགས་ལག་དེབ་༢༠༠ལྷག་ཙམ་སྤྲད་པ་བཅས་བྱས་པ།
本次义诊活动的开展,提高了广大人民群众的健康意识,掌握了适用的健康生活常识和专科防病知识,培养了正确的就医理念;同时增强了人民群众的卫生保健意识,并对改善居民身体健康状况有积极的促进作用,真正做到了便民惠民,提升群众满意度。
ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་སྤྱོད་གོ་ཆོད་པའི་བདེ་ཐང་འཚོ་བའི་རྒྱུན་ཤེས་དང་ཆེད་ལས་ཚན་ཁག་གི་ནད་འགོག་ཤེས་བྱ་ཁོང་དུ་ཆུད་ནས་སྨན་བཅོས་ཀྱི་འདུ་ཤེས་ཡང་དག་ཅིག་སྐྱེད་སྲིང་ཐུབ་ཡོད། དེ་དང་ཆབས་ཅིག་མི་དམངས་མང་ཚོགས་ཀྱི་འཕྲོད་བསྟེན་དང་འཕྲོད་སྦྱོར་གྱི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད།ཡུལ་མིའི་གཟུགས་གཞི་བདེ་ཐང་གི་གནས་ཚུལ་ལེགས་སུ་གཏོང་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ནས་དམངས་ཕན་དམངས་བདེ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད།