您的位置:首页> 党工群建设 > >

西藏康城肿瘤医院开展“落实安全责任,推动安全发展”消防安全知识讲座及演练

发布时间:2022-05-16 09:16:51 来源:西藏康城肿瘤医院 阅读:0



图片


为提高我院医护人员对突发火灾事故的应变能力,增强消防安全意识,落实消防安全责任,进一步提高医护人员消防安全应急能力,确保在紧急事件和火灾来临时我院医护人员应急工作能快速高效地进行,最大限度地保障住院患者及群众的生命安全,在院领导对消防安全工作的高度重视下,由后勤部精心策划与准备,制定医院消防演练方案与演练内容,于1118日下午330,在西藏康城肿瘤医院三楼行政会议室开展“落实安全责任,推动安全发展”消防安全知识讲座,各科室职工代表及后勤保安参加了本次讲座。

       རང་རེའི་སྨན་ཁང་གི་སྨན་བཅོས་མི་སྣས་གློ་བུར་དུ་བྱུང་བའི་མེ་སྐྱོན་བྱུར་ཉེས་ལ་སྟབས་བསྟུན་བྱེད་ནུས་ཆེ་རུ་གཏོང་ཆེད་དང་། མེ་གསོད་མེ་འགོག་གི་བདེ་སྲུང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མེ་གསོད་མེ་འགོག་གི་བདེ་སྲུང་འགན་འཁྲི་དོན་འཁྱོལ། སྨན་དོན་མི་སྣའི་མེ་ཟོན་བདེ་འཇགས་ཀྱི་མཁོ་བསྡུན་ནུས་པ་སྔར་བས་ཆེ་རུ་བཏང་བ་། ཛ་དྲག་གི་དོན་རྐྱེན་དང་མེ་སྐྱོན་འབྱུང་སྐབས་རང་རེའི་སྨན་ཁང་གི་སྨན་དོན་མི་སྣའི་མཁོ་བསྡུན་ལས་དོན་མགྱོགས་མྱུར་དང་ལས་ཕྱོད་ཆེ་བའི་སྒོ་ནས་སྤེལ་ཐུབ་པར་འགན་ལེན་ཏན་ཏིག་དང་། སྨན་ཁང་ལ་སྡོད་པའི་ནད་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་གང་ཐུབ་བྱས་པ་། སྨན་ཁང་གི་འགོ་ཁྲིད་ཀྱིས་མེ་གསོད་མེ་འགོག་གི་བདེ་སྲུང་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་པའི་འོག་། རྒྱབ་ཕྱོགས་འགས་ལེན་པུས་ཀྱི་ཇུས་འགོད་དང་གྲ་སྒྲིག་ཞིབ་ཚགས་བྱས་ནས་སྨན་ཁང་གི་མེ་ཟོན་ནང་སྦྱོང་ཇུས་གཞི་དང་ནང་སྦྱོང་ནང་དོན་བཟོས་ཏེ་ཟླ་༡༡པའི་ཚེས་༡༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ལ་ཐོག་སོ་གསུམ་པའི་སྲིད་འཛིན་ཚོགས་ཁང་དུབདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ནས་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའིམེ་ཟོན་བདེ་འཇགས་ཤེས་བྱའི་འཆད་ཁྲིད་བྱས་པ་དང་ཚན་ཁག་ཁག་གི་ལས་བཟོའི་འཐུས་མི་དང་དེ་བཞིན་རྒྱབ་ཕྱོགས་འགས་ལེན་པུས་ཀྱི་བདེ་སྲུང་མི་སྣ་སོགས་ཐེངས་འདིའི་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།


图片


会上,特别邀请到政安防火知识宣传中心的李军发教官进行授课,他采用图文并茂的方式为大家进行了火灾影视警示教育、学习消防安全法、出现火灾隐患时的自救方法以及灭火器材的使用方法等生动的消防安全知识讲解。

        ཚོགས་འདུའི་ཐོག་ཆེད་མངགས་ཀྲེང་ཨན་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་ལྟེ་གནས་ཀྱི་ལི་ཅུན་ཧྥ་གདན་དྲངས་ནས་སློབ་ཁྲིད་བྱས་པ་དང་ཁོང་གིས་པར་རིས་དང་།ཡི་གེའི་ནང་དོན་།རི་མོ་བཅས་མཉམ་དུ་སྤྱད་དེ་ཚང་མར་མེ་སྐྱོན་དང་མེ་སྐྱོན་གློག་བརྙན་བརྙན་འཕྲིན་གྱི་ཉེན་བརྡའི་སློབ་གསོ་དང་།མེ་ཟོན་བདེ་འཇགས་ཀྱི་བཅའ་ཁྲིམས།མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཐོན་སྐབས་རང་སྐྱོབ་བྱེད་ཐབས།མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་སོགས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱའི་འགྲེལ་བཤད་བརྒྱབ་པ་རེད།


图片


随后,医院以医护人员自救互救及消防灭火演练为主,开展了火情报警及常见的消防灭火实战演练。

     དེ་རྗེས་སྨན་ཁང་གིས་སྨན་དོན་མི་སྣས་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་དང་དེ་བཞིན་མེ་ཟོན་མེ་གསོད་ནང་སྦྱོང་བྱ་རྒྱུ་གཙོ་བོར་བྱས་ཏེ་མེ་སྐྱོན་གྱི་གནས་ཚུལ་ཉེན་བརྡ་གཏོང་བ་དང་དེ་བཞིན་རྒྱུན་མཐོང་གི་མེ་ཟོན་མེ་གསོད་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ་རེད།




通过此次消防安全知识培训,让全院医护人员掌握了一定的消防安全和火灾来临时的逃生知识,还学会了怎样在火灾事故中更好的保护自己和病人,增强消防意识,为进一步做好我院安全工作打下了坚实的基础。

ད་ཐེངས་ཀྱི་མེ་ཟོན་བདེ་འཇགས་ཤེས་བྱའི་གསོ་སྦྱོང་བྱས་པ་བརྒྱུད།སྨན་ཁང་ཡོངས་ཀྱི་སྨན་དོན་མི་སྣས་མེ་ཟོན་བདེ་འཇགས་དང་མེ་སྐྱོན་གནས་སྐབས་ཀྱི་ཉེན་གཡོལ་ཤེས་བྱ་ངེས་ཅན་ཞིག་ཁོང་དུ་ཆུད་པ་མ་ཟད།ཇི་ལྟར་བྱས་ནས་མེ་སྐྱོན་ལས་འཛོལ་ཁྲོད་རང་ཉིད་ལ་སྲུང་སྐྱོབ་དང་ནད་པར་སྲུང་སྐྱོབ་སྔར་བས་ཡག་པོ་བྱས་ཏེ་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་ནས་ངེད་སྨན་ཁང་གི་བདེ་འཇགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།