您的位置:首页> 医院资讯 > >

西藏康城肿瘤医院组织开展乳腺疑难病远程学术交流会

发布时间:2021-11-20 15:17:59 来源:西藏康城肿瘤医院 阅读:0

西藏康城肿瘤医院组织开展乳腺疑难病远程学术交流会

བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གིས་ནུ་མའི་ནད་བཅོས་དཀའ་བའི་རྒྱང་ཁྲིད་རིག་གཞུང་སྤེལ་རེས་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད།


   每年10月,是世界乳腺防治宣传月,旨在让更多的人关注乳腺癌,为进一步推动乳腺癌诊疗水平提高,建立优质的乳腺癌诊疗团队,20211026日下午,在西藏康城肿瘤医院召开了乳腺疑难病远程学术交流会,此次会议由西藏康城肿瘤医院事业部贾子沣组织,特别邀请到四川省肿瘤医院乳腺外科的张浦蓉教授,西藏康城肿瘤医院肿瘤内科主任蔡晓丽主持会议,西藏康城肿瘤医院多杰太院长,肿瘤外科主任张家墉,肿瘤妇科主任邱勇华和各科同事参会,肿瘤内科主治医师王子俊汇报疑难病例,这不仅是西藏康城肿瘤医院各临床高度关注乳腺癌治疗模式和新知识的学习,更是医院同仁秉承初心、肩负致力于有温度的医疗使命为乳腺癌患者及其家庭带来更多希望而不懈努力!

ལོ་རེའི་ཟླ་༡༠པར། འཛམ་གླིང་གི་ནུ་མའི་འགོག་བཅོས་དྲིལ་བསྒྲགས་ཟླ་བ་ཡིན། དེའི་དམིགས་ཡུལ་ནི་མི་དེ་བས་མང་བ་ཞིག་གིས་ནུ་མའི་སྐྲན་ནད་ལ་དོ་སྣང་བྱེད་དུ་བཅུག་པ་དེ་ཡིན་།ནུ་མའི་སྐྲན་ནད་བཅོས་པའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་ཆེད་དང་། ནུ་མའི་སྐྲན་ནད་བཅོས་པའི་ཚོགས་པ་སྤུས་ལེགས་བཙུགས་ཆེད་། ༢༠༢༡ལོའི་ཟླ་༡༠ཚེས་༢༦ཉིན་གྱི་ཕྱི་དྲོ། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གིསནུ་མའི་ནད་བཅོས་དཀའ་བའི་རྒྱང་ཁྲིད་རིག་གཞུང་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ནི་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་ལས་དོན་ཚན་ཁག་གི་ཅ་ཙི་ཧྥེང་གིས་རྩ་འཛུགས་བྱས་ཤིང་། སི་ཁྲོན་ཞིང་ཆེན་གྱི་སྐྲན་ནད་སྨན་ཁང་གི་ནུ་མའི་ཕྱི་ནད་ཚན་ཁག་དགེ་རྒན་ཆེན་མོ་ཀྲང་ཕུའུ་རུང་དམིགས་བསལ་གདན་ཞུ་གནང་། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་སྐྲན་ནད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཚའེ་ཞའོ་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ཡོན་ཀྲང་རྡོ་རྗེ་ཐར་དང་། སྐྲན་ནད་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཀྲང་ཅ་ཡུང་། སྐྲན་ནད་བུད་མེད་ཚན་ཁག་གི་ཀྲུའུ་རེན་ཆིའུ་ཡུང་ཧྭ་དང་ཚན་ཁག་སོ་སོའི་ལས་གྲོགས་རྣམས་ཚོགས་འདུར་ཞུགས། སྐྲན་ནད་ཚན་ཁག་གི་སྨན་བཅོས་སྨན་པ་གཙོ་བོ་ཝང་ཙི་ཅུནགྱིས་བཅོས་དཀའ་བའི་ནད་ཞིག་སྙན་སེང་ཞུས་པ་། དེ་ནི་བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་ནད་ཐོག་སྨན་བཅོས་ཁག་གིས་ནུ་མའི་སྐྲན་ནད་སྨན་བཅོས་བྱེད་སྟངས་དང་ཤེས་བྱ་གསར་པར་ཚད་མཐོའི་དོ་ཁུར་བྱེད་པའི་སློབ་སྦྱོང་བྱེད་སྟངས་ཤིག་ཡིན་པ་མ་ཟད།དེ་བས་ཀྱང་སྨན་ཁང་གི་ལས་རོགས་ཚོས་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་དྲོད་ཚད་ལྡན་པའི་སྨན་བཅོས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ནུ་མའི་སྐྲན་ནད་ཕོག་མཁན་དང་དེའི་ཁྱིམ་ཚང་ལ་རེ་བ་དེ་བས་མང་བ་སྦྱིན་ནས་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད།

图片

开场致辞

འགོ་ཚུགས་སྨོན་ཚིག་།


图片

    会议伊始,多杰太院长首先感谢张浦蓉教授以及线上线下同道们参加此次交流会议,和四川省肿瘤医院建立紧密型医联体以来一起参加了很多四川省肿瘤医院线上会议以及讨论,但是今天的会议意义重大是深入专业上具体问题的学术报告和讨论,希望通过今天的会议,以学习新知识补短板为目标,将所学知识内化于心、外化于行,落实到实际的医疗工作中去。能够进一步加强交流、形成共识,预祝会议圆满成功。

གྲོས་ཚོགས་ཀྱི་འགོ་ཚུགས་མ་ཐག་ཏུ། ཡོན་ཀྲང་ཏོ་ཅེ་ཐར་གྱིས་དང་ཐོག་དགེ་རྒན་ཆེན་མོ་བ་ཀྲང་ཕུའུ་རུང་དང་དེ་བཞིན་དྲ་ཐོག་དང་དྲ་འོག་བཞུགས་ཡོད་པའི་ལམ་གཅིག་གི་མི་སྣ་རྣམས་ལ་ཐེངས་འདིའི་སྤེལ་རེས་ཚོགས་འདུར་ཞུགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། སི་ཁྲོན་ཞིང་ཆེན་གྱི་སྐྲན་ནད་སྨན་ཁང་དང་དམ་ཟབ་ཅན་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་པ་ནས་བཟུང་། མཉམ་དུ་སི་ཁྲོན་ཞིང་ཆེན་གྱི་སྐྲན་ནད་སྨན་ཁང་གི་དྲ་ཐོག་ཚོགས་འདུ་དང་གྲོས་བསྡུར་ལ་ཧ་ཅང་མང་པོ་ཞུགས་མོད།འོན་ཀྱང་དེ་རིང་གི་ཚོགས་འདུར་དོན་སྙིང་གལ་ཆེན་ལྡན་ཡོད།ཆེད་ལས་ཁྲོད་ཀྱི་ཞིབ་ཕྲའི་གནད་དོན་སྐོར་གྱི་རིག་གཞུང་སྙན་ཞུ་དང་གྲོས་བསྡུར་ཡིན་ལ་།དེ་རིང་གི་ཚོགས་འདུའི་ཐོག་ནས་ཤེས་བྱ་གསར་པ་དང་ཞན་ཆ་གསར་པ་སློབ་སྦྱོང་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ།སྦྱངས་པའི་ཤེས་བྱ་རྣམས་སེམས་ལ་ཟུག་པ་དང་ལག་ལེན་དུ་བསྟར་ནས་དངོས་ཡོད་ཀྱི་སྨན་བཅོས་ལས་དོན་ཁྲོད་དོན་འཁྱོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ནས་གྲོས་ཚོགས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཅེས་གསུངས་།

   会议由肿瘤内科蔡晓丽主任主持,首先由四川肿瘤医院乳腺外科的张浦蓉教授学术报告ESMO2021 HER2阳性晚期乳腺癌药物选择新次序按照ESMO2021最新科研成果,就目前我国乳腺癌患者的治疗、用药等方面详细的做了解释,西藏康城肿瘤医院王子俊医师提供了一份典型的乳腺癌肝转移的病例,结合ESMO2021的知识点,外科的张家墉主任,妇科的邱勇华主任与张蒲蓉教授从不同角度、各自领域进行了深入的探讨,通过此次交流,推动了乳腺癌患者治疗方案上的更多认识。

ཐེངས་འདིའི་གྲོས་ཚོགས་ནི་སྐྲན་ནད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཚའེ་ཞའོ་ལིས་གཙོ་སྐྱོང་གནང་བ་དང་། ཐོག་མར་སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་གི་ནུ་མའི་ཕྱི་བཅོས་ཚན་ཁག་དགེ་རྒན་ཆེན་མོ་ཀྲང་ཕུའུ་རུང་གིས་ESMO2021 HER2གདགས་གཤིས་དུས་མཇུག་གི་ནུ་སྐྲན་སྨན་གྱིས་གོ་རིམ་གསར་པ་གདམ་དགོས་ཞེས་པརིག་གཞུང་སྙན་ཞུ་བྱས་པ། ESMO2021ཚན་ཞིབ་གྲུབ་འབྲས་གསར་ཤོས་ལ་གཞིགས་ན་། མིག་སྔར་རང་རྒྱལ་གྱི་ནུ་མའི་སྐྲན་ནད་སྨན་བཅོས་དང་སྨན་སྤྱོད་སྟངས་སོགས་ཀྱི་ཐད་ལ་འགྲེལ་བཤད་ཞིབ་ཕྲ་བྱས་ཡོད། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་གི་སྨན་གཅོས་སྨན་པ་གཙོ་བོ་ཝང་ཙི་ཅུན་གྱི་དཔེ་མཚོན་གྱི་ནུ་མའི་སྐྲན་ནད་གྱི་མཆིན་པ་སྤོ་བསྒྱུར་ནད་དཔེ་ཞིག་མཁོ་འདོན་བྱས་ཡོད། ESMO2021གི་ཤེས་བྱདང་ཟུང་འབྲེལ་བྱས་ནས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཀྲང་ཅ་ཡུང་དང་བུད་མེད་ཚན་ཁག་གི་ཀྲུའུ་རེན་ཆིའུ་ཡུང་ཧྭ་དེ་བཞིན་དགེ་རྒན་ཆེ་མོ་བ་ཀྲང་ཕུའུ་རུང་རྣམས་གིས་རིག་ཚན་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ཐོག་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་དང་ད་རེས་ཀྱི་སྤེལ་རེས་བྱས་པ་བརྒྱུད་ནུ་མའི་སྐྲན་ནད་སྨན་བཅོས་འཆར་གཞིའི་འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་མ་ཐེབས་ཡོད་པ་རེད། 

图片
图片
图片
图片
图片
图片

热烈讨论


图片

最后,多杰太院长总结,在癌症的治疗过程中,每一个环节都尤为重要,包括病理、影像等。随着新药研发和临床验证,诊疗模式不断丰富、治疗手段不断增加,乳腺癌全程管理需要在不同阶段给予不同策略,术前、术后、复发转移分别秉持不折腾、不懈怠、不放弃的原则,将全程管理做得更好。期待类似的学术讨论在线上多开展、多交流、多合作,一切为了患者

མཇུག་མཐར།ཡོན་ཀྲང་རྡོ་རྗེ་ཐར་གྱིས་ཕྱོགས་སྡོམ་གནང་བ་། སྐྲན་ནད་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། གནས་འགག་རེ་རེ་ཚང་མ་གལ་ཆེན་ཞིག་རེད་།འདིའི་ནང་དུ་ནད་རྟགས་དང་བརྙན་པར་སོགས་ཚུད་ཡོད།སྨན་གསར་པ་ཞིབ་འཇུག་གསར་སྤེལ་དང་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟས་ར་སྤྲོད་བྱེད་པ་དང་ཆབས་ཅིག་ནད་བརྟག་སྨན་བཅོས་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་སྨན་བཅོས་བྱེད་ཐབས་རྒྱུན་ཆད་མེད་པར་མང་དུ་འགྲོ་གི་ཡོད།ནུ་མའི་སྐྲན་ནད་གྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པར་དུས་མཚམས་མི་འདྲ་བར་ཐབས་ཇུས་མི་འདྲ་བ་སྤྱོད་དགོས་པ་དང་།གཤགས་བཅོས་མ་བྱས་གོང་དང་།གཤགས་བཅོས་བྱས་རྗེས་།བསྐྱར་ལོག་གཞན་སྒྱུར་བཅས་ཀྱིས“སྡུག་པོ་མི་གཏོང་བ་དང་།ལྷོད་གཡེང་མི་གཏོང་བ།བློས་་མི་གཏོང་བ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ཧྲིལ་པོར་དོ་དམ་དེ་བས་ལེགས་པ་བྱ་དགོས་། དེ་དང་འདྲ་བའི་རིག་གཞུང་གྲོས་བསྡུར་དྲ་ཐོག་ཏུ་མང་ཙམ་སྤེལ་བ་དང་།སྤེལ་རེས་མང་ཙམ་བྱེད་པ།མཉམ་ལས་མང་ཙམ་བྱེད་པ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད་།ཡོད་ཚད་ནད་པའི་ཆེད་དུ་ཡིན་ཅེས་གསུངས་།།